ཧྥུང་ཧྥ་ཀུའེ་ཡིས་ཕྱག་ཕྲེང་དང་འདབ་པ། ལི་ཐང་བཅས་ཀྱི་རྫོང་ཁག་ཏུ་བརྟག་ཞིབ་དང་ཁྲིད་སྟོན་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2021-12-22

བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་གསུངས།


བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་གསུངས།

སྤྱི་ཟླ12པའི་ཚེས14ནས་ཚེས16ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཕྱག་ཕྲེང་དང་འདབ་པ། ལི་ཐང་བཅས་ཀྱི་རྫོང་ཁག་ཏུ་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྙིང་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་གཏང་རྒྱུ་དེ་མིག་སྔའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ཤིང་། སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ལས་དོན་དངོས་དང་ཟུང་འབྲེལ་བྱེད་པའི་འཇུག་སྒོ་དང་དོན་ལ་འབབ་ས་འཚོལ་ཐུབ་པ་བྱས་ནས། ངོས་འཛིན་ཇེ་ཆེར་གཏོང་ཞིང་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། དམངས་འཚོ་བཅས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་དགོས་ཞེས་ནན་གསུང་གནང་བ་རེད།

རྒྱལ་ལམ549ཡི་ཕྱག་ཕྲེང་རྫོང་དང་སྡེ་རོང་རྫོང་བར་གྱི་གཞུང་ལམ་གྱི་ལུང་མགོ་རི་བོའི་ཕུག་ལམ་འཛུགས་སྐྲུན་བྱ་ཡུལ་དུ་ཧྥུང་ཧྥ་ཀུའེ་ཡིས་ཡུལ་དངོས་སུ་ལས་གཞི་སྒྲུབ་ཚུལ་ལ་ལྟ་ཞིབ་གནང་བ་དང་འབྲེལ་ཨར་ལས་ཚན་པ་དང་འབྲེལ་ཡོད་སྡེ་ཚན་དང་ལས་གཞི་འཛུགས་སྐྲུན་སྐོར་གྲོས་བསྡུར་དང་ཞིབ་འཇུག་གནང་བ་རེད། ཕྱག་ཕྲེང་རྫོང་ནགས་ཚལ་དང་རྩྭ་ཐང་ཆེད་ལས་མེ་ཟོན་མེ་གསོད་རུ་ཆེན་རྭ་རྟགས་གྲོང་རྡལ་གྱི་དེ་སྔའི་བཅའ་སྡོད་ས་ཚུགས་དང་།འདབ་པ་རྫོང་ནགས་ཚལ་དང་རྩྭ་ཐང་ཆེད་ལས་མེ་ཟོན་མེ་གསོད་རུ་ཆེན་གྱི་ས་ཚུགས་རུ་ཧྥུང་ཧྥ་ཀུའེ་ཡིས་དཔུང་ཁག་འཛུགས་སྐྱོང་དང་སྒྲིག་ཆས་བཀོད་སྒྲིག། སྦྱོང་བརྡར་གྱི་ཆ་རྐྱེན་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་རྒྱུས་ལོན་གནང་བར་མ་ཟད། མེ་ཟོན་རུ་མིར་འཚམས་འདྲི་གནང་བ་རེད། འདབ་པ་རྫོང་གད་སྙིགས་གཙང་སེལ་བཟོ་གྲྭར་ཧྥུང་ཧྥ་ཀུའེ་ཡིས་ཡུལ་དངོས་སུ་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ཕྱིར་ལྡོག་གནད་དོན་དག་ཐེར་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་གནང་ནས། ལོ་རྒྱུས་ལ་འགན་འཁུར་བ་དང་ཕ་ཚ་བུ་རྒྱུད་ལ་འགན་འཁུར་བ། ཕུགས་ཀྱི་འཕེལ་རྒྱས་ལ་འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་གནད་དོན་ལ་ཁ་གཏད་གཅོག་པ་དང་འགན་འཁྲི་ཏན་ཏིག་ཁུར་ནས་དག་ཐེར་མཐར་ཕྱིན་པ་བྱ་དགོས་ཞེས་ནན་གསུང་གནང་བ་རེད།།

  • ལེ་ཚན་སྔོན་མ།:ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཅུ་གསུམ་པ་འཚོགས།
  • ལེ་ཚན་རྗེས་མ།:གསར་འགྱུར་གནད་བསྡུས།
  • དོ་སྣང་ཆེ་བའི་རྩོམ།