སྒོར་མོས་བསྒྱུར་བའི་མི་གཤིས།

        2021-12-17

[༡]

༢༠༡༧ལོའི་ལོ་སྟོད་ཅིག་ལ་ང་ལ་གློ་བུར་ཁ་པར་ཞིག་འབྱོར་བྱུང་།ངས་ཁ་པར་ལ་དེ་མུར་ཉན་ནས་སུ་ཡིན་དྲིས་པ་ན་ངའི་མཐོ་འབྲིང་སྐབས་ཀྱི་སློབ་གྲོགས་ཚེ་བཀྲ་རེད།ངས་ཁོ་ལ་དོན་དག་ཅི་ཡོད་ཅེས་ཚ་འདྲི་བྱས་པ་ན།ཁོས་བཤད་རྒྱུར་ཁོ་རང་སྒོར་མོ་འགའི་དཀའ་ཁག་ཅིག་དང་འཕྲད་སོང་།ད་ཐེངས་རོགས་བྱེད་ན་མི་བྱེད་ན་ཁྱེད་ཡིན་ཞེས་མངོན་ལྐོག་མེད་པའི་སྐད་ཆ་མང་པོ་ཞིག་ལབ་བྱུང་།ངས་ཀྱང་གྲོགས་པོ་ནི་དགའ་དུས་དགོད་རོགས་ཟ་རོགས་དང་།སྡུག་ལ་ཐུག་དུས་སྐྱོར་རོགས་སྐྱོང་རོགས་ཤིག་མ་འཁྱོངས་ན་མི་འགྲིག་ལ།དེ་འདྲ་བར་གྲོགས་པོ་ཞེས་བོས་ན་ཡང་འཚམ་པོ་མ་རེད་ཅེས་རང་གིས་རང་ལ་སྐུལ་མ་ལྟ་བུ་ཞིག་བྱས་རྗེས་ཚེ་བཀྲར་ཁས་བླངས་ཤིང་།ཁོས་བཤད་པའི་སྒོར་གྲངས་ནང་བཞིན་ཁུག་དམར(红包)གྱི་ལམ་ནས་བསྐུར།སྐབས་དེར་ཁོས་ཀྱང་བཀའ་དྲིན་དང་སྒོར་ཕྱིར་སྤྲད་རྒྱུའི་དུས་ཡུན་ལ་སོགས་ང་ལ་གསལ་ཐག་ཆོད་པ་ཞིག་ཞུས་རྗེས་སྐད་ལམ་སྟོང་ཤིག་གེར་གནས་སྐབས་མི་ཁོམ་པའི་བརྡ་ཞིག་པར་ཆུང(表情)ལམ་ནས་བསྐུར།ངས་ཀྱང་ཕྱིར་ཡ་ལན་སྤྲད་རྗེས་ཕྱིར་རང་ཡུལ་དུ་ལོག་མགོ་བརྩམས།

[༢]

ཉིན་དེར་ང་རང་ཡུལ་ལ་འབྱོར་དུས་ཕལ་ཆེར་དགོང་བོའི་ཆུ་ཚོད་དང་པོ་ལ་བསླེབས་འདུག། དེ་ནས་ཆད་སྣང་ཞིག་དང་མཉམ་དུ་གཉིད་ལོག་པ་ཡིན།ཕྱི་ཉིན་ཁ་པར་གྱི་སྒོ་ཕྱེས་ནས་བལྟས་པ་ན་ངའི་སྐད་འཕྲིན་སྟེང་དུ་ངའི་མཐོ་འབྲིང་གི་སྐྱོར་དཔོན་ཟླ་བས་སྐད་ཅིག་འབྱོར་འདུག། ཕལ་ཆེར་སྐར་མ་གཅིག་ཡས་མས་ཡོད་པའི་སྐད་ཅིག་རེད་འདུག། དེ་ནས་ངས་སྐད་དེར་ཞིབ་ཏུ་ཐེངས་གཅིག་ཉན་པ་ན་ཁོས་འདི་ལྟར་བཤད་འདུག། ད་ནི་ཁྱོད་ཀྱི་སྒོར་མོ་བསྐྱིས་པ་དེ་ཕྱིར་ཡོང་མི་འདུག་ཅེས་སྐད་མཐོན་པོས་བཤད།ངས་ཁྱོད་ཀྱི་ནང་དོན་ཅི་ཡིན་ཞེས་དྲིས་པ་ན།ཁོས་བཤད་རྒྱུར།འུ་ཚང་གི་སློབ་གྲོགས་ཚེ་བཀྲར་བློ་གཏོད་མི་འདུག ངས་ཀྱང་སྔོན་ཆད་ཁོས་མེད་མུག་བཏོན་ནས་སྒོར་མོ་འགའ་བསྐྱིས་པ་ཡིན་མོད།རྗེས་ནས་ཁོས་ང་ལ་ཨ་ལན་ཞིག་ཀྱང་མི་སྟེར་བར་ཁ་རོག་གེར་བསྡད་ཅིང་།ངས་ཁོ་ལ་སྒོར་མོ་ཕྱིར་སྤྲོད་ཅེས་རེ་བ་དང་བཙན་གཏམ་མང་པོ་བཤད་ཀྱང་མཐར་ཁོས་ངས་ཁྱོད་ལ་སྒོར་མོ་ཞིག་གཏན་ནས་བསྐྱིས་མ་མྱོང་ཞེས་ངར་བཤད་མང་པོ་བྱས་ཤིང་།མཇུག་མཐར་ངེད་གཉིས་སྒོར་མོ་དེའི་དོན་དུ་སློབ་གྲོགས་ཀྱི་མཛའ་བརྩེ་ཡང་རིམ་གྱིས་རྩ་མེད་ཤུགས་མེད་དུ་སོང་།ངས་སྐད་ཆ་དེར་ཉན་རྗེས་རང་གིས་ཀྱང་ད་ནི་སྒོར་མོ་ཕྱིར་སྤྲོད་ཟེར་དགོས་སྙམ།ཁོས་སྒོར་མོ་བསྐྱི་དུས་གཏན་ལ་ཕབ་པའི་དུས་ཚོད་དེ་ལས་འདའ་ཡོད་པས།སྒོར་མོ་ཕྱིར་སྤྲོད་ཅེས་ལབ་ནའང་མི་འགྲིག་རྒྱུ་ཅང་མི་འདུག་བསམས་ཏེ་ཁོའི་སྐད་འཕྲིན་སྟེང་དུ་བརྡ་ཞིག་བཏང་བ་ན་ཚེ་བཀྲས་ཆུ་ནང་ལ་གཡག་ཅེས་པ་ནང་བཞིན་ངའི་སྐད་ཆར་དོ་སྣང་སྤུ་ཙམ་ཡང་མི་བྱེད་པར་ལྷིང་འཇགས་པར་ལུས།དེ་ནས་ང་ཡང་ཅུང་ཁྲོས་ནས་བཟང་ལ་བཟང་ལན་མེད་ན་ང་ཡང་ཁྱོད་འདྲ་བའི་སློབ་གྲོགས་ཤིག་དགོས་དོན་མེད།སྒོར་མོ་ད་ཁྱེར་ནས་ཤོག་ཅེས་བཤད་པ་ན།

“ཚེ་བཀྲ་གློ་བུར་གྲག་བྱུང་། སྒོར་མོ།སྒོར་མོ།”

སློབ་གྲོགས་དོན་གྲུབ།ཁྱོད་ཀྱིས་དེ་སྔོན་ང་ལ་བསྐྱིས་པའི་སྒོར་རྡོག་འགའ་བོ་དེ་ཟེར་བ་ཡིན་ནམ་ཞེས་མི་འཐད་པའི་ཚུལ་གྱིས་སྨྲས་བྱུང་།

“འོ་ཡ།དེ་ཟེར་བ་ཡིན།”སྒོར་རྡོག་འགའ་ཡིན་ཡང་སྒོར་མོ་ཡིན།ཁྱོད་ལ་མེད་མུག་གིས་གཙེས་དུས་སྒོར་རྡོག་འགའ་བོ་དེ་གསེར་ལོག་ལོག་ཅིག་ལས་འདང་ཆེ་བ་བརྗེད་སོང་ངམ།ད་ཅང་མི་བཤད།སྒོར་མོ་ད་ཁྱེར་ཤོག་ཅེས་བཤད་མཐར།“ཆོག་གི་ཆོག་གི…”

[༣]

ཉིན་འགའི་རྗེས་ནས་ངས་སྔོན་ཆད་སྒོར་མོ་བསྐྱིས་མྱོང་བའི་སློབ་གྲོགས་ཚེ་བཀྲས་རླངས་འཁོར་ཨ་ལོང་མ(奥迪)ཞིག་བསྐོར་ནས་ངེད་ཚང་གི་སྒོ་སྔུན་དུ་ཐོན།ཁོས་བཤད་རྒྱུར།མྱི་ལྡང་།“ཁྱོས་སྒོར་རྡོག་འགའ་ཚ་འདེད་མ་བྱས་ན་ཤི་འགྲོ་གི་པའ།འདི་སྒོར་མོ།”

འོ་དཀོན་མཆོག་མཁྱེན།ཉམས་འགྱུར་ཆེ་གི་ཡ།གང་ཞིག་ནས་རྒྱུ་ཐོག་ལ་བརྒྱབས་སོང་ངམ་ཞེས་ངས་རང་གིས་རང་ལ་དྲི་བ་ཞིག་དྲིས་རྗེས་ཕྱིར་ཁྱིམ་དུ་ལོག། དེ་ནས་ཅང་མ་འགོར་བར་དེ་སྔོན་རླངས་འཁོར་གྱི་ཁ་ལོ་བ་དེ་རྐང་པ་བརྒྱབས་ནས་ངེད་ཚང་གི་ཁྱིམ་དུ་འབྱོར།“ཡ་་་་་་།སྡོད་སྡོད།ཨ་ཅེ་མགྲོན་པོ་ཇ་དྲོངས་ཞེས་་་ ་་་།”

འོ།་་་ ་་་ད་ཇ་མི་འཐུང་།“ངེད་ཚང་གི་སྦྱིན་བདག་གིས་ཁྱོད་ལ་སྐད་ཅིག་སྐུར་གི” རེད་རེད།ཁྱེད་ཚང་གི་སྦྱིན་བདག་སུ་ཡིན་ནས།སྔོན་ཏག་ཏག་ཁྱོད་ལ་སྒོར་མོ་སྟེར་མཁན་དེ་རེད།རྗེས་མ་སློབ་གྲོགས་འདུ་འཛོམས་འདྲ་ཡོད་ན།ཁྱོས་ཁོ་ལ་སློབ་གྲོགས་མ་ཟེར།ཁོ་ལ་ཁྱོད་ལྟ་བུའི་སློབ་གྲོགས་ཤིག་ཡོད་ན་ཅུང་མི་བདེ་གི རྒྱུ་མཚན་ཁོ་སྦྱིན་བདག་ཆེ་གྲས་ཀྱི་སྐོར་ཡིན།སྒོར་མོའི་ཕྱུག་པོ་ཡིན་ཟེར།སྙན་གྲགས་ལ་ཅུང་་་ ་་་།ལགས་སོ།ཁོས་སྐད་བཏང་བ་ཆ་ཚང་བཤད་ཚར་སོང་།ད་ང་བུད་འགྲོ།ཁ་དྲོ་ཚེ་རིང་།“་་་་་་ཡ་ཡ།”བཀའ་དྲིན་ཆེ།དལ་མོར་ཕེབས།“ཨ་ཤུ་རེ་གོ”མི་སྒོར་མོ་ལ་དགའ་བ་ནི་ཧ་ལས་པ་ཞིག་མ་ཡིན་པར་སྒོར་མོ་རིག་ན་གྲོགས་པོ་བརྗེད་འགྲོ་བའམ་གྲོགས་པོ་དོར་འདོད་པ་ནི་ཅི་འདྲའི་འཇིགས་ཡེར་ཞིག་རེད་ཨང་།དེ་ནས་ཏག་ཏག་མི་ལོ་གཉིས་གསུམ་ཙམ་འགྱངས་ཤིང་།ཉིན་ཞིག་གི་ཞོགས་པར་ང་རྫོང་ཐོག་ཏུ་དོན་ཕྲན་ཙམ་ཡོད་ཕྱིར་རྫོང་ལ་ལོག་པ་ཡིན།ཡ་མཚན།གློ་བུར་རང་དང་ན་མཉམ་གྱི་སྐྱེས་པ་ཞིག་ངའི་ལག་མགོར་འབྱར་ནས་སློབ་གྲོགས་དགའ་བོ་ཁྱོད་བདེ་མོ་ཡིན་ནམ་ཞེས་ཚིག་བསྐྱར་བཟློས་མང་པོ་ཞིག་ལབ་བྱུང་།ཕར་བལྟས་ན་ཁོས་ཟ་མ་འང་ཟོས་མེད་ཚོད་རེད་སྙམ་ནས།ངས་ཁོ་ལ།“འུ་་་འུ་་་འུ་་་།བདེ་མོ་ཡིན།”

ཁྱོད་་་ ་་་སུ་རེད་ཅེས་སྐད་དམའ་མོས་ལབ་པ་ན།ཁོ་ངོ་ཚ་བའི་ཚུལ་གྱིས།“ང་་་ང་་་ང་་་།འདི་ ་ ་”

འོ་རེད།ངས་ཁྱོད་ཤེས་ཀི སློབ་གྲོགས་ཚེ་བཀྲ་འགྲོ།ཟ་མ་བཟའ་རུ་འགྲོ།དེ་རིང་སྐྱིད་སྐྱིད་ཅིག་བྱེད་ཅེས་ཁོ་ཟ་ཁང་ཞིག་ཏུ་ཁྲིད་པ་ཡིན།སྦྱིན་བདག་་་ ་་་།

[༤]

རེད་ཡ་སློབ་གྲོགས།ཁྱོད་ཀྱིས་ད་ལྟ་བྱ་བ་ག་རེ་གཉེར་གྱི་ཡོད་ཅེས་ཤུགས་འདྲི་བྱས་པ་ན།“ཁོས་བཤད་རྒྱུར།”སློབ་གྲོགས་དོན་གྲུབ།ང་ངོ་མ་ངོ་ཚ་ཡི་འདུག། སྔོན་ཆད་ང་ལ་སྒོར་མོ་འགའ་ཡོད་པས་ཁྱོད་ལ་སྐད་ཆ་མི་སྙན་པ་མང་པོ་ཞིག་བཤད་མྱོང་།དེ་དུས་ང་ངོ་མ་ཕྱུག་པོར་ཆགས་ཡོད།རྒྱུ་མཚན་ངས་ངོ་ཤེས་ཤིག་ལ་འབྲོག་ཁུལ་གྱི་ཐོན་རྫས་འགའ་ཕྱིར་འཚོང་དང་ཉོ་བསྡུ་བྱེད་རོགས་བྱས་ནས་ང་ལ་རིམ་གྱིས་ཁོ་ཚོས་ཕྱིར་ཚོང་ཀྲུའུ་རེན(主任)ཞེས་པའི་མིང་བྱང་ཞིག་སྤྲད་བྱུང་།ཡིན་ཡང་ལོ་འགའ་མ་འགོར་བར་ཐོན་རྫས་རྫུན་མ་སླད་ཅན་འགའ་བྱུང་ནས་ང་ལ་ཉེས་ཆད་ལོ་གཅིག་དང་སྒོར་ཆད་འབོར་ཆེན་བཅད་པས།ད་ནི་ཚད་འདི་ལ་ལྷུང་སོང་བ་རེད།“འོ་རེད་རེད།མ་ངུ་མ་ངུ།”མྱི་སྐྱིད་དུས་སྡུག་དུས།ཐང་སྐྱ་དུས་སྔོ་དུས་ཟེར་ནི་རེད།“སློབ་གྲོགས”ཟེར་བའི་མིག་ཚིག་འདི་མ་འདོར་དང་།ཁྱོད་ནམ་ཡང་ང་དང་སྐྱིད་སྡུག་མཉམ་རོལ་ཡིན།“ཞེས་སྐད་ཆ་ལྷུག་པོར་བརྗོད་པ་ན།”ཁོ་རང་ཡང་སྔོན་བྱས་ལས་ལ་འགྱོད་པ་དྲག་ཏུ་སྐྱེས་ཏེ།མ་འོངས་པར་ཚད་དང་ལྡན་པའི་མི་ཞིག་བྱ་རྒྱུ་ཡིན་ཞེས་དམ་བཅས།

[༥]

ངས་སློབ་གྲོགས་ཚེ་བཀྲ།སྒོར་མོ་ནི་རིན་པོ་ཆེ་ཡིན།ཡིན་ཡང་འུ་ཚོས་སྒོར་མོ་བཙལ་ཆོག་ཀྱང་གྲོགས་པོའི་མཛའ་བརྩེ་ནི་བཙལ་ནས་རྙེད་མི་སྲིད་པས།དུས་ནམ་ཡང་འུ་ཚོ་མིའི་རིགས་ཡིན་པས་ཆ་ན་སྒོར་མོའི་བྲན་གཡོག་ཏུ་མི་འགྱུར་རོགས།ཞེས་སྐད་ཆ་མང་ཙམ་བཤད་རྗེས་ངེད་གཉིས་ལྷན་དུ་ངེད་ཚང་གི་ཕྱོགས་སུ་གོམ་པ་སྤོས།“ཁོས་ང་ལ”ག་རེ།གྲོགས་པོ།འུ་གཉིས་ཀ་ནམ་ཞིག་གི་ཚེ་་་ ་་་།།

༼ མགར་ཐང་དཀར། ༽

  • ལེ་ཚན་སྔོན་མ།:དགུན་ཁ།
  • ལེ་ཚན་རྗེས་མ།:རང་གིས་སོམས།