ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས།

ཐུབ་ཀྱིས་བསྒྱུར།        2021-12-15

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། རང་ཁུལ་གྱི་ལག་ལེན་དོན་འཁྱོལ་བསམ་འཆར་ཞིབ་འཇུག་བྱས།


སྤྱི་ཟླ12ཚེས8ཉིན་ལ་ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་ནས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་དང་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་བརྒྱུད་བསྒྲགས་དང་།སློབ་སྦྱོང་།ལག་བསྟར་བཅས་བྱས་ནས་འབྲེལ་ཡོད་ལས་དོན་སྙན་ཞུར་གསན་པ་དང་འབྲེལ་ཡོད་གཙོ་གནད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་།

གྲོས་ཚོགས་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་དེ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་ལ་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་ལ་གཅིག་གྱུར་གྱིས་འཆར་འགོད་དང་སྟངས་འཛིན་བྱེད་པའི་མཐོ་ཚད་དུ་ལངས་ནས། གྲུབ་འབྲས་དང་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་དང་། མདུན་དུ་འཕྲད་པའི་གནས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ།དུས་རབས་གསར་པའི་ཆོས་ལུགས་ལས་དོན་གྱི་བསམ་བློ་གསར་པ་དང་།འདུ་ཤེས་གསར་པ།འཐབ་ཇུས་གསར་པ་བཅས་རྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བཅས་བྱས་ཏེ་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་།དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་ལེགས་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རིམ་ཁག་དང་སྡེ་ཚན་ཁག་གིས་ཆོས་ལུགས་ལས་དོན་གྱི་བསམ་བློ་གསར་པ་དང་འདུ་ཤེས་གསར་པ་ཁོང་དུ་ཡང་དག་ཆུད་པ་བྱེད་ཅིང་།“གཏན་འཁེལ་གཉིས”ལག་བསྟར་དང“སྲུང་སྐྱོང་གཉིས”བྱེད་ཐུབ་པའི་མཐོ་ཚད་ཐོག་ནས“དགོས་ངེས་དགུའི”བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ་དཀར་མཛེས་ཁུལ་གྱི་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། ཆོས་ལུགས་ལས་དོན་གྱི་དོན་སྙིང་ཁོང་དུ་ཡང་དག་ཆུད་པ་དང་། ཆོས་ལུགས་ལས་དོན་གྱི་ངོ་བོ་ནི་མང་ཚོགས་ཀྱི་ལས་དོན་ཡིན་པ་ངོས་འཛིན་གཏིང་ཟབ་བྱེད་པ།

ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་དང་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་ཅིང་། དངོས་པོ་འབྱོར་ཕྱུག་དང་བསམ་པའི་འབྱོར་ཕྱུག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ་ཁྲིད་སྟོན་ཧུར་ཐག་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྒོ་ཀུན་ནས་བསྐྲུན་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས། ཆོས་ལུགས་ལས་དོན་གྱི་སྤྱིའི་བླང་བྱ་ཁོང་དུ་ཡང་དག་ཆུད་པ་དང་།ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་རྐང་དུ་འཛིན་པ་མཐའ་འཁྱོངས།རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་སྤེལ་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་བསམ་བློའི་ཐུན་མོང་ངོས་འཛིན་རྒྱ་ཁྱབ་ངང་གཅིག་སྡུད་བཅས་བྱ་དགོས། ཆོས་ལུགས་ལས་དོན་གྱི་གཙོ་གནད་ལས་འགན་ཁོང་དུ་ཡང་དག་ཆུད་པ་དང་།དར་ཆ་གསལ་སྟོན་གྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པ་དང་། ཁུལ་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་། གཙོ་གནད་དགོན་སྡེ་བཅོས་སྒྲིག་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།དགོན་སྡེ་གཅིག་ལ་ཐབས་ཇུས་གཅིགགི་བཅོས་སྐྱོང་། ཆོས་ལུགས་གི་ཟང་ཟིང་སྣང་ཚུལ་བཅོས་སྒྲིག། དེ་བཞིན་དྲྭ་གྲགས་ཆེན་པོར་ཁྲིད་སྟོན་བྱེད་པ་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ཆོས་ལུགས་ལས་རིགས་ཀྱི་རང་ངོས་སློབ་གསོ་དང་།རང་ངོས་དོ་དམ།རང་ཉིད་རང་གཅུན་བཅས་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས། ཆོས་ལུགས་ལས་དོན་གྱི་རང་ཚུགས་དབང་ཆ་དམ་པོར་འཛིན་དགོས། ཏང་ཨུ་རིམ་པ་ཁག་གིས་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་དང་གཞོགས་འདེགས། ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། མར་ཁེ་སིའི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་བྱང་ཆུབ་པ་དང་།ཆོས་ལུགས་ཀྱི་ལས་དོན་ལ་རྒྱུས་མངའ་ཡོད་པ། ཆོས་དད་མང་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་ཡིན་པའི་ཏང་སྲིད་ལས་བྱེད་པའི་དཔུང་སྡེ་ཞིག་གསོ་སྐྱོང་བྱ་དགོས། ཆབ་སྲིད་ཐོག་བློས་འཁེལ་ཐུབ་པ་དང་།ཆོས་ལུགས་ཐོག་ཡོན་ཚད་ཡོད་པ།ཀུན་སྤྱོད་ཐོག་ཚང་མས་ཁས་ལེན་ཐུབ་པ།འགག་རྩའི་སྐབས་སུ་ནུས་པ་ཐོན་ཐུབ་པ་བཅས་ཀྱི་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔུང་སྡེ་ཞིག་གསོ་སྐྱོང་བྱ་དགོས། བསམ་བློ་དང་ཆབ་སྲིད་ཐོག་བློ་རྩ་བརྟན་ཞིང་། མར་ཁེ་སིའི་རིང་ལུགས་ཀྱི་ཆོས་ལུགས་ལྟ་བ་མཐའ་འཁྱོངས། སློབ་སྲོལ་བཟང་བ། གསར་གཏོད་བྱེད་མཁས་པ་བཅས་ཀྱི་ཆོས་ལུགས་ཀྱི་ཞིབ་འཇུག་དཔུང་ཁག་ཅིག་གསོ་སྐྱོང་བྱས་ནས་ཏང་ཨུས་མགོ་ཁྲིད་དང་།སྲིད་གཞུང་གིས་དོ་དམ།སྤྱི་ཚོགས་ཀྱིས་མཉམ་རོགས།ཆོས་ལུགས་ཀྱིས་རང་གཅུན་བཅས་བྱེད་པའི་ཆོས་ལུགས་ལས་དོན་བཅོས་སྐྱོང་གི་གནས་བབ་ཅིག་ཆགས་པ་བྱ་དགོས།

ཚོགས་འདུའི་ཐོག་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ནི་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་སུ་ལོ་བརྒྱ་གཉིས་དམིགས་འབེན་གྱི་ལོ་རྒྱུས་འབྲེལ་མཚམས་སུ་ལངས་ནས་སི་ཁྲོན་བཅོས་སྐྱོང་དར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་བའི་གནད་འགག་གི་དུས་སུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་རེད། རིམ་པ་ཁག་དང་སྡེ་ཁག་ཁག་གིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས།དོན་འཁྱོལ་བཅས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཤིང་། སློབ་སྦྱོང་དང་གསོ་སྦྱོང་། དྲིལ་བསྒྲགས་དང་སྒྲོག་འགྲེལ་བཅས་དམ་འཛིན་ཏན་ཏིག་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་ཐོག་གཅིག་གྱུར་ཏན་ཏིག་བྱེད་ཅིང་། རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་རང་རྟོགས་ངངགཏན་འཁེལ་གཉིསལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་མཁན་དང་སྲུང་སྐྱོང་གཉིསབློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བྱེད་མཁན་བྱ་རྒྱུའི་ཁྲིད་སྟོན་བྱས་ཏེ། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་བློ་རིག་གི་སྟོབས་ཤུགས་བསྡུ་ལེན་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་ཡང་དག་བཙལ་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་ཆེན་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་དཀར་མཛེས་ཁུལ་དུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་དགོས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་བྱ་རྒྱུས་གཙོ་གནད་དུ་བཟུང་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱེད་པ་དང་། ཏང་གི་ལོ་རྒྱུས་འཕེལ་རྒྱས་ཀྱི་བརྗོད་བྱ་གཙོ་བོ་དང་གཙོ་རྐང་དང་གཙོ་རྒྱུན་གྱི་ངོ་བོར་སྔར་བས་གོ་བ་བླངས་ཤིང་། ལོ་རྒྱུས་སྦྱངས་ན་གནས་ལུགས་ཤེས་པ་དང་། ལོ་རྒྱུས་སྦྱངས་ན་གདེང་ཚོད་འཕེལ་བ། ལོ་རྒྱུས་སྦྱངས་ན་སྤྱོད་བཟང་བཀུར་བ། ལོ་རྒྱུས་སྦྱངས་ན་ཧུར་བརྩོན་སྐྱེད་པ་བཅས་ཀྱི་ཐད་གོང་འཕེལ་གསར་པ་ཡོང་བ་དང་། ཏང་གི་ལོ་རྒྱུས་སྦྱོང་བ་དང་། བསམ་བློའི་སྙིང་བཅུད་ལེན་པ། དོན་དངོས་ནན་ཏིག་སྒྲུབ་པ། རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ཐད་ལག་ལེན་གསར་པ་ཧུར་ཐག་བྱས་ཏེ་དེ་བས་དཔའ་ངར་ཆེར་བསྐྱེད་ཀྱིས་རྒྱང་སྐྱོད་གསར་པའི་ལམ་བུར་སྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་གཞག་དགོས། ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་གྱི་འཐབ་ཇུས་སྤྱི་ཡོངས་ལ་ཞབས་འདེགས་གང་ཐུབ་ཞུ་དགོས། རང་རྟོགས་ཀྱིས་དཀར་མཛེས་ཁུལ་གྱི་ལས་དོན་དེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ནང་བཞག་ནས་བསམ་གཞིག་བྱ་དགོས་ཤིང་། གོ་སྐབས་འཕྲོག་ལེན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་རུ་གཏང་དགོས་ལ་ལེགས་ཆར་གཞི་ཚུགས་ཏེ་རྒྱལ་ཁབ་དང་ཞིང་ཆེན་ཡོངས་ཀྱི་འབྱུང་འཕྲོད་ཐཱན་ཉུང་ཐོན་ལས་འཕེལ་རྒྱས་ཀྱི་བཀོད་སྒྲིག་ལ་ཞབས་འདེགས་ཞུ་དགོས། ཆུ་རླུང་འོད་གསུམ་གྱི་ནུས་མང་གསབ་རེས་གཞི་གཅིག་ཅན་དང་ལི་གློག་རྒྱུ་ཆའི་ཐོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུའི་རྟེན་གཞི་གལ་ཆེན་བསྐྲུན་དགོས།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏང་རྒྱུ་དང་ཡུལ་སྡེ་དར་རྒྱས་གཏོང་བ་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་གྱི་སྙན་ཞུར་ཉན་འཇོག་བྱས་པ་རེད། ཚོགས་འདུའི་ཐོག་རིམ་ཁག་དང་སྡེ་ཚན་ཁག་གིས་ལས་དོན་དེ་དོན་ཆེན་ཨང་དང་པོར་བརྩི་དགོས་པ་ནན་པོར་བསྟན་པ་སྟེ། གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་དང་། དན་གྲངས་ཆེན་མོའི་ལག་རྩལ་དང་ནམ་རྒྱུན་འཚམས་འདྲི་སོགས་ཀྱི་བྱེད་ཐབས་གང་ལེགས་སྤྱད་དེ། འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡའི་གནད་སྨིན་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་ཧུར་ཐག་བཏང་སྟེ་དུས་བཀག་ཐོག་ཞིབ་དཔྱད་བསྡུར་བཤེར་དང་།དུས་ཐོག་ཏུ་ཤེས་རྟོགས།དུས་ཐོག་ཏུ་རོགས་སྐྱོར།འགུལ་རྣམ་ཐོག་ནས་གཙང་བཤེར་བཅས་ཐུབ་པ་བྱ་དགོས། གནད་དོན་གྱིས་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞིང་ཆེན་རིམ་པའི་ཟུར་བཤེར་ལྡོག་འདྲེན་གྱི་གནད་དོན་དང་ཁུལ་ནང་ཁུལ་གྱིཕྱིར་མིག་ལྟ་བའིགྲལ་བཤེར་གནད་དོན་ལ་དམིགས་ཏེ་དག་ཐེར་ཇུས་གཞི་ཞིབ་ཕྲ་བཟོས་ནས་ཚད་ལྡན་རེའུ་མིག་བཟོ་བ་དང་།འགན་འཁྲི་ནན་དུ་གཏོང་བ།ལྟ་སྐུལ་ཞིབ་བཤེར་ལ་ཤུགས་རྒྱག་པ་བཅས་བྱས་ཏེ་ནད་བསྟུན་སྨན་སྤྲོད་དང་དོན་ཚན་རེ་རེ་བཞིན་དོན་འཁྱོལ་བྱས་ནས་དངོས་འབྲེལ་བཅོས་སྒྲིག་དང་ཁྱོན་ཡོངས་ནས་བཅོས་སྒྲིག་ཐུབ་པ་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་གྱི་དཔྱད་དཔོག་ལ་བསུ་བ་ཧུར་ཐག་ཞུ་དགོས། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་ཞིང་། ཡུལ་སྡེའི་བསྒྱུར་བཅོས་ཁག་གཉིས་ཀྱི་རྗེས་སྐྱོང་ལས་ལས་དོན་དང་། སྡེ་ཁུལ་འཆར་འགོད་སྒྲིག་བཟོ། ཐོན་ལས་འཆར་འགོད་བཀོད་སྒྲིག་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་ཆེ་རུ་བཏང་སྟེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས།

ཚོགས་འདུའི་ཐོག་ད་དུང་ཁུལ་ཡོངས་ཀྱི2021ལོའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་གནས་ཚུལ་སྙན་ཞུར་ཉན་འཇོག་བྱས་ཤིང་། དཀར་མཛེས་ཁུལ་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དང་སྲིད་གྲོས་དཀར་མཛེས་ཁུལ་གྱིཨུ་ཡོན་ལྷན་ཁང་་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་སྐོང་འཚོགས་བྱ་རྒྱུའི་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་བྱས། 2022ལོའི་དཀར་མཛེས་ཁུལ་གྱི་ཞིང་ཆེན་རིམ་པའི་གཙོ་གནད་ལས་གཞི་དངལོ་ལྔའི་འཆར་འགོད་བཅུ་བཞི་པའིདེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་འཆར་འགོད་ལ་གྲོས་ཞིབ་བྱས་ཡོད། ལོ་མཇུག་དང་ལོ་མགོའི་བརྟན་ལྷིང་སྲུང་སྐྱོང་དང་། དཔལ་འབྱོར་འཕེལ་རྒྱས། རིམས་ནད་འགོག་ཟོན། བདེ་འཇགས་ཐོན་སྐྱེད། ནགས་ཚལ་རྩྭ་ཐང་གི་མེ་ཟོན་མེ་གསོད་སོགས་ཀྱི་ལས་དོན་ལ་སྤྱི་འདོམས་ཀྱིས་དམ་འཛིན་ཡག་པོ་བྱ་རྒྱུའི་ཐད་ལ་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་ཡོད།

  • ལེ་ཚན་སྔོན་མ།:ཚང་འཛོམས་གྲོས་ཚོགས་གཉིས་ཀྱི་སྙིང་དོན་སྒྲོག་འགྲེལ་ཚོགས་འདུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།