བྱང་ཆུབ་འཐུས་མི་ཚོགས་པ་བཅུ་གཅིག་པའི་གྲོས་བསྡུར་ནང་ཞུགས།

        2021-12-28

བྱང་ཆུབ་འཐུས་མི་ཚོགས་པ་བཅུ་གཅིག་པའི་གྲོས་བསྡུར་ནང་ཞུགས།

     སྤྱི་ཟླ12པའི་ཚེས27ཉིན་གྱི་ཕྱི་དྲོར། བྱང་ཆུབ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་ཚོགས་ཆུང་བཅུ་གཅིག་པའི་གྲོས་བསྡུར་ལ་ཞུགས་པ་རེད། བྱང་ཆུབ་ཀྱིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནི་རང་ཁུལ་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་གལ་ཆེའི་དུས་སྐབས་སུ་སྐོང་ཚོགས་བྱས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། བློ་མཐུན་ཧྲེན་དབྱང་གིས་ཁུལ་ཨུ་སྐབས་བཅུ་གཅིག་པའི་ཚབ་ཞུས་ནས་ཕུལ་བའི་ལས་དོན་སྙན་སེང་ནང་གྲུབ་འབྲས་ཕྱོགས་སྡོམ་དང་། དངོས་ཐོག་བདེན་འཚོལ། གནད་དོན་ལ་དབྱེ་ཞིབ་གཏིང་ཟབ་དང་གནད་ལ་ཐིག་པ།བསམ་ཕྱོགས་དང་ལས་འགན་ཁ་གསལ་བ་བཅས་ཡིན་པས་དེ་ནི་བརྗོད་བྱ་གསལ་ཞིང་བྱ་ཐབས་དངོས་གཉེར་བཅས་ཀྱི་སྙན་སེང་ཡག་པོ་ཞིག་རེད་ཅེས་གསུངས།

     བྱང་ཆུབ་ཀྱིས་ཁུལ་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་བཅས་ཀྱི་སྙིང་དོན་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ཏུ་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུ་ཡིན་པ་སྟེ། གཅིག་ནི་ཏང་གི་ལོ་རྒྱུས་སྐོར་གྱི་སློབ་སྦྱོང་དང་སློབ་གསོ་ཟབ་སྤེལ་དང་ཟུང་འབྲེལ་བྱས་ཏེ། སྐབས་བརྗེའི་རྗེས་ཀྱི་རྫོང་དང་ཡུལ་ཤོག་གི་མི་དམངས་འཐུས་ཚོགས་ཀྱི་མགོ་ཁྲིད་ཚན་པའི་བསམ་བློ་དང་ཆབ་སྲིད་ལེགས་སྐྱོང་དམ་འཛིན་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཏང་ཀྲུང་དབྱང་དང་། ཞིང་ཆེན་ཨུ་ལྷན། ཁུལ་ཨུའི་འཐབ་ཇུས་གལ་ཆེན། བཀོད་སྒྲིག་གལ་ཆེན། ལས་འགན་གཙོ་བོ་བཅས་ལ་རྒྱུན་ཆད་མེད་པར་གོ་བ་ལེན་པ་དང་ཁོང་དུ་ཆུད་པར་བྱ་དགོས། གཉིས་ནི་ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི། རང་ངོས་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ལས་ཁུངས་ཀྱི་ཏང་མི་ལས་བྱེད་པར་རང་རྟོགས་ངང་ཚད་གཞིར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“ཉམས་སད་ཐེག་ཐུབ་པ་ལྔ”ཡི་ཚད་གཞི་ལྟར“ལས་ཁུངས་བཞི”འཛུགས་སྐྱོང་ཡག་པོ་བྱ་དགོས། གསུམ་ནི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཁག་ཇུས་འགོད་ཡག་པོ་བྱ་རྒྱུ་དང་ཟུང་འབྲེལ་བྱ་དགོས།ཁུལ་ཨུའི་སྤྱིའི་ལས་ཀའི་བཀོད་སྒྲིག་ལ་དམ་པོར་དམིགས་ནས་འབྱུང་འགྱུར་ལོ་ལྔའི་རིང་གི་མི་དམངས་འཐུས་ཚོགས་ལས་དོན་གྱི་བསམ་ཕྱོགས་དང་བྱ་ཐབས་ཇུས་འགོད་ཞིབ་ཚགས་བྱས་ཏེ་སྤུས་ཚད་མཐོ་བའི་ཁྲིམས་འཛུགས་དང་ཁྲིམས་སྲོལ་ལམ་ལུགས་མཁོ་འདོན་ལ་ཤུགས་རྒྱག་པ་དང་། སྤུས་ཚད་དང་ཕན་འབྲས་ཆེན་པོར་བརྟེན་ནས་ལྟ་སྐུལ་བྱས་ཏེ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་ལེན་མཐར་ཕྱིན་བསྟར་བར་འགན་ལེན་ཏན་ཏིག་བྱ་དགོས།ཆུ་ཚད་མཐོ་བའི་འཐུས་མིའི་ནུས་པ་འདོན་སྤེལ་དང་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ནས་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཏེ་མཐུན་སྒྲིལ་ཕྱུག་འབྱོར། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱ་དགོས།


མཁས་གྲུབ་དང་རྟ་མགྲིན་གྱིས་བྲིས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཧྲེན་དབྱང་འཐུས་མི་ཚོགས་པ་དང་པོའི་གྲོས་བསྡུར་ནང་ཞུགས།
  • ལེ་ཚན་རྗེས་མ།:ཧྥེང་ཧྥ་ཀུའེ་འཐུས་མི་ཚོགས་པ་བདུན་པའི་གྲོས་བསྡུར་ནང་ཞུགས།
  • དོ་སྣང་ཆེ་བའི་རྩོམ།