ཁུལ་སྐབས༡༡པའི་ཚང་འཛོམས་གྲོས་ཚོགས་ཐེངས༡༢པའི་སྤྱི་བསྒྲགས།

ཡེ་མགོན་དང་ཐུབ་བསྟན་གྱིས་བསྒྱུར་ཞུས་བྱས།        2021-12-25

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་སྤྱི་བསྒྲགས།

(2021ལོའི་ཟླ་བ12ཚེས24ཉིན་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་བ།)

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་ཨུ་ཡོན་ཚང་སྐབས་བཅུ་གཅིག་པའི་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་དེ2021ལོའི་ཟླ་བ12ཚེས24ཉིན་ལ་དར་མདོར་འཚོགས་པ་རེད།

ཁུལ་སྐབས༡༡པའི་ཚང་འཛོམས་གྲོས་ཚོགས་ཐེངས༡༢པའི་སྤྱི་བསྒྲགས།

   ཚོགས་འདུར་ཁུལ་ཨུའི་ཨུ་ཡོན43དང་རྗེས་སྣོན་ཁུལ་ཨུའི་ཨུ་ཡོན4ཡོད་པ་རེད། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྒྱུན་ཨུ་དང་། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས་ཡོད། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་ཁག་ཅིག་ཚོགས་འདུར་ཟུར་ཞུགས་ཡོད།

 ཁུལ་སྐབས༡༡པའི་ཚང་འཛོམས་གྲོས་ཚོགས་ཐེངས༡༢པའི་སྤྱི་བསྒྲགས།

ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གསུང་བཤད་གནང་བཞིན་པ།


ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གསུང་བཤད་གནང་བ་རེད།

 

     ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ2021ལོའི་ཟླ་བ12ཚེས་27ནས་ཚེས29ཉིན་བར་དར་མདོར་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད།    ཚང་འཛོམས་གྲོས་ཚོགས་ཐོག་ཧྲེན་དབྱང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་བྱས་ནས་གནང་བའི་ལས་དོན་སྙན་སེང་ལ་ཉན་འཇོག་དང་གྲོས་བསྡུར་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཕུལ་བའི་སྙན་སེང་དང་། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་ཕུལ་བའི་ལས་དོན་སྙན་སེང་ལ་གྲོས་ཞིབ་བྱས་ནས《སྙན་སེང》དེ་གཉིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་གཏན་འབེབས་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཨུ་སྐབས་བཅུ་གཉིས་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཁུལ་སྒྲིག་ཨུའི་ཨུ་ཡོན་གྱི་འོས་མིའི་བཀྲབ་འདེམས་འོས་མིའི་མིང་ཐོར་གྲོས་བསྡུར་བྱས་ཤིང་། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པར་འབུལ་རྒྱུའི་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག《ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཧྲེན་དབྱང་གིས《གཏན་འབེབས(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་བྱས་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱས་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་སུ་ཏང་གིས་མི་དམངས་ཀྱི་མགོ་ཁྲིད་དེ་ལོ་བརྒྱ་དང་པོའི་དམིགས་འབེན་མངོན་འགྱུར་དང་ལོ་བརྒྱ་གཉིས་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་ཡར་བརྩོན་བྱེད་པའི་ལོ་རྒྱུས་ཀྱི་འགག་གནད་གལ་ཆེན་ཞིག་གི་དུས་སུ་སྐོང་ཚོགས་བྱས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི་《ཏང་གི་ལོ་བརྒྱའི་རིང་འབད་འཐབ་བྱས་པའི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་》(གཤམ་དུ་《གྲོས་ཆོད་》ཅེས་བསྡུས་ཡོད།) ཏང་གིས་བརྒྱུད་མྱོང་བའི་ལོ་བརྒྱའི་བརྒྱུད་རིམ་ལ་ཕྱི་མིག་བལྟས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཚུལ་གཙོ་གནད་དུ་བཟུང་ནས་འགྲེལ་བརྗོད་བྱས་ཡོད། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཡུལ་མངོན་འགྱུར་བྱ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་པ་དེ་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་དང་།དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་ཐོག་མའི་བསམ་འདུན་གྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་སྐྲུན་པ།ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་བཅས་ཀྱི་བྱ་སྤྱོད་ཀྱི་ཕྱོགས་སྟོན་བཅས་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཏང་གི་ལོ་བརྒྱའི་རིང་གི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཐད་རྒྱས་བཤད་གཏིང་ཟབ་གནང་ཡོད་པས། ང་ཚོ་རྒྱུགས་སྤྲོད་པའི་ལམ་བུ་གསར་པར་ཡག་པོ་སྐྱོད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་གྱི་ཕུན་སུམ་ཚོགས་པའི་ནང་དོན་འཕྱུག་མེད་ཁོང་དུ་ཆུད་པ། ཏང་གིས་ལོ་ངོ་བརྒྱའི་རིང་འབད་འཐབ་བྱེད་པའི་ཐོག་མའི་བསམ་འདུན་ལས་འགན་དང་ལོ་རྒྱུས་ཀྱི་གྲུབ་འབྲས་འཕྱུག་མེད་ཁོང་དུ་ཆུད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་དང་ལོ་རྒྱུས་ཀྱི་རང་བཞིན་གྱི་་འཕོ་འགྱུར་བྱུང་ཚུལ་འཕྱུག་མེད་ཁོང་དུ་་ཆུད་པ།། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་མ་འོངས་གསར་གཏོད་བྱེད་པའི་བླང་བྱ་གལ་ཆེན་འཕྱུག་མེད་ཁོང་དུ་་ཆུད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་།“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་དང“ཁ་གསལ་བཅུའི”སྙིང་དོན་ལ་གོ་བ་གཏིང་ཟབ་ལེན་པ།ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་།གཞི་རྩའི་ལམ་ཕྱོགས།གཞི་རྩའི་ཐབས་ཇུས་བཅས་མཐའ་འཁྱོངས་བྱེད་པ།མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་མཐའ་འཁྱོངས་བྱེད་པ།དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་ལས་ཇུས་རླབས་པོ་ཆེ་གསར་པར་མུ་མཐུད་ནས་སྐུལ་འདེད་གཏང་དགོས།

     ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་འཚོགས་ཚུན་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། གཅིག་མཐུན་དུ་ངོས་འཛིན་བྱས་དོན།  རྒྱུན་རྣམ་ཅན་གྱི་རིམས་ཚུལ་འགོག་ཟོན་དང་། སྤྱི་ཚོགས་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཕྱོགས་མང་པོའི་ཐད་ཚོད་བགམ་དྲག་པོ་ཐེབས་པའི་སྐབས་སུ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲ་བརྟན་སྟོབས་ལྡན་གྱིས་མགོ་ཁྲིད་འོག།  ཁུལ་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་།  དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི།ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་རང་ཁུལ་དུ་ཕེབས་ནས་ལྟ་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་བའི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱི་ཡོངས་ཀྱི་བསམ་གཞི་རྒྱུན་འཁྱོངས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏང་རྒྱུར་སྐུལ་འདེད་གཏོང་བ་དང་།འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་་སྲུང་ཡོལ་གལ་ཆེན་བརྟན་དུ་བཟོ་བ།དམངས་འཚོའི་བདེ་སྐྱིད་ནུས་ཤུགས་ཡོད་རྒུས་ཇེ་དྲག་ཏུ་གཏོང་བ། དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ།བློ་བརྟན་འགྱུར་མེད་ཀྱིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱི་ཡོངས་ཀྱི་བླང་བྱ་དོན་འཁྱོལ་བྱེད་པ།ཆུ་ཚད་དེ་བས་མཐོན་པོའི་དུས་བདེའི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱེད་པ།དུས་བཀག་ལྟར་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བཅས་བྱས་པའི་བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་བྱུང་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་ནན་པོ་བསྟན་དོན། རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་སྤར་བ་དང་། 《གྲོས་ཆོད་》སློབ་སྦྱོང་དང་སློབ་གསོ་ཏན་ཏིག་སྤེལ་བ། ཏང་གིས་ལོ་ངོ་བརྒྱའི་རིང་ལ་འབད་འཐབ་བྱས་པའི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱ་རྒྱུ་མཐའ་འཁྱོངས་བྱེད་ཅིང་། སྔར་ལྷག་གིས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས།ལོ་རྒྱུས་སྦྱངས་ནས་ཡིད་ཆེས་འཕེལ་བ་།ལོ་རྒྱུས་སྦྱངས་ནས་ཀུན་སྤྱོད་ལ་བརྩི་མཐོང་།ལོ་རྒྱུས་སྦྱངས་ནས་སྤྱོད་ཚུལ་སྐྱོང་བ་བཅས་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་མོ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་ཞིང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ།རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ།རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ཡུལ་བྱེད་ཡུལ། དེང་རབས་ཀྱི་མཐོ་སྒང་གི་ཁྱད་ཆོས་་ཞིང་འབྲོག་ལས་རྟེན་གཞི།རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་པ། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་དང་སྤུས་རྟགས་ཀྱིས་སྣེ་ཁྲིད་བྱས་པ།ས་ཁོངས་ཧྲིལ་པོར་སྒོ་འབྱེད།གྲངས་འཛིན་ནུས་སྤྲོད་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཁྲིམས་ལྟར་ཁུལ་་སྐྱོང་བ་དང་།སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་སྐྱོང་།ཡུལ་སྡེ་དར་རྒྱས་ཡོང་བ།འགྲིམ་འགྲུལ་སྔོན་དུ་སྤེལ་བ།ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་ཡོང་བ་བཅས་ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མཐུན་སྒྲིལ་འབྱོར་ཕྱུག་ཞི་མཐུན།མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས།

     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། ལོ་རྒྱུས་སྦྱངས་ནས་གནས་ལུགས་རྟོགས་པར་གཙིགས་དམིགས་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོན་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲས་ཤིང་། ཏང་གི་ལོ་རྒྱུས་དང་།ཀྲུང་གོ་གསར་པའི་ལོ་རྒྱུས། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས།སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལོ་རྒྱུས་བཅས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས། ལོ་རྒྱུས་སྦྱངས་ནས་ནས་ཡིད་ཆེས་ཇེ་དྲག་ཏུ་བཏང་སྟེ་ཆབ་སྲིད་ཀྱི་འཇོན་ནུས་ཆེ་རུ་གཏང་རྒྱུར་གཙིགས་དམིགས་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་རྒྱག་རྒྱུ་ལྷོད་གཡེང་སྤུ་ཙམ་མི་གཏོང་བ།ཏང་ལ་བློ་དཀར་སེམས་དཀར་གྱི་སློབ་གསོ་གཏོང་རྒྱུར་ཤུགས་ཆེན་པོ་རྒྱག་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།ཆབ་སྲིད་ཀྱི་གོ་བ་ལེན་ནུས།ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། ལོ་རྒྱུས་སྦྱངས་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུད་འཛིན་བྱ་རྒྱུར་གཙིགས་དམིགས་བྱས་ནས་གསར་བརྗེའི་ཐོན་ཁུངས་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་ཤུགས་རྒྱག་པ་དང་རྒྱང་སྐྱོད་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་གླིང་ག། རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་གྱི་གླིང་ག་ཇེ་མགྱོགས་སུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏང་དགོས། སི་ཁྲོན་རྒྱང་སྐྱོད་ལས་བྱེད་པའི་སློབ་གླིང་དཀར་མཛེས་ཁུལ་ལྕགས་ཟམ་ཁའི་ཡན་ལག་སློབ་གླིང་ཡག་པོ་འཛུགས་དགོས། ལོ་རྒྱུས་སྦྱངས་ནས་སྤྱོད་ཚུལ་སྐྱོང་བར་གཙིགས་དམིགས་བྱས་ནས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་ཧུར་ཐག་གཏོང་བ་དང་།ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ།“གངས་ལྗོངས་སྲོལ་གཙང”ཞེས་པའི་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་དེ་སྤེལ་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བའི་རྒྱུ་རྐྱེན་མཐའ་དག་མཐའ་གཅིག་ཏུ་གཙང་སེལ་བྱ་དགོས།

     ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དེ་དཀར་མཛེས་ཁུལ་དུ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏང་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས“དགོས་ངེས་བཅུ”ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། དཀར་མཛེས་ཁུལ་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་སྐྲུན་པའི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་ལ་སྤེལ་བའི་བྱེད་སྒོ་ཤུགས་ཆེན་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་དགོས། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་།ས་ཁོངས་ཡོངས་སུ་སྐྱེ་ཁམས་་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ།དེང་རབས་ཀྱི་ཞིང་འབྲོག་ལས་ཀྱི་ཐོན་ལས་མ་ལག་ཇེ་མགྱོགས་སུ་འཛུགས་སྐྱོང་བྱེད་པ།ནུས་ཁུངས་གཙང་མའི་ཐོན་ལས་ཁྱུ་ཚོགས་བཀོད་སྒྲིག་འཕེལ་རྒྱས་གཏོང་བ། ཁྲོན་བོད་ལྕགས་ལམ་སོགས་གཙོ་གནད་རྨང་གཞིའི་སྒྲིག་བཀོད་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་ལ་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོང་དང་།རི་ཆུ་ནགས་གསུམ་དང་། ཞིང་ར་དང་མཚེའུ། རྩྭ་ཐང་། བྱེ་འདམ། གངས་འཁྱག་བཅས་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་ཀ་ལེགས་པོར་སྒྲུབ་པ།ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་གྱི་འཕེལ་རིམ་ལ་སྐུལ་འདེད་ཇེ་མགྱོགས་བཏང་ནས་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་དུ་གཏོང་བ་བཅས་བྱ་དགོས། མི་དམངས་ཀྱི་འཚོ་བའི་སྤུས་ཀ་མུ་མཐུད་ནས་ལེགས་སུ་གཏོང་བ་དང་།དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་ནས་བརྟན་དུ་གཏོང་བ།ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ།སྤྱི་ཚོགས་དང་དམངས་འཚོའི་བྱ་གཞག་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏང་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ནན་པོར་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་།ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་དང་འཚོག་ཉེར་ཡོད་པའི་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཁུལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་ངོས་འཛིན་སྔར་བས་གཏིང་ཟབ་དང་།ཆབ་སྲིད་ཐད་སྔར་བས་བརྟན་པོ།བསམ་བློའི་ཐད་སྔར་བས་གཅིག་གྱུར། བྱ་སྤྱོད་ཐད་སྔར་བས་རང་རྟོགས་བཅས་ཡོང་བ་བྱས་ནས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་བྱེད་མཁན་དང“སྲུང་སྐྱོང་གཉིས”ཀྱི་ལག་ལེན་པ་བྱས་ཏེ་དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་མཐའ་འཁྱོངས་དང་འབད་འབུངས་ཡར་བརྩོན་གྱི་ངང་ཚུལ་རྒྱུན་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་སྲིད་དོན་བྱེད་ཕྱོགས་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དཀར་མཛེས་ཁུལ་དུ་དོན་འཁྱོལ་ཐུབ་པར་འགན་ལེན་བྱ་དགོས།

     ཚང་འཛོམས་གྲོས་ཚོགས་ཐོག2021ལོའི་སྤྱི་ཟླ6པའི་ཚེས16ཉིན་ལ་ཁུལ་་རྒྱུན་ལས་ཨུ་ལྷན་གྱིས་ཕུར་བུ་ཚེ་རིང་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་བཅད་པར་གཏན་འཁེལ་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་བ་དང་།བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་པ།གསར་འབྱེད་གསར་གཏོད་བྱེད་པ།མཐུན་སྒྲིལ་འབྱོར་ཕྱུག་ཞི་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱས་ཏེ་ གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་དགོས་ཞེས་འབོད་སྐུལ་གནང་བ་རེད།། 


  • ལེ་ཚན་སྔོན་མ།:བོད་ཡིག་དཔེ་རྙིང་གི་ཚེ་སྲོག་ལ་གསོན་ཤུགས་གསར་པ་རྒྱས།
  • ལེ་ཚན་རྗེས་མ།:དེ་རིང་ལི་ཐང་བསྟན་འཛིན་མཛད་སྒོ་ཞིག་གི་ཐོག་ཁྱབ་སྤེལ་ཕོ་ཉར་བསྐོས།
  • དོ་སྣང་ཆེ་བའི་རྩོམ།