ཧང་ཀྲོའུ་ཡི་ཡུལ་སྐོར་རོགས་སྐྱོར་ཆེད་གཏོང་རླངས་འཁོར་ཐོག་མ་རང་ཁུལ་དུ་འབྱོར།

        2021-12-13

ཉེ་ཆར། 2021ལོའི“མཛེས་སྡུག་ལྡན་པའི་གྲོང་སྟོད་གསར་པ། སི་ཁྲོན་དང་ཧང་ཀྲོའུ་བར་གྱི་བརྩེ་སེམས”ཞེས་པའི་ཡུལ་སྐོར་རོགས་སྐྱོར་ཆེད་གཏོང་རླངས་འཁོར་ཐོག་མ་དངོས་སུ་གཏོང་མགོ་ཚུགས་པ་རེད། ཡུལ་སྐོར་བ300ལྷག་ཙམ་ཉིན་དགུའི་རིང་ལ་སྤྱི་ལེ2000བརྒལ་ཏེ་ཧང་ཀྲོའུ་མི་དམངས་ཀྱི་དགའ་སྤྲོ་དང་ཡིད་སྨོན་བཅངས་ནས་རོགས་སྐྱོར་བྱ་ཡུལ་དཀར་མཛེས་ཁུལ་དང་ཀོང་ཡོན་གྲོང་ཁྱེར་དུ་བསྐྱོད་པ་རེད།

འདི་ལོའི་སྤྱི་ཟླ4པར་ཧང་ཀྲོའུ་ཡིས་རེས་སྐོར་གསར་པའི་ཤར་ནུབ་རོགས་ལས་ཀྱི་ཆ་སྒྲིག་ཇུས་གཞི་གཏན་འཁེལ་བྱས་ནས་གྲོང་སྟོད་ཆུས་ཀྱིས་རང་ཁུལ་ཉག་ཆུ་རྫོང་དང་ཀོང་ཡོན་གྲོང་ཁྱེར་ཅན་ཀོ་རྫོང་གཉིས་དང་ཆ་སྒྲིག་བྱས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཤར་ནུབ་རོགས་ལས་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཅིང་། ཞིང་ཆེན་དང་གྲོང་ཁྱེར་གྱིས་གྲོང་སྟོད་ཆུས་ལ་སྤྲད་པའི་ཤར་ནུབ་རོགས་ལས་ཀྱི་ལས་འགན་ལེགས་སྒྲུབ་བྱས་ཏེ། རང་ཁུལ་གྱི་ཉག་ཆུ་རྫོང་དང་ཀོང་ཡོན་གྲོང་ཁྱེར་ཅན་ཀོ་རྫོང་གི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏང་རྒྱུར་རོགས་རམ་བྱེད་པ་དང་། ཆུས་རིག་གནས་རྒྱང་བསྒྲགས་ཡུལ་སྐོར་ཅུས་ཀྱིས2021ལོའི་ཧང་ཀྲོའུ་ཡི་ཡུལ་སྐོར་ཁ་གཏད་རོགས་སྐྱོར་གྱི་ཆེད་གཏོང་རླངས་འཁོར་ཐོག་མ་སྟེ“མཛེས་སྡུག་ལྡན་པའི་གྲོང་སྟོད་གསར་པ། སི་ཁྲོན་དང་ཧང་ཀྲོའུ་བར་གྱི་བརྩེ་སེམས”ཞེས་པའི་ཡུལ་སྐོར་ཆེད་གཏོང་རླངས་འཁོར་ཆེད་དུ་མངགས་ནས་སི་ཁྲོན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་སི་ཁྲོན་གྱི་ཡུལ་སྡེ་དར་རྒྱས་གཏང་རྒྱུར་སྐུལ་ཁྲིད་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2021“མཛེས་སྡུག་ལྡན་པའི་གྲོང་སྟོད་གསར་པ། ཧང་ཀྲོའུ་དང་སི་ཁྲོན་བར་གྱི་བརྩེ་སེམས་”ཞེས་པའི་ཡུལ་སྐོར་རོགས་སྐྱོར་ཆེད་གཏོང་རླངས་འཁོར་ཐོག་མ་དེ་ཟླ་བ10པའི་ཟླ་སྨད་དུ་ཧང་ཀྲོའུ་ནས་ཐོན་ཏེ་ཅང་ཞི་དང་། ཧུའུ་ནན། ཁྲུང་ཆིང་། སི་ཁྲོན་སོགས་བརྒྱུད་ནས་ཁ་གཏད་རོགས་སྐྱོར་ས་ཁུལ་དཀར་མཛེས་ཁུལ་དང་ཀོང་ཡོན་གྲོང་ཁྱེར་དུ་བསྐྱོད་ནས་ཡུལ་སྐོར་བ300ལྷག་བསྐྱལ་ཏེ་རིག་གནས་ཡུལ་སྐོར་གྱི་ཆེད་དོན་རོགས་སྐྱོར་བྱེད་སྒོ་སྤེལ་བ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་རྫོང་དང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་བཞུགས་མོལ་ཚོགས་འདུའི་ཐོག་འདི་ལྟར་གསུངས།
  • ལེ་ཚན་རྗེས་མ།:གསར་འགྱུར་གནད་བསྡུས།
  • དོ་སྣང་ཆེ་བའི་རྩོམ།