ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དར་མདོ་ནས་གྲོལ།

སྐལ་ཐུབ་དང་མཁས་གྲུབ། རྟ་མགྲིན།        2021-12-29

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དར་མདོ་ནས་གྲོལ།

   སྤྱི་ཟླ12པའི་ཚེས29ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་ཁུལ་ཨུ་ཡོན་ལྷན་ཁང་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་གསར་པ་བདམས་ཐོན་བྱས་ཤིང་། ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས་གོང་ཚེས་ཉིན་ལ་དར་མདོའི་ཟློས་གར་ཁང་དུ་རྣམ་པར་རྒྱལ་བའི་ངང་གྲོལ་བ་རེད།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དར་མདོ་ནས་གྲོལ།

  ཧྲེན་དབྱང་གིས་ཚོགས་ཆེན་གཙོ་སྐྱོང་གནང་།

   སྔ་དྲོའི་ཆུ་ཚོད11དང་སྐར་མ20ཐོག་ལ་མཇུག་བསྒྲིལ་ཚོགས་ཆེན་གྱི་མགོ་ཚུགས།

   ཚོགས་ཆེན་དུ་ཡོང་དགོས་པའི་འཐུས་མི359ཡིན་ཞིང་། འཐུས་མི341དངོས་སུ་སླེབས་ཡོད་ཅིང་དངོས་སུ་སླེབས་པའི་འཐུས་མིའི་མི་གྲངས་དེ་ཡོང་དགོས་པའི་འཐུས་མིའི་མི་གྲངས་ཀྱི་ཕྱེད་ལས་བརྒལ་ཡོད་པས་ཚོགས་ཆེན་གྱི་འདེམས་བསྐོ་བྱེད་ཐབས་ཀྱི་གཏན་འབེབས་དང་མཐུན་པ་རེད།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དར་མདོ་ནས་གྲོལ།

   སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་ལྟ་སྐུལ་འོག་ཏུ་ཚོགས་ཞུགས་འཐུས་མི་ཚོས་རང་མིང་མི་བཀོད་པའི་འདེམས་ཤོག་འཕེན་སྟངས་སྤྱད་དེ་ཨུ་ཡོན65དང་རྗེས་སྣོན་ཨུ་ཡོན12ལས་གྲུབ་པའི་ཁུལ་ཨུ་སྐབས་བཅུ་གཉིས་པ་བདམས་ཐོན་བྱས་ཤིང་། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཨུ་ཡོན45བདམས་ཐོན་བྱས་པ་རེད།

   ཆུ་ཚོད11དང་སྐར་མ50ཡི་སྟེང་ཧྲེན་དབྱང་གིས་ཁུལ་ཨུ་ཡོན་ལྷན་ཁང་དང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པ་དེ་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་བདམས་ཐོན་བྱུང་བ་ཁྱབ་བསྒྲགས་གནང་ཞིང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཕེལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།

   ཚོགས་ཆེན་གྱི་གྲོས་རིམ་ཁག་ལེགས་གྲུབ་བྱུང་རྗེས་ཧྲེན་དབྱང་གིས་གསུང་བཤད་གནང་།

   རྔམ་བརྗིད་ལྡན་པའི《རྒྱལ་སྤྱིའི་གླུ་དབྱངས》ཀྱི་ཁྲོད་ནས་ཚོགས་ཆེན་ཕུན་སུམ་ཚོགས་པའི་ངང་གྲོལ་བ་རེད།

  • ལེ་ཚན་སྔོན་མ།:ཁུལ་ཏང་འཐུས་ཚོཊ་ཆེན་ཐེངས༡༢ཀྲུའུ་ཞི་ཚོགས་པའི་གྲོས་ཚོགས་ཐེངས་དྲུག་པ།
  • ལེ་ཚན་རྗེས་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10