བྲག་མགོ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་སྔོན་འགོག་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས།

ཀུན་དགའ་དང་རྟ་མགྲིན་རྡོ་རྗེས་བསྒྱུར།        2021-12-20

སྤྱི་ཟླ12པའི་ཚེས8ཉིན་གསར་འགོད་པས་བྲག་མགོ་རྫོང་ནགས་རྩྭ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་སྔའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་ཁག་སྔར་བས་ཏན་ཏིག་བསྒྲུབས་ནས་ནགས་ཚལ་དང་རྩྭ་ཐང་གི་ཉེན་མེད་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་ཆེད།ཉིན་ཤས་བསྟུད་མར་བྲག་མགོ་རྫོང་གི་འབྲེལ་ཡོད་ལས་སྒྲུབ་མི་སྣས་རྫོང་ཁོངས་ཀྱི་ཐག་རིང་ལུང་ཁུག་གི་ཡུལ་གྲོང་དང་།དེ་བཞིན་ལམ་རྒྱུད་ཀྱི་མེ་ཟོན་འགག་གནས་ཡོད་ས།ཞིབ་བཤེར་ས་ཚུགས་སོགས་སུ་བསྐྱོད་དེ་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་ནགས་ཚལ་རྩྭ་ཐང་གི་མེ་གསོད་མེ་ཟོན་ལས་དོན་ཁག་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

ལྟ་སྐུལ་མཛུབ་ཁྲིད་བྱེད་རིང་ལས་སྒྲུབ་མི་སྣས་མེ་ཟོན་ལས་དོན་གྱི་རྩིས་ཁྲ་དང་།མི་སྣ་རི་མགོར་སྐྱོད་པའི་རྩིས་ཁྲ།མེ་ཟོན་ཨང་རྟགས་ཐོ་འགོད་རྩིས་ཐོ་སོགས་བརྒྱུད་ཡུལ་དངོས་སུ་མེ་ཟོན་ལས་དོན་སྤེལ་ཚུལ་རྒྱུས་ལོན་བྱས་པར་མ་ཟད།གཙོ་གནད་ནགས་ཁུལ་གྱི་འགག་སྒོ་ཡོད་སར་བསྐྱོད་ནས་ཁོངས་གཏོགས་ཁུལ་གྱི་སྐྱེ་ཁམས་ནགས་སྲུང་བ་དང་རྩྭ་ཐང་བདག་གཉེར་བས་ལས་གནས་ཐོག་རི་སྐོར་བྱེད་པའི་གནས་ཚུལ་རྒྱུས་ལོན་བྱས་ཡོད། དེ་དང་ཆབས་ཅིག་ལྟ་སྐུལ་མཛུབ་ཁྲིད་བྱེད་རིང་ད་དུང་མེ་གསོད་སྔོན་འགོག་ལས་དོན་དྲིལ་བསྒྲགས་ནན་པོ་དང་།བྱ་ཐབས་ནན་པོ།དོ་དམ་སྲུང་སྐྱོང་ནན་པོ་བཅས་བྱ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན།སླད་ཕྱིན་གྱི་ལས་ཀའི་ནང་རྫོང་དེས་ལས་ཀའི་འགན་འཁྲི་སྔར་བས་ནན་དུ་བཏང་ནས་ཡུལ་ཤོག(གྲོང་རྡལ)དང་།གྲོང་སྡེ།ཚོགས་ཆུང་སོགས་རིམ་ཁག་མེ་ཟོན་ཞིབ་བཤེར་ས་ཚུགས་ལ་རང་རང་སོ་སོའི་ལས་ཀའི་འགན་འཁྲི་འདོན་སྤེལ་གང་ལེགས་བྱ་དགོས་པ་དང་།ལྟ་སྐྱོང་བྱེད་མིས“མི་སྣ་རིགས་དྲུག”དང་།ན་སོ་དར་ལ་མ་བབས་པའི་མི་དང་དེ་བཞིན་བྱིས་པ་རི་མགོར་ནགས་སུ་འཇུག་པར་ལྟ་སྐུལ་དོ་དམ་ཡག་པོ་བྱས་ཏེ་ནགས་རར་འཇུག་པའི“འགག་སྒོ་དང་པོ”ཡག་པོ་སྲུང་དགོས་པའི་བླང་བྱ་བཏོན་པའི་དུས་མཚུངས་སུ། དྲིལ་བསྒྲགས་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་འགྲོ་འོང་བྱེད་མཁན་གྱི་མེ་གསོད་སྔོན་འགོག་གི་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་ནས་མི་ཚང་མས་མེ་ཟོན་དང་།མི་ཚང་མས་ཤེས་པ།མི་ཚང་མས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ལ་དོགས་ཟོན་བྱེད་པ་བཅས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ཡོད། གཞན་ཡང་།རྫོང་དེས་རི་སྐོར་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་ཉིན་རེའི་དོམ་ཁྲའི་ནགས་ཚལ་ཡག་པོ་སྲུང་ཡག་པོ་སྲུང་རྒྱུ་མཐའ་འཁྱོངས་བྱས་ནས་དྲྭ་ཐོག་ཏུ་ཞུགས་ནས“མི་དང་དངོས་པོ།ལག་རྩལ་བཅས་ཀྱི་སྲུང་སྐྱོང”ལས་དོན་གྱི་རྣམ་པ་ཡོངས་ཁྱབ་ཏུ་སྤྱད་དེ་མེ་མ་འབར་གོང་ནས་རྫོང་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཉེན་མེད་ཡོང་བར་འགན་ལེན་བྱས་པ་རེད།།

  • ལེ་ཚན་སྔོན་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་གཉའ་ལུང་སྲང་ལམ་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དྲ་བ་དམ་ཚགས་བཟོས།
  • དོ་སྣང་ཆེ་བའི་རྩོམ།