ཧྥུང་ཧྥ་ཀུའེ་ཡིས་རྟའུ་དང་དཀར་མཛེས། བྲག་མགོ་སོགས་ཀྱི་རྫོང་ཁག་ལ་བརྟག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2022-01-05

སྤྱི་ཟླ12པའི་ཚེས30ནས་ཚེས31ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ལས་ཚབ་ཧྥུང་ཧྥ་ཀུའེ་ཡིས་རྟའུ་དང་དཀར་མཛེས། བྲག་མགོ་སོགས་ཀྱི་རྫོང་ཁག་ལ་བརྟག་ཞིབ་དང་ལྟ་སྐུལ་ཁྲིད་སྟོན་གནང་ཞིང་། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་སྙིང་དོན་སྒྲོག་འགྲེལ་གཏིང་ཟབ་བྱས་ཏེ། རིམས་བབ་འགོག་ཟོན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་མེ་འགོག་དང་རིམས་འགོག་ལས་འཛོལ་སྔོན་འགོག། བདེ་འཇགས་འགན་སྲུང་། བརྟན་རླིང་འགན་སྲུང་བཅས་ཀྱི་སྔོན་འགོག་གསུམ་དང་འགན་སྲུང་གཉིས་ཀྱི་ལས་ཀ་དམ་འཛིན་ཞིབ་ཕྲ་བྱ་དགོས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་རྒྱ་སྐྱེད་གཏང་རྒྱུ་དང་ཡུལ་སྡེ་དར་རྒྱས་དང་སྦྲེལ་མཐུན་ནུས་ལྡན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

རྟའུ་རྫོང་ཡུལ་མིའི་སྤྲོ་སྐྱིད་སྡོད་ཁང་ནང་ཧྥུང་ཧྥ་ཀུའེ་ཡིས་ཡུལ་དངོས་སུ་ཡུལ་མིའི་སྡོད་ཁང་གི་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་བྱས་ནས་ཁང་པའི་རིན་གོང་དང་བཟའ་བཏུང་འཕྲོད་བསྟེན་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས། རྟའུ་རྫོང་གི་ཡུལ་མིའི་སྡོད་ཁང་མཐུན་ཚོགས་ཀྱིས་ས་གནས་དེ་གའི་མང་ཚོགས་སྣེ་ཁྲིད་དེ་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ཁས་ལེན་གང་ལེགས་གནང་བ་དང་། མཐུན་ཚོགས་ཀྱི་ཁོངས་མིས་ཡུལ་སྐོར་ཁྲོམ་རའི་དགོས་མཁོར་དམིགས་ནས་མི་རིགས་ཀྱི་ཁྱད་ཆོས་དང་དེང་རབས་ཀྱི་སྒྲིག་བཀོད་དང་ཟུང་འབྲེལ་མངོན་གསལ་དོད་པོ་བྱས་ནས་ཡུལ་མིའི་སྡོད་ཁང་གི་སྐྱིད་སྣང་དང་ཡིད་དབང་འགུག་ནུས་ཆེ་རུ་གཏོང་རྒྱུར་ཤུགས་རྒྱག་དགོས་ཞེས་རེ་བ་བཏོན་པ་རེད།

དཀར་མཛེས་ཁུལ་རྟའུ་རྫོང་རྒྱལ་ཁབ་ལ་དབང་བའི་ནགས་ཚལ་དོ་དམ་ཅུས་སུ་ཧྥུང་ཧྥ་ཀུའེ་ཡིས་ལོ་རྒྱུས་དྲན་ཤེས་ཁྱད་པར་ཅན་ལྡན་པའི་བཟོ་བཀོད་རྙིང་པ་དང་། ནགས་ཚལ་ལས་བཟོ་པའི་ཐོན་སྐྱེད་དང་འཚོ་བའི་ལོ་རྒྱུས་ཀྱི་དྲན་ཤེས་དང་རིག་གནས་ཀྱི་མཚོན་རྟགས་སྲུང་སྐྱོང་དང་བེད་སྤྱོད་བྱས་ནས། ལོ་རྒྱུས་ཀྱི་སྣང་ཚུལ་སླར་ཡང་མངོན་པར་བྱ་དགོས། མགྲོན་ཁང་དང་བཟའ་བཏུང་། ཉམས་ལེན་གསར་སྐྲུན། ཚན་རིག་ཁྱབ་གདལ་གྱི་ནགས་ཚལ་ལས་བཟོ་པའི་བཤམས་མཛོད་ཁང་འཛུགས་ནས་ས་ཁོངས་ཡོངས་སུ་བཤམས་མཛོད་ཁང་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་དགོས་ཞེས་གསུང་པ་རེད།

དཀར་མཛེས་རྫོང་གསེར་མཁར་ཡུལ་ཤོག་ལ་ནས་དང་ཞོག་ཁོག་ཐོན་མཐོའི་དཔེ་སྟོན་རྟེན་གཞིར་ཧྥུང་ཧྥ་ཀུའེ་ཡིས་ཡུལ་སྡེ་དར་རྒྱས་ཀྱི་འབྲེལ་ཡོད་ལས་དོན་ལ་བརྟག་ཞིབ་གནང་ནས།གསེར་མཁར་ཡུལ་ཤོག་ཁོར་ཡུག་མཛེས་སྡུག་ལྡན་པ་ཡིན་པས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་སྲོལ་རྒྱུན་གྱི་གྲོང་སྡེའི་སྲུང་སྐྱོང་དམ་འཛིན་ཡག་པོ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཁམས་གསོ་རྣམ་པའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རྣམ་པའི་ཞིང་འབྲོག་ཉམས་ལེན་ཁང་སྐྲུན་དགོས་པ་དང་། མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་ནས་སྔར་ཡོད་ཀྱི་ཁྱད་ལྡན་ཐོན་ཁུངས་སྲུང་སྐྱོང་བྱས་པའི་རྨང་གཞིའི་ཐོག་གཞུང་ལམ་གྱི་མཛེས་ལྗོངས་དང་ཁང་པའི་རྣམ་པ་ལེགས་སུ་བཏང་ནས། ཁོར་ཡུག་དེ་བས་གཙང་ལ་གོ་རིམ་ལྡན་པ་ཞིག་ཡོང་བ་བྱ་དགོས། འདམ་ར་དང་ཆུ་བོའི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆུ་ལམ་བཙན་བཟུང་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ། ས་ཁོངས་ཡོངས་ཀྱི་གད་སྙིགས་མེད་པའི་བྱ་སྤྱོད་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ནས་མཚོ་འགག་ངོགས་གཉིས་ཀྱི་ཡུལ་ལྗོངས་ལེགས་སུ་གཏོང་དགོས་ཞེས་གསུངས་པ་རེད།། 


  • ལེ་ཚན་སྔོན་མ།:འབའ་ཐང་གྲུ་བ་ལུང་གི་འབྲི་ཆུའི་ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་བྱས།
  • ལེ་ཚན་རྗེས་མ།:མཛེས་སྡུག་གི་ཡུལ་མཆོག་འདི་ནས་བདེ་སྐྱིད་ཀྱི་འཚོ་བར་རོལ།
  • དོ་སྣང་ཆེ་བའི་རྩོམ།