པེ་ཅིང་དགུན་དུས་ཨོ་རྩལ་གྱི་དྲན་རྟེན་ཤོག་སྒོར་འགྲེམ་སྤེལ་བྱས།

    མི་དམངས་དྲ་བ།    2021-12-23

པེ་ཅིང་དགུན་དུས་ཨོ་རྩལ་གྱི་དྲན་རྟེན་ཤོག་སྒོར་འགྲེམ་སྤེལ་བྱས།

   ཀྲུང་གོ་མི་དམངས་དངུལ་ཁང་གིས་2021ལོའི་ཟླ་12ཚེས་21ཉིན་སྐབས་24པའི་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དྲན་རྟེན་ཤོག་སྒོར་ཆ་ཚང་ཞིག་འགྲེམས་སྤེལ་བྱ་རྒྱུའི་གཏན་འཁེལ་བྱས་ཤིང་།དེའི་ནང་དར་ཐོག་ལུས་རྩལ་རྣམ་གྲངས་ཀྱི་དྲན་རྟེན་ཤོག་སྒོར་དང་གངས་ཐོག་ལུས་རྩལ་རྣམ་གྲངས་ཀྱི་དྲན་རྟེན་ཤོག་སྒོར་རེ་རེ་ཚུད་ཡོད་པ་རེད།    
   སྐབས་24པའི་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དྲན་རྟེན་ཤོག་སྒོར་རེའི་ཁ་གྲངས་སྒོར་20ཡིན་པ་དང་། ཤོག་སྒོར་རེ་རེའི་རིང་ཚད་ལ་ཧའོ་སྨི་145དང་ཞེང་ལ་ཧའོ་སྨི་70ཡོད། དར་ཐོག་ལུས་རྩལ་རྣམ་གྲངས་ཀྱི་དྲན་རྟེན་ཤོག་སྒོར་ནི་སྤོས་འགྱིག་སྒོར་མོ་ཡིན་པ་དང་། གངས་ཐོག་ལུས་རྩལ་རྣམ་གྲངས་ཀྱི་དྲན་རྟེན་ཤོག་སྒོར་ནི་ཤོག་སྒོར་ཡིན་པ་རེད། སྐབས་24པའི་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་དྲན་རྟེན་ཤོག་སྒོར་འགྲེམས་སྤེལ་གྲངས་འབོར་ནི་དུང་ཕྱུར་2ཡིན་ཞིང་། སྔོན་མངགས་བརྗེ་སྤྲོད་ཀྱི་ཐོག་ནས་འགྲེམས་སྤེལ་བྱ་རྒྱུ་ཡིན་ཞིང་། དྲན་རྟེན་ཤོག་སྒོར་དང་ད་ལྟ་སྤྱོད་བཞིན་པའི་མི་དམངས་ཤོག་སྒོར་གྱི་འགན་ནུས་གཅིག་མཚུངས་ཡིན་པ་དང་། དངུལ་ཐང་གཅིག་པའི་མི་དམངས་ཤོག་སྒོར་གྱི་རིན་ཐང་དང་མཚུངས་པ་རེད།

པེ་ཅིང་དགུན་དུས་ཨོ་རྩལ་གྱི་དྲན་རྟེན་ཤོག་སྒོར་འགྲེམ་སྤེལ་བྱས།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་དགོས།
  • ལེ་ཚན་རྗེས་མ།:རིག་དངོས་རྐུ་སྔོག་ལྐོག་འཚོང་གི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ།
  • དོ་སྣང་ཆེ་བའི་རྩོམ།