རྟོག་འགྱུའི་མཁའ་དབྱིངས།

ཞལ་དཀར།    རྩོམ་སྒྲིག་པ། མགར་རྒྱལ་སྲས།    2021-12-15

འབྲོག་སྦྲ་ནག་གཡང་གི་ཁྱིམ་རྟེན་ལ།།

ལྷ་པད་དཀར་འཛིན་པའི་བྱིན་རླབས་འཁྱིལ།།

ཆོས་འབྲུ་དྲུག་ངག་ལ་གྱེར་བ་ཡི།།

གཡང་ལྷས་རའི་འབྲོག་མོ་མགྲིན་བཟང་མ།།

དབྱར་དྲུག་པའི་མཛེས་སྡུག་མངོན་འདྲ་བའི།།

ཁྲེལ་གཤིས་བཟང་འཛོམས་པའི་མཛངས་མ་ཁྱོད།།

ཙག་སེར་བའི་བར་ཆད་བྱུང་ན་ཡང་།།

ཁྱོའི་གདོང་གི་འཛུམ་མདངས་ཡལ་མེད་རེད།།

བྱ་ཁུ་ལོ་གསུང་སྐད་སྙན་མོ་མ།།

དཔྱིད་མགོ་མའི་དགའ་སྤྲོའི་ཕོ་ཉ་ཡིན།།

ཟླ་གསུམ་པའི་དྲི་ཟའི་མགྲིན་གླུ་འདི།།

ཡིད་གསོ་བའི་ཆོས་ཀྱི་སྒྲ་དབྱངས་ཡིན།།

ནགས་རྒྱལ་རྫོང་གཡུ་ཡི་མཎྜལ་དུ།།

ཤིང་ན་ཚོགས་འཛོམས་པ་ཉམས་དགའ་ཡང་།།

དྲི་ཞིམ་པའི་མ་ལ་ཡར་སྐྱེས་འདྲའི།།

ཤིང་འདི་འདྲ་མེད་ན་འགྲོ་འདོད་བྲལ།།

གྲོགས་ན་ཟླ་དབྱར་གྱི་འཇའ་ཚོན་འདྲ།།

འབྲུག་ལྗང་ལོའི་ངར་སྐད་གྲག་རྗེས་སུ།།

ཆར་ཟིལ་མའི་དངོས་གྲུབ་གནང་ཤུལ་ནས།།

ཁྱོད་ནམ་མཁའི་དབྱིངས་སུ་ཤར་ཙམ་རེད།།

ཚེ་ཉི་མ་ལ་ཁའི་དར་དང་མཚུངས།།

རླུང་དྲག་པོས་གར་བསྐྱོད་རང་དབང་རེད།།

འདང་འདུན་པ་དབྱར་གྱི་མཚོ་མོ་འདྲ།།

ཉ་གསེར་མིག་འཁྱུག་རྩལ་ངོམ་ན་མཛེས།།


  • ལེ་ཚན་སྔོན་མ།:ཆང་ས་རྒྱག་སྟངས་ཤིག།
  • ལེ་ཚན་རྗེས་མ།:ང་ཡི་པད་རྫིང་ཁའི་ཟླ་བ།