རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་དོན་ཡག་པོར་བསྒྲུབས།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2021-12-20

ད་སྔར། རང་ཁུལ་འདི་ཉིད་དགུན་དཔྱིད་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དུས་རིམ་སླེབས་ཡོད་པར་བརྟེན། ཉིན་ཤས་བསྟུད་མར་རང་ཁུལ་གྱི་རིམ་ཁག་སྡེ་ཚན་སོ་སོས་མ་སྐུལ་དང་བླངས་ཀྱིས་གཙོ་གནད་ནགས་ཁུལ་དང་གཙོ་གནད་མེ་སྐྱོན་ཁུལ། རི་མགོའི་ནགས་ཚལ། གྲོང་སྡེ། དུད་ཚང་། ཁེ་ལས་ཀྱི་བཟོ་གྲྭ་གླིང་ཁུལ། ཐང་ཆེན་གྱི་ར་སྐོར།ཞིང་ནང་དང་མུ་ཁ་སོགས་སུ་བསྐྱོད་ནས་མེ་ཟོན་དྲིལ་བསྒྲགས་བྱས་དང་བྱེད་བཞིན་ཡོད། འགག་སྒོ་བཙུགས་པ་དང་ཞིབ་བཤེར་བྱེད་པ། སྐོར་བསྐྱོད་བྱེད་པ།མཛེས་ལྗོངས་ཁུལ་དུ་ལས་འགན་སྒྲུབ་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འགོག་སྲུང་དྲ་བ་བཙུགས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་དོན་ཡག་པོར་བསྒྲུབས་པ་རེད།

ད་ཆ་ནགས་ཚལ་དང་རྩྭ་ཐང་དུ་མེ་སྐྱོན་ཤོར་སླ་བའི་དུས་ཚིགས་སུ་སླེབས་ཡོད་པས་མེ་སྤྱོད་ལ་དོ་སྣང་བྱས་ནས་ནགས་ཚལ་དུ་མེ་སྐྱོན་མི་འགྲོ་བ་བྱ་རོགས་ཞེས་གཙོ་གནད་ནགས་ཁུལ་དང་མེ་སྐྱོན་ཐོན་མང་བའི་ས་ཁུལ་དུ་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་མེ་ཟོན་པས་ཕྱོགས་གཅིག་ནས་མང་ཚོགས་ལ་དྲིལ་བསྒྲགས་དངོས་པོ་སྤྲོད་པ་དང་ཕྱོགས་གཞན་ཞིག་ནས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་རྒྱུན་མཁོ་ཤེས་བྱ་འགྲེལ་བཤད་ནན་ཏན་བྱས་པ་རེད། དགུན་དུས་ཀྱི་མེ་ཟོན་དུས་རིམ་དུ་མེ་སྐྱོན་མི་ཐོན་པ་དང་མེ་ཟོན་ལས་དོན་གྱི་རང་འགུལ་དབང་ཆ་བརྟན་དུ་གཏོང་ཆེད།རང་ཁུལ་གྱིས་རྡུང་འགོག་མཉམ་བྱེད”ནས“མེ་ཟོན་སྔོན་སྤེལ”བྱས་ཤིང་། རྫོང་ཁག(གྲོང་ཁྱེར)སོ་སོས་མེ་ཟོན་དྲིལ་བསྒྲགས་ཡན་ལག་རུ་ཁག་བཙུགས་ནས་ཡུལ་ཤོག་དང་གྲོང་རྡལ། གྲོང་སྡེའི་ཚོགས་ཆུང་།དུང་དཀར་ལུང་པ་སོགས་ཀྱི་མཛེས་ལྗོངས་ཁུལ་དུ་སོང་ནས་མེ་ཟོན་དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བའི་དུས་མཚུངས་སུ། དྲྭ་ཐོག་ནས་སྟོབས་ཤུགས་གཏོད་པ་དང་།དྲྭ་སྦྲེལ་ཐོག་ནས་རྫོང་དང་ཡུལ་ཤོག་ལ་གཤམ་སྤྲོད་བྱེད་པ།རྫོང་དང་ཡུལ་ཤོག་ཏུ་ཚོགས་འདུ་འཚོགས་པ།མི་དམངས་ཉེན་རྟོག་པ་དུད་ཚང་དུ་སྐྱོད་པ་བཅས་ཀྱི་བྱེད་ཐབས་ཐོག་ནས་དྲིལ་བསྒྲགས་བྱས། ད་སྔར་ཉེན་རྟོག་པ་མིའི་ཐེངས་གྲངས1700ལྷག་ཙམ་དང་རླངས་འཁོར750ལྷག་ཙམ་བཏང་ནས་ཁྲིམས་ལུགས་ཆེད་དོན་སྒྲོག་འགྲེལ་ཐེངས200ལྷག་བྱས་པ་དང་།འགྲེམས་པང80ལྷག་དང་།འཕྲེད་འགེལ་སྦྱར་ཡིག400ལྷག། སྦྱར་ཡིག1000ལྷག་སྦྱར་བས་མ་ཚད་དྲིལ་བསྒྲགས་ཡིག་རིགས་ཁྲི9.5འགྲེམ་གཏོང་བྱས་ཡོད།

རང་ཁུལ་གྱིས་སྒྲིག་འགལ་ངང་ཕྱི་རོལ་དུ་མེ་སྤྱོད་རྒྱུ་ནན་འགོག་བྱས་ནས་སྐྱེས་ཁམས་ཀྱི་ཉེན་མེད་སྲུང་ཡོལ་ཏན་ཏིག་ངང་བསྐྲུན་ཡོད། གཙོ་གནད་ནགས་ཁུལ་ལ་སྐོར་སྐྱོད་ཚོད་འཛིན་དང་།གལ་ཆེའི་ས་གནས་ལ་ཞིབ་བཤེར། གཙོ་གནད་དུས་རིམ་དུ་སྐོར་སྐྱོད།གཙོ་གནད་གློག་ལམ་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ཞིང་།ད་སྔར་གཙོ་གནད་ནགས་ཚལ་དང་འབྲོག་ཁུལ་གྱི་ཁ་འགྲེམས་དང་འབྲེལ་མཐུད་བྱ་ཡུལ161ལ་ཟིན་ཡོད། “18+1”མེ་གྱོད་འགག་སྒྲོལ་གྱི་ཆེད་དོན་འཛིན་གྲྭ་བཙུགས་ནས“7+1”གི་མཉམ་འབྲེལ་ལས་སྒྲུབ་བྱེད་སྟངས་འཐུས་ཚང་དུ་བཏང་སྟེ་མེ་གྱོད་ཞིབ་བཤེར་ཐག་གཅོད་དེ་བས་གནད་སྨིན་དང་ལས་ཕྱོད་ཆེ་བ་ཡོང་བ་བྱས་དང་བྱེད་བཞིན་ཡོད། སྤྱི་ཟླ10པ་ནས་བཟུང་།སྒྲིག་འགལ་ངང་ཕྱི་རོལ་དུ་མེ་སྤྱོད་པའི་གྱོད་གཞི17དང་མི21སྲིད་འཛིན་བཀག་ཉར་བྱས།།


  • ལེ་ཚན་སྔོན་མ།:དར་མདོ་གྲོང་ཁྱེར་གཉའ་ལུང་སྲང་ལམ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲ་བ་དམ་ཚགས་བཟོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།