སྐལ་ཐུབ་དང་མཁས་གྲུབ། རྟ་མགྲིན་རྡོ་རྗེ། 2021-12-25
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་གིས་“སློབ་བརྩོན་རྒྱལ་དར”སློབ་སྦྱོང་སྟེགས་བུའི་དཀར་མཛེས་ཁུལ་སློབ་སྦྱོང་སྟེགས་བུ་དེ་དྲྭ་ཐོག་ནས་དངོས་སུ་སྤྱོད་མགོ་ཚུགས་པའི་ཁྱབ་བསྒྲགས་གནང་བཞིན་པ།
སྤྱི་ཟླ12པའི་ཚེས25ཉིན་ལ། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་། དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་།དཀར་མཛེས་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་། “སློབ་བརྩོན་རྒྱལ་དར”སློབ་སྦྱོང་སྟེགས་བུའི་དཀར་མཛེས་ཁུལ་སློབ་སྦྱོང་སྟེགས་བུ་བཅས་ཀྱི་སྒྲུབ་འགན་ཁུར་བ་དང་། དཀར་མཛེས་ཁུལ་ཞིང་ཚོང་དངུལ་ཁང་དང་། དཀར་མཛེས་ཁུལ་དཔེ་མཛོད་ཁང་།དཀར་མཛེས་ཁུལ་ཞིན་ཧྭ་དཔེ་མཛོད་ཁང་བཅས་ཀྱིས་རོགས་གཉེར་བྱས་པའི“སློབ་བརྩོན་རྒྱལ་དར” སློབ་སྦྱོང་སྟེགས་བུའི་དཀར་མཛེས་ཁུལ་སློབ་སྦྱོང་སྟེགས་བུ་དེ་དྲྭ་ཐོག་ནས་དངོས་སུ་སྤྱོད་མགོ་ཚུགས་པའི་མཛད་སྒོ་དེ་དར་མདོར་སྤེལ་བ་རེད།
ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཆུང་གིས་ཤིས་ཚིག་འབུལ་བཞིན་པ།
སི་ཁྲོན་གསར་འགྱུར་དྲ་བ་འཕྲིན་སྦྱོར་ཚོགས་པའི་ཏང་ཨུའི་ཨུ་ཡོན། སྤྱི་ཁྱབ་རྩོམ་སྒྲིག་པ་གཞོནཔ། “སློབ་བརྩོན་རྒྱལ་དར”སི་ཁྲོན་སློབ་སྦྱོང་སྟེགས་བུའི་འགན་ཁུར་བ་ཅན་ཝུན་མིང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཆུང་བཅས་མཛད་སྒོར་ཞུགས་པ་དང་། ཧྲི་ཀང་གིས་“སློབ་བརྩོན་རྒྱལ་དར”སློབ་སྦྱོང་སྟེགས་བུའི་དཀར་མཛེས་ཁུལ་སློབ་སྦྱོང་སྟེགས་བུ་དེ་དྲྭ་ཐོག་ནས་དངོས་སུ་སྤྱོད་མགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་།ཝང་ཡུས་ཆུང་གིས་ཤིས་ཚིག་ཕུལ་བ་རེད།
མཛད་སྒོའི་ཐོག་དཀར་མཛེས་ཁུལ་གྱི“སློབ་བརྩོན་རྒྱལ་དར”གྱི་རྩ་འཛུགས་སྔོན་ཐོན་ཅན15དང་སློབ་མ་ཕུལ་དུ་བྱུང་བ50ལ་གཟེངས་བསྟོད་བྱས་ཤིང་།ཡུལ་དངོས་སུ་དེ་དག་གི་འཐུས་མི་ལ་གཟེངས་དཔང་དང་བྱ་དགའ་སྤྲད་ཡོད། དེར་མ་ཟད་ཡུལ་དངོས་སུ་འགྲན་སྡུར་བརྒྱུད་ནས་རང་ཁུལ“སློབ་བརྩོན་རྒྱལ་དར”སྟེགས་བུའི་སློབ་སྦྱོང་མཁས་ཆེན་བདམས་པ་དང་། མཐར་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་བློ་མཐུན་ཀྲང་པིང་ལ་སློབ་སྦྱོང་མཁས་ཆེན་གྱི་མཚན་སྙན་ཐོབ།
དྲྭ་གྲགས་ལི་ཐང་བསྟན་འཛིན་བརྩོན་འགྲུས་ཀྱང་ཐེངས་འདིའི་མཛད་སྒོར་ཞུགས་པ་དང་། ཁོ་རང་“སློབ་བརྩོན་རྒྱལ་དར”སློབ་སྦྱོང་སྟེགས་བུའི་དཀར་མཛེས་ཁུལ་སློབ་སྦྱོང་སྟེགས་བུའི་ཁྱབ་སྤེལ་ཕོ་ཉར་གདན་འདྲེན་ཞུས་ཤིང་། ཡུལ་དངོས་སུ་ཅན་ཝུན་མིང་གིས་ཁྱབ་སྤེལ་ཕོ་ཉའི་གདན་འདྲེན་ཞུ་ཡིག་སྤྲད་པ་དང་། བསྟན་འཛིན་བརྩོན་འགྲུས་ཀྱིས་ཡུལ་དངོས་སུ་སྤྲོ་བ་སློང་ཆེད་བདེ་སྐྱིད་ཅེས་པའི་གླུ་སྙན་མོ་ཞིག་བླངས་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། “སློབ་བརྩོན་རྒྱལ་དར”སློབ་སྦྱོང་སྟེགས་བུའི་དཀར་མཛེས་ཁུལ་སློབ་སྦྱོང་སྟེགས་བུ་དེ་སྤྱི་ཟླ11པའི་ཚེས24ཉིན་སློབ་སྒོ་ཕྱེ་བ་ནས་བཟུང་མངག་ཉོ་ལྟ་ཀློག་བྱེད་མཁན་ཁྲི7.5ལ་ཟིན་པ་དང་། གསར་འགྱུར་བརྩམས་ཆོས་གཅིག་གི་ལྟ་ཀློག་བྱེད་ཚད་ཆེས་མཐོ་བ་ཁྲི20ལ་བརྒལ་ཞིང་། བརྩམས་ཆོས་བསྡོམས་འབོར500ལྷག་བཀོད་ཡོད་པ་དང་རིམ་རྩིས་བྱས་ནས་ལྟ་ཀློག་བྱེད་ཚད་ཁྲི2000ལ་ཟིན་ཡོད། དེ་ནི་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་མི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སོགས་སློབ་སྦྱོང་བྱེད་ཡས་ཀྱི་ཆེས་ཕྱོགས་ཡོངས་དང་ཆེས་དབང་གྲགས། ཆེས་རྒྱུད་རིམ་ལྡན་པ། ཆེས་གསར་པ་བཅས་ཀྱི་གཡུལ་ས་གཙོ་བོ་དང་འཕྲིན་སྦྱོར་མཉམ་འདྲེས་སྟེགས་བུ་ཞིག་ཏུ་གྱུར་པ་རེད།སྟེགས་བུ་དེར་ལེ་ཚན་རིམ་པ་དང་པོ7དང་ལེ་ཚན་རིམ་པ་གཉིས་པ31བཀོད་ཡོད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10