ཁུལ་ཏང་འཐུས་ཚོགས་ཆེན་ཐེངས༡༢ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ།

        2021-12-27

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཁུལ་ཏང་འཐུས་ཚོགས་ཆེན་ཐེངས༡༢ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ།

 

     སྤྱི་ཟླ12པའི་ཚེས27ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ་དེ་དར་མདོར་འཚོགས་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཁྱོན་བསྡོམས40ཡོད་པ་དང་། ཁོངས་མི38དངོས་སུ་འབྱོར་ཡོད་པས་གཏན་འཁེལ་མི་གྲངས་དང་མཐུན་པ་རེད།


ཁུལ་ཏང་འཐུས་ཚོགས་ཆེན་ཐེངས༡༢ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ།

     ཚོགས་འདུར་ཞིང་ཨུའི་ཁྲིད་སྟོན་ཚོགས་ཆུང་གི་མགོ་ཁྲིད་ཆེད་དུ་ཚོགས་འདུར་ཕེབས་ནས་ཁྲིད་སྟོན་གནང་ཡོད། ཚོགས་འདུར་གྲོས་རིམ་ཁག་བདུན་ཡོད་པ་སྟེ། གྲོས་རིམ་དང་པོ་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཚོགས་འདུ་བསྡུ་མཁན་གྱི་མིང་ཐོར་གྲོས་འཆམ་བྱུང་བ། གྲོས་རིམ་གཉིས་པ་ནི་ཚོགས་ཆེན་ཀྱི་དྲུང་ཡིག་ཁྲུའུ་ཡི་ལས་ཀའི་སྒྲིག་གཞི་འཛུགས་པ་དང་ལས་འགན་བསྒྲུབ་རྒྱུར་གྲོས་འཆམ་བྱུང་བ།གྲོས་རིམ་གསུམ་པ་ནི་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པའི་མཚན་ཐོར་གྲོས་འཆམ་བྱུང་བ།གྲོས་རིམ་བཞི་པ་ནིཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་སྐོར་གྱི་སྙན་སེངལ་གྲོས་འཆམ་བྱུང་བ། གྲོས་རིམ་ལྔ་པ་ནི་འཐུས་མི་ཚོགས་ཆེན་གྱི་ཟུར་ཞུགས་མི་སྣ་དང་སྐུ་མགྲོན་གྱི་དོན་དག་ཁག་ལ་གྲོས་འཆམ་བྱུང་བ།གྲོས་རིམ་དྲུག་པ་ནི་ཏང་དངུལ་རྩིས་ལེན་དང་བཀོལ་སྤྱོད། དོ་དམ་བཅས་བྱས་ཚུལ་གྱི་སྙན་སེང་ལ་གྲོས་ཞིབ་བྱས་པ། གྲོས་རིམ་བདུན་པ་ནི་ཚོགས་ཆེན་གྱི་ཉིན་རེའི་གྲོས་རིམ་ལ་གྲོས་འཆམ་བྱུང་བ་བཅས་སོ།།

ཁུལ་ཏང་འཐུས་ཚོགས་ཆེན་ཐེངས༡༢ཀྲུའུ་ཞིའི་ཚོགས་པའི་གྲོས་ཚོགས་ཐེངས་དང་པོ།


གསར་འགོད་པ། མཁས་གྲུབ། རྟ་མགྲིན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:འཐུས་མིའི་འགན་འཁྲི་ནན་འཁྱོལ་སྐོར་གྱི་གཏམ་གླེང་ཚོགས་འདུ།
  • ལེ་ཚན་རྗེས་མ།:ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོག་མགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།