ཕེང་ཆིང་ཧྭ་ཡིས་ཞིང་ཆེན་ཏང་ཨུའི་མི་རིགས་ལས་དོན་ཚོགས་འདུའི་ཐོག་ཏུ་གསུང་བཤད་གནང་།

        2022-01-04

ཕེང་ཆིང་ཧྭ་ཡིས་ཞིང་ཆེན་ཏང་ཨུའི་མི་རིགས་ལས་དོན་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག།

ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་སི་ཁྲོན་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་གསུང་གནང་།


སྤྱི་ཟླ12པའི་ཚེས27ཉིན་ཞིང་ཆེན་ཏང་ཨུའི་མི་རིགས་ལས་དོན་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས་པ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཚོགས་འདུར་ཕེབས་ནས་འབྲེལ་གསུང་བཤད་གནང་བ་རེད། ཁོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་།དུས་བབ་གསར་པ་དང་ལས་འགན་གསར་པར་བློ་གདེང་འཕྱུག་མེད་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་མི་རིགས་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་བཀོད་སྒྲིག་སོ་སོ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་བཅས་བྱས་ནས་དུས་རབས་གསར་པའི་སི་ཁྲོན་གྱི་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་གསུང་གནང་བ་རེད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་ཧོང་ཆང་གིས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་ཞིང་།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་ཚོགས་འདུར་ཞུགས།

ཕེང་ཆིང་ཧྭ་ཡིས་གསུང་བཤད་གནང་སྐབས་བསྟན་དོན།ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ལ་མཐོང་ཆེན་བླ་ན་མེད་པར་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་བཞག་ནས་འཆར་འགོད་དང་སྐུལ་འདེད་བཏང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་དང་རྒྱལ་ཡོངས་ཆོས་ལུགས་ལས་དོན་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་ནས་རང་རེའི་ཏང་གིས་མི་རིགས་ཁྱབ་ཁོངས་དང་ཆོས་ལུགས་ཁྱབ་ཁོངས་ཀྱི་ལག་ལེན་རླབས་ཆེན་དང་རྩ་ཆེའི་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ཤིང་།ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་ནས་ཏང་གི་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་བཀོད་སྒྲིག་བྱས་ཏེ་དུས་རབས་གསར་པའི་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ཡག་པོ་བསྒྲུབ་པར་ཁ་ཕྱོགས་ཀྱི་ཁྲིད་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱ་དགོས།

ཕེང་ཆིང་ཧྭ་ཡིས་བསྟན་དོན། རང་རེའི་ཞིང་ཆེན་ནི་མི་རིགས་མང་བའི་ཞིང་ཆེན་ཞིག་ཡིན་ཞིང་།ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ལག་བསྟར་ནན་ཏན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སོ་སོར་སྐུལ་འདེད་བཏང་བར་བརྟེན། ཕྱོགས་སོ་སོར་འཕེལ་རིམ་གསར་པ་བྱུང་ཡོད།

དུས་རབས་གསར་པའི་སི་ཁྲོན་གྱི་མི་རིགས་ལས་དོན་ལེགས་པོར་བསྒྲུབ་དགོས་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སྒྱུར་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་བློ་གདེང་འཕྱུག་མེད་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཀྱི་གཙོ་རྐང་འདི་བློ་གདེང་འཕྱུག་མེད་བྱས་པ།དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་ལོ་རྒྱུས་ལས་འགན་བློ་གདེང་འཕྱུག་མེད་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུའི་ཐོག་བསྐྱོད་པ་དང་། ཞིང་ཆེན་གྱི་གནས་ཚུལ་དངོས་དང་བསྟུན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཕྱོགས་སོ་སོའི་ལས་དོན་ཏན་ཏིག་བསྒྲུབས་ནས་སི་ཁྲོན་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏང་དགོས། “ངོས་འཛིན་གཅིག་མཐུན་ལྔ”ཁྱོན་ཡོངས་ནས་ཇེ་དྲག་ཏུ་གཏང་རྒྱུར་དམིགས་ནས་ སྤྱི་ཚོགས་རིང་ལུགས་ཀྱི་་རིན་ཐང་ལྟ་བ་གཙོ་བོའི་སློབ་གསོར་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་།རྒྱལ་གཅེས་རིང་ལུགས་ཀྱིས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་ཤུགས་ཆེ་རུ་གཏོང་བ།ཏང་གི་ལོ་རྒྱུས་གཙོ་གནད་དུ་འཛིན་པའི“ལོ་རྒྱུས་བཞིའི”སློབ་སྦྱོང་སློབ་གསོ་རྒྱུན་མཐུད་དུ་དམ་འཛིན་ཡག་པོ་བྱེད་པ།ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བའི་ལས་གྲྭ་ལག་བསྟར་གཏིང་ཟབ་བྱེད་པ།རྒྱལ་ཁབ་ཀྱི་ཀུན་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བ།མི་རིགས་ཁག་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་ཧུར་ཐག་བྱ་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་དང་ཐུན་མོང་དུ་ཕྱུག་འགྱུར་ལ་སྐུལ་འདེད་གཏང་རྒྱུར་དམིགས་ནས་མི་རིགས་ས་ཁུལ་གྱིས་ཡུལ་བབ་དང་བསྟུན་ནས་ཁྱད་ཆོས་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་།དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ།དམངས་འཚོ་འགན་ལེན་དང་ལེགས་བཅོས་ཏན་ཏིག་གཏོང་བ།སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་དཔེ་སྟོན་ཁུལ་འཛུགས་སྐྱོང་གཏིང་ཟབ་གཏོང་བ།མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྱོང་གི་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས། མི་རིགས་སོ་སོའི་བར་འགྲོ་འོང་དང་སྤེལ་རེས།མཉམ་འདྲེས་བཅས་བྱེད་པར་སྐུལ་སྤེལ་་གཏང་རྒྱུར་དམིགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་གཏིང་ཟབ་བྱས་ནས་རོགས་རེས་ཞི་མཐུན་གྱི་སྤྱི་ཚོགས་གྲུབ་ཆ་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་རྒྱུན་མཐུད་དུ་གཏོད་དགོས། རྒྱུད་རིམ་ལྡན་པའི་སྒོ་ནས་ལེགས་སྐྱོང་གོ་རིམ་འཛུགས་པར་དམིགས་ནས་མི་རིགས་ལས་དོན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་བ།མི་རིགས་སོ་སོའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་ལྟར་འགན་སྲུང་བཅས་བྱས་ཏེ་མི་རིགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡོང་བར་དམིགས་ཏེ་མི་རིགས་ཁྱབ་ཁོངས་ཀྱི་ཉམས་ཉེན་འབྱུང་གཞི་གལ་ཆེན་ལ་དོགས་ཟོན་མཐའ་གཅིག་ཏུ་བྱེད་པ་དང་།ས་ཁོངས་རང་བཞིན་དང་རྒྱུད་ཁོངས་རང་བཞིན་གྱི་ཉེན་ཁ་མི་འབྱུང་བའི་གཞི་ཐིག་དམ་པོར་བསྲུང་དགོས།

ཕེང་ཆིང་ཧྭ་ཡིས་བསྟན་དོན། རང་རེའི་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་གྱི་གཙོ་གནད་ཞིང་ཆེན་ཞིག་ཡིན་ཞིང་།ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཏང་ཨུས་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཆོས་ལུགས་ལས་དོན་འདི་ཞིང་ཆེན་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ནང་བཞག་ནས་འཆར་འགོད་སྐུལ་འདེད་གཏང་རྒྱུ་མཐའ་འཁྱོངས་བྱས་ནས་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། དུས་བབ་གསར་པ་དང་ལས་འགན་གསར་པའི་མདུན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ།དུས་རབས་གསར་པའི་སི་ཁྲོན་གྱི་ཆོས་ལུགས་ལས་དོན་ཡག་པོ་ཏན་ཏིག་བསྒྲུབ་དགོས། ཆོས་ལུགས་སོ་སོས་སྤྱི་ཚོགས་རིང་ལུགས་ཀྱི་་རིན་ཐང་ལྟ་བ་གཙོ་བོ་ཡིས་རེ་བ་ནན་པོ་འཆང་བར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ནས“ངོས་འཛིན་གཅིག་མཐུན་ལྔ”ཇེ་དྲག་ཏུ་གཏང་རྒྱུ་དམིགས་ཡུལ་དུ་བཟུང་སྟེ་དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་གྱི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་སློབ་སྦྱོང་གཏིང་ཟབ་བཅས་བྱས་པར་བརྟེན།ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཚམ་པའི་ཆོས་ལུགས་ཤིག་ཏུ་གྱུར་པར་བྱ་དགོས། ཏང་སྲིད་ལས་བྱེད་པའི་དཔུང་སྡེ་དང་ཆོས་ལུགས་ལས་རིགས་ཀྱི་འཐུས་ཚབ་མི་སྣའི་དཔུང་སྡེ།མར་ཁེ་སིའི་རིང་ལུགས་ཀྱི་ཆོས་ལུགས་སློབ་གསོའི་ཞིབ་འཇུག་དཔུང་སྡེ་བཅས་འཛུགས་སྐྱོང་སྟོབས་ལྡན་བྱ་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ནས་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་བྱ་རྒྱུར་ཤུགས་རྐྱེན་ཐེབས་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ་རང་རེའི་ཞིང་ཆེན་གྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་མི་མངོན་པའི་རྐྱེན་ངན་དོགས་ཟོན་དང་མེད་པ་བྱ་དགོས། རང་རེའི་ཞིང་ཆེན་གྱི་ཆོས་ལུགས་ལས་དོན་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་།ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ།སྲིད་ཇུས་དང་ཁྲིམས་སྲོལ་དོན་འཁྱོལ་ནན་པོ་བྱེད་པ།ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་ཆོས་ལུགས་གནད་དོན་ཐག་གཅོད་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས། ཆོས་ལུགས་ལས་རིགས་ཀྱིས་རང་གིས་རང་ལ་སློབ་གསོ་དང་།རང་གིས་རང་ལ་དོ་དམ།རང་གིས་རང་ལ་གཅུན་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཁྱོན་ཡོངས་ནས་ཆོས་ལུགས་ནན་སྐྱོང་དང་།ཆོས་ལུགས་ཚོགས་པའི་རང་ངོས་ལེགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱ་དགོས།

ཕེང་ཆིང་ཧྭ་ཡིས་ནན་གསུང་གནང་དོན། ཏང་གིས་མི་རིགས་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་དང་ཆོས་ལུགས་ལས་དོན་ལ་གཅིག་བསྡུས་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པར་ཤུགས་སྣོན་ཏན་ཏིག་རྒྱག་པ། “འདུ་ཤེས་བཞི”ཇེ་དྲག་དང་“གདེང་ཚོད་བཞི”སྲ་བརྟན།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱས་ནས་ཏང་ཨུས་གཅིག་གྱུར་གྱིས་མགོ་ཁྲིད་དང་།སྲིད་གཞུང་གིས་ཁྲིམས་ལྟར་དོ་དམ།འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་ནས་མཐུན་སྦྱོར་བྱེད་པ།མི་རིགས་ལས་དོན་སྡེ་ཁག་གིས་རང་འགན་གཙང་སྒྲུབ་བྱེད་པ།སྡེ་ཁག་སོ་སོས་སྟོབས་ཤུགས་མཉམ་སྒྲིལ་བྱེད་པ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་བཅས་ཀྱི་མི་རིགས་ལས་དོན་གྱི་རྣམ་པ་ཆགས་པར་སྐུལ་འདེད་བཏང་སྟེ།ཏང་ཨུས་མགོ་ཁྲིད་བྱེད་པ་དང་།སྲིད་གཞུང་གིས་དོ་དམ་བྱེད་པ།སྤྱི་ཚོགས་ཀྱིས་མཐུན་སྦྱོར་བྱེད་པ།ཆོས་ལུགས་ཀྱིས་རང་གཅུན་བྱེད་པ་བཅས་ཀྱི་ཆོས་ལུགས་ལས་དོན་བདག་སྐྱོང་གི་རྣམ་པ་ཁྱོན་ཡོངས་ནས་ཆགས་པར་བྱ་དགོས། རིམ་པ་ཁག་གི་ལས་བྱེད་པའི་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ལ་མགོ་ཁྲིད་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་།གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པའི་ཤེས་ཡོན་མི་སྣའི་དཔུང་སྡེའི་གྲུབ་ཚུལ་མུ་མཐུད་ནས་ལེགས་སུ་གཏང་དགོས། ཆ་རྐྱེན་ཞན་པའི་མི་རིགས་ས་ཁུལ་གྱི་ལས་དོན་གྱི་ལས་གྲྭ་དང་པོའི་ལས་བྱེད་པར་སྔར་བས་མཐོང་ཆེན་དང་སེམས་ཁུར།གཅེས་སྐྱོང་བཅས་བྱས་ནས་ཕུལ་བྱུང་ཤེས་ཡོན་པ་དེ་བས་མང་པོ་མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ནང་ཞུགས་སེམས་དབང་འགུག་དགོས།ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་སྟངས་ཐད་གནས་པའི་ཞན་ཆ་མེད་པ་བཟོས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་།དོ་དམ་ནུས་པ།ཞབས་ཞུའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་མི་རིགས་ས་ཁུལ་གྱི་གཞི་རིམ་སྲིད་དབང་གི་རྨང་གཞི་བརྟན་པོ་འདིང་དགོས།

ཚོགས་འདུའི་ཐོག་ཚོགས་ཆུང་བགོས་ནས་གྲོས་བསྡུར་བྱས་པ་དང་།ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཐེན་ཞང་ལི་ཡིས་ཚོགས་འདུ་ཐེངས་གཉིས་པའི་ཐོག་ཕྱོགས་སྡོམ་གསུང་བཤད་གནང་བ་རེད། ཚོགས་འདུ་འདི་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་གྲོང་ཁྱེར(ཁུལ) །འབྲེལ་ཡོད་ཞིང་ཆེན་རིམ་པའི་མགོ་ཁྲིད་དང་།དྲག་ཆས་ཉེན་རྟོག་སི་ཁྲོན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི།ཞིང་ཆེན་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཀྲུང་དབྱང་གི་སི་ཁྲོན་དུ་ཡོད་པའི་སྡེ་ཚན་ཁག་གཅིག་གི་འགན་འཁུར་བློ་མཐུན་སོགས་ཚོགས་ར་གཙོ་བོར་ཞུགས་ཡོད་པ་རེད།།

( ཨ་མགོན་གྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ཉག་ཆུའི་ཆུ་ཁ་གཉིས་ཀྱི་ཆུ་ཤུགས་གློག་ཁང་གི་རགས་ཆེན་བཀག་ཟིན་པ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས《བརྡ་ཐོ》བཏང་ནས་རིམས་ཚུལ་འགོག་ཟོན་ལས་དོན་ ཡང་བསྐྱར་བཀོད་སྒྲིག་བྱས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10