ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་བྱེད་པའི་སྒྲོག་འགྲེལ་སྙན་ཞུ་ཚོགས་འདུ་

        2021-12-15

ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། སྤྱི་ཟླ12ཚེས་10ཉིན་ལ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་དར་མདོར་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཡན་ལག་ཚོགས་པ་བཅུ་གཅིག་པའི་ཚོགས་དཔོན། སི་ཁྲོན་དགེ་འོས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དགེ་རྒན་ཆེ་མོ་བ་ཝང་ཁྲོན་གྱིས་སྒྲོག་འགྲེལ་སྙན་ཞུ་གནང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བྱང་ཆུབ་སྙན་ཞུའི་ཚོགས་འདུར་ཞུགས།

སྙན་ཞུའི་ཚོགས་འདུའི་ཐོག་ཝང་ཁྲོན་གྱིས་ལོ་རྒྱུས་མེ་ལོང་དུ་བྱས་ནས་མ་འོངས་པ་གསར་དུ་གཏོད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞེས་པ་ཁ་བྱང་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང《ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད》ལ་དམ་པོར་དམིགས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དོན་སྙིང་གལ་ཆེན་དང་། བརྗོད་དོན་གཙོ་བོ། གྲུབ་འབྲས་གཙོ་བོ་བཅས་གསལ་འགྲེལ་གཏིང་ཟབ་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ལྷག་རིང་འབད་འཐབ་བྱས་པའི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་གི་དོན་སྙིང་གལ་ཆེན་རྒྱུད་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས་ཤིང་། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་དུས་སྐབས་གསར་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པ་བཅས་ལོ་རྒྱུས་ཀྱི་དུས་སྐབས4ལ་དམིགས་ཏེ་ཏང་གི་ལོ་ངོ་བརྒྱ་ཕྲག་རིང་གི་འབད་འཐབ་ལོ་རྒྱུས་ལ་ཁྱོན་ཡོངས་ནས་ཕྱིར་མིག་བལྟས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འབད་འཐབ་བྱེད་པའི་ཐོག་མའི་བསམ་འདུན་གྱི་ལས་འགན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་ཡོད་ཅིང་།“གཏན་འཁེལ་གཉིས”དེ“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་རང་རྟོགས་ལ་བསྒྱུར་རྒྱུར་ཤུགས་བརྒྱབ་སྟེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ནས་རྒྱུགས་སྤྲོད་པའི་ལམ་བུ་གསར་པའི་ཐོག་བསྐྱོད་དགོས་པའི་ནན་བཤད་གནང་། ཀྲུང་གོ་གུང་ཁྲན་ཏང་གིས་ལོ་བརྒྱའི་འབད་འཐབ་བྱས་པའི་ལོ་རྒྱུས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་ཉམས་མྱོང་བརྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་ཡོད།“མཐའ་འཁྱོངས་བཅུ”ནི་ཏང་དང་མི་དམངས་ཀྱིས་ཐུན་མོང་ཐོག་བཏོད་པའི་རྒྱུ་ནོར་ཞིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་པ་དང་འབྲེལ་དུས་རབས་གསར་པའི་ལག་ལེན་ཁྲོད་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་གཏང་དགོས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་འཐབ་ཇུས་ཀྱི་བསམ་གཞིག་དང་བྱེད་ཐབས་གལ་ཆེན་ལག་བསྟར་བྱས་ཚུལ་རྒྱུད་རིམ་ལྡན་པའི་ངང་འགྲེལ་བཤད་བརྒྱབ་པ་དང་། དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་བསླེབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་དགོས་ཞེས་བསྟན་པ་རེད།

ཧྲེན་དབྱང་གིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བསྟན་དོན། རིམ་ཁག་དང་སྡེ་ཚན་ཁག་གིས་ད་ཐེངས་ཀྱི་སྒྲོག་འགྲེལ་གོ་སྐབས་སུ་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་དང་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་སློབ་སྦྱོང་གསོ་སྦྱོང་དང་།དྲིལ་བསྒྲགས་དང་སྒྲོག་འགྲེལ། ལག་བསྟར་དོན་འཁྱོལ་བཅས་ལ་དམ་འཛིན་ཡག་པོ་བྱ་དགོས་ཞེས་གསུངས་པ་རེད། “གཏན་འཁེལ་གཉིས”ལ་སྔར་བས་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་།“སྲུང་སྐྱོང་གཉིས”ལག་ལེན་མཐའ་གཅིག་ཏུ་བསྟར་ཞིང་། ཆབ་སྲིད་ལ་བློ་དཀར་སེམས་དཀར་དང་ཆབ་སྲིད་ཀྱི་གཤིས་རྒྱུད་ཞུན་བརྡར་བྱེད་པ། རྩ་དོན་གྱི་གནད་དོན་དང་ཡིན་མིན་ཆེན་པོའི་ཐད་རིག་པ་དྭངས་གསལ་ཡོང་བ་བཅས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱ་དགོས། མི་དམངས་བླ་ན་མེད་པའི་འདུ་ཤེས་སྔར་བས་རང་རྟོགས་ངང་ལག་ལེན་བསྟར་ནས་མང་ཚོགས་ལམ་ཕྱོགས་དེ་བསམ་བློའི་ཁྲོད་དུ་རྩ་བ་ཚུགས་པ་དང་བྱ་སྤྱོད་ཐོག་དོན་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། ཆེས་ཐད་ཀའི་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་དང་དཀའ་ངལ་དང་སེམས་ཁྲལ། སྐྱོ་སྡུག་དང་རེ་སྒུག་བཅས་ཀྱི་དམངས་འཚོའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ནས་ལས་དོན་དངོས་ཀྱི་ཁྲོད་དུ་དམངས་ལ་བཅངས་པའི་བརྩེ་སེམས་སྐྱེད་སྲིང་བྱ་དགོས། སྔར་བས་རང་རྟོགས་ངང་འཐབ་རྩོད་བྱེད་ཕོད་པ་མཐའ་འཁྱོངས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་རྒྱག་རྒྱུ་དེ་ལས་དོན་མཐའ་དག་གི་གཞི་འཛིན་ས་དང་ཤུགས་རྒྱག་ས་ཞིག་ཏུ་བརྩིས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་བ་དང་། དར་ཆ་གསལ་སྟོན་ངང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པའི་འཐབ་ཇུས་ཀྱི་རང་དབང་ཁོང་དུ་བརྟན་པོ་ཆུད་པ་བཅས་བྱ་དགོས། སྔར་བས་རང་རྟོགས་ཀྱི་སྒོ་ནས་གསར་འབྱེད་གསར་གཏོད་བྱ་རྒྱུ་སྲུང་འཛིན་དང་། མ་སྐུལ་དང་ལེན་གྱིས་རྒྱལ་ཁབ་ཀྱི་ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་གྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ། འབྲི་ཆུའི་དཔལ་འབྱོར་དར་རྒྱུད་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྐྱེ་ཁམས་ཁོར་ཡུག་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། འབྱུང་འཕྲོད་ཐཱན་ཉུང་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་འཛུགས་པ་བཅས་བྱ་དགོས། སྔར་ལས་རང་རྟོགས་ཀྱི་སྒོ་ནས་རང་ཉིད་གསར་བརྗེ་བྱེད་ཕོད་པ་བྱེད་ཅིང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། རྒྱུན་སྲིང་ལྷོད་མེད་ངང་“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ། ལྐོག་ཟ་དང་རུལ་སུངས་ལ་ཆད་གཅོད་དང་བཅོས་སྐྱོང་བྱེད་པ། ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། མཐུན་སྒྲིལ་དང་འབྱོར་ཕྱུག། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་འཛད་མེད་གཅིག་སྡུད་བཅས་བྱས་ཏེ་གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།། ( ཐུབ་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།