ཧྲེན་དབྱང་གིས་ཁོར་སྲུང་དག་བཅོས་སྐུལ་འདེད་གཏོང་བའི་ཚོགས་འདུའི་ཐོག་ཏུ་གསུང་བཤད་གནང་།

​ཐུབ་ཀྱིས་བསྒྱུར།        2021-12-22

རྣམ་འགྱུར་ཆེས་བློ་ཐག་ཆོད་པོ་དང་བྱ་ཐབས་ཆེས་ནུས་པ་ལྡན་པ། བླང་བྱ་ཆེས་ནན་པོའི་ཐོག་ནས་ཚད་གཞི་དང་སྤུས་ཚད་མཐོན་པོས་དག་ཐེར་ལེགས་བཅོས་ལས་འགན་བསྒྲུབས་ཏེ། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏང་དགོས་ཞེས་གསུངས།


སྤྱི་ཟླ12པའི་ཚེས17ཉིན་ལ། དཀར་མཛེས་ཁུལ་གྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཕྱིར་ལྡོག་གནད་དོན་དག་ཐེར་དང་ལེགས་བཅོས་བྱེད་པའི་སྐུལ་འདེད་གྲོས་ཚོགས་རེས་གཉིས་པ་འཚོགས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་ལག་བསྟར་དངོས་སུ་བྱེད་ཅིང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་ལྔ་པས་སི་ཁྲོན་ཞིང་ཆེན་དུ་ལྟ་ཞིབ་བྱས་པའི་ཕྱིར་ལྡོག་གནས་ཚུལ་ཚོགས་འདུའི་སྙིང་དོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭའི་གསུང་བཤད་ཀྱི་བླང་བྱ་དོན་འཁྱོལ་ནན་ཏིག་བྱེད་པ་དང་། ཕྱིར་ལྡོག་གནད་དོན་ལ་དམིགས་ནས། མནོ་བསམ་ཞིབ་ཕྲ་གཏོང་བ་དང་འབྲེལ་དག་ཐེར་ལེགས་བཅོས་ཀྱི་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧྲུའུ་ཏ་ཁྲུན་གྲོས་ཚོགས་སུ་ཞུགས་པ་རེད།

གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ཚད་གཞི་དང་བསྡུར་ནས་གསལ་ཐོ་བཟོ་བ་དང་། གསལ་ཐོ་ལམ་ལུགས་དང་འགན་འཁྲི་ལམ་ལུགས། བསྒྲུབས་ཟིན་ལམ་ལུགས་བཅས་ཟུང་དུ་སྦྲེལ་ཞིང་། གནད་དོན་གསལ་ཐོ་དང་འགན་འཁྲི་གསལ་ཐོ། ལས་འགན་གསལ་ཐོ་བཅས་བཟོས་ནས། དག་ཐེར་ལེགས་བཅོས་ཀྱི་འཆར་གཞི་ལྟར་རེ་རེ་བཞིན་དག་ཐེར་ལེགས་བཅོས་དོན་ལ་གནས་པ་བྱ་དགོས། བསམ་བློའི་ངོས་འཛིན་བྱེད་ཤུགས་མི་འདང་བ་སོགས་སྤྱིའི་གནད་དོན་ལ་དམིགས་ནས། རྒྱུད་རིམ་ལྡན་པས་དབྱེ་ཞིབ་དང་། རྩ་འཕུར་ཁུངས་འདེད། གཅིག་བསྡུས་ཀྱིས་དག་ཐེར་ལེགས་བཅོས་བྱེད་ཅིང་། ཡུན་ཕན་ནང་སྲོལ་བཙུགས་ཤིང་འཐུས་སྒོ་ཚང་དུ་བཏང་སྟེ། བསམ་བློ་དང་ལམ་ལུགས། བྱེད་ཐབས། བཅོས་སྐྱོང་བཅས་ཀྱི་ཧེ་བག་ཁ་གསབ་བྱེད་ཤུགས་ཆེ་རུ་གཏང་དགོས། རྩྭ་ཐང་ཞན་འགྱུར་ཚབས་ཆེན་ཡིན་པ་སོགས་ཀྱི་བྱེ་བྲག་གི་གནད་དོན་ལ་དམིགས་ནས། རང་བློ་ནང་དུ་བསྡུས་ནས་བསམ་ཞིབ་བྱེད་ཅིང་འགག་རྩ་གནད་ལ་འཁེལ་པོས་འཚོལ་བ་དང་ཞན་ཆ་ཁ་གསབ་གནད་ལ་སྨིན་བ་བྱ་དགོས། རིགས་བགོས་ནས་དག་ཐེར་དང་ལེགས་བཅོས་བྱེད་པ་དང་། དག་ཐེར་ལེགས་བཅོས་བྱས་ཟིན་རིགས་ལ་མུ་མཐུད་དེ་ཕྱིར་མིག་བལྟ་དགོས་པ་དང་། ཁྲལ་སེལ་དང་སླ་ཆུས་བྱེད་པའི་ལྷོད་གཡེང་གི་བསམ་བློ་སེམས་ཐག་གཙང་བཅད་ཀྱིས་རྦད་དེ་བསལ་ཏེ། དག་ཐེར་དང་ལེགས་བཅོས་ཀྱི་གྲུབ་འབྲས་མུ་མཐུད་དེ་སྲ་བརྟན་གཏང་དགོས། དུས་ཡུན་རིང་པོར་དག་ཐེར་ལེགས་བཅོས་བྱ་དགོས་རིགས་ལ་རིམ་པ་བགོས་ནས་རིམ་བཞིན་སྐུལ་འདེད་བཏང་སྟེ་དག་ཐེར་ལེགས་བཅོས་མཐར་ཕྱིན་པར་བྱ་དགོས། དག་ཐེར་ལེགས་བཅོས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་དང་དངོས་ཐོག་བདེན་འཚོལ་བྱ་རྒྱུ་རྒྱུན་འཁྱོངས་པ་ལས་ཁ་ཚོན་གཅིག་གཅོད་མི་བྱེད་པ་དང་། དག་ཐེར་ལེགས་བཅོས་ལས་དོན་ཚན་མཐུན་ལུགས་མཐུན་ཡིན་ལ་དོན་ཐོག་འཁྱོལ་ནས་ཕན་འབྲས་ཐོན་པར་ཁག་ཐེག་བྱ་དགོས་ཤིང་། དུས་ཐོག་དག་ཐེར་ལེགས་བཅོས་ཀྱི་མཇུག་འབྲས་ཡོངས་བསྒྲགས་བྱེད་པ་དང་། རང་རྟོགས་ངང་ལྟ་སྐུལ་དང་ལེན་ཞུ་ཞིང་། ཤོག་བུའི་ངོས་ཀྱི་དག་ཐེར་ལེགས་བཅོས་དང་དག་ཐེར་ལེགས་བཅོས་རྫུན་མ་བྱེད་པ་མཐའ་གཅིག་ཏུ་མེད་པར་བྱ་དགོས། གཅིག་ཤེས་ཀུན་གྲོལ་བྱ་རྒྱུ་རྒྱུན་འཁྱོངས་ནས་ས་ཁོངས་ཡོངས་དང་ལས་རིགས་ཡོངས། ཁྱབ་ཁོངས་ཡོངས་བཅས་སུ་དུས་ཡུན་ཟླ་བ3རིང་གི་རང་བཤེར་བྱ་སྤྱོད་སྤེལ་བ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་གཡུལ་འགྱེད་མུ་མཐུད་དེ་རྒྱག་ཅིང་། འབྲི་ཆུའི་དཔལ་འབྱོར་རྒྱུད་ཁུལ་གྱི་ཆུ་གློག་ཆུང་གྲས་གཙང་སེལ་དང་རང་བྱུང་སྲུང་སྐྱོང་བྱེད་ཡུལ་གྱི་མངོན་གསལ་གནད་དོན་དག་ཐེར་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མུ་མཐུད་དེ་ཆུ་དཔོན་དང་མཚེའུ་དཔོན། ནགས་དཔོན་ལམ་ལུགས་ལག་ལེན་བསྟར་ཞིང་། རི་སྔོ་ཆུ་གཙང་ནི་གསེར་རི་དངུལ་རི་ཡིན་པའི་ལག་ལེན་གསར་གཏོད་རྟེན་གཞི་གསར་པ་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔེ་སྟོན་རྫོང་གསར་འཛུགས་ཧུར་ཐག་བྱེད་པ། མངོན་གསལ་གནད་དོན་ལ་དམིགས་ནས་ས་གནས་ཀྱི་ཁྲིམས་འཛུགས་ལས་དོན་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛིན་ལྟ་སྐུལ་དོ་དམ་ནན་པོར་བྱེད་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་དུ་འཁོར་སྐྱོད་ཡོང་བར་སྐུལ་སྤེལ་བྱ་དགོས།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་བཅུ་གསུམ་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།