བོད་རིགས་བུད་མེད་གཟིར་མདའ་རྒྱག་མཁན་འདིའི་ཉམས་བཟང་ལ་གཟིགས་དང་།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2021-12-23

  ཉེ་ཆར། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་དང་པོའི་《སྦྱོར་ཀློག་མཁན་》ཞེས་པའི་ལེ་ཚན་ནང་དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་དེ་སྔའི་བུད་མེད་གཟིར་མདའ་རྒྱག་མཁན་ཟླ་བ་སྒྲོལ་དཀར་གྱི་ངོ་མཚར་ཆེ་བའི་མི་ཚེའི་གཏམ་རྒྱུད་བསྟན་ཡོད། དཔའ་ཉམས་དོད་པའི་བོད་རིགས་བུད་མེད་གཟིར་མདའ་རྒྱག་མཁན་དེའི་ཕུལ་བྱུང་གི་ལག་རྩལ་དང་འཛུམ་མདངས་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་བྱུང་ཡོད། ཚང་མས་དྲ་ཐོག་ཏུ་འདི་ནི་ང་ཚོས་རྗེས་སྙེགས་པར་འོས་པའི་གྲགས་ཅན་མི་སྣ་རེད་ཅེས་བརྗོད་ཡོད།  

བོད་རིགས་བུད་མེད་གཟིར་མདའ་རྒྱག་མཁན་འདིའི་ཉམས་བཟང་ལ་གཟིགས་དང་།

      ཟླ་བ་སྒྲོལ་དཀར་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་མི་ཡིན་ཞིང་། 1994ལོའི་ཟླ་11པར་སྐྱེས། 2013ལོའི་ཟླ་9པར་དམག་དཔུང་ནང་ཞུགས་པ་དང་། བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་དཔུང་སྡེ་ག་གེ་མོའི་དམིགས་བསལ་དམག་འཐབ་རུ་ཆེན་གྱི་བཅུ་དཔོན་གྱི་འགན་འཁུར་ཡོད། ད་ལྟ་དྲག་ཆས་ཉེན་རྟོག་དཔོན་སློབ་གླིང་གི་སློབ་མ་ཞིག་ཡིན་པ་དང་། ཀྲུང་གུང་ཏང་ཡོན་ཞིག་ཡིན། དམག་དཔུང་ནང་ཞུགས་ཚུན་སྔ་རྗེས་སུ་མི་སྒེར་གྱི་བྱས་རྗེས་རིམ་པ་གཉིས་པ་ཐེངས་གཅིག་དང་། བྱས་རྗེས་རིམ་པ་གསུམ་པ་ཐེངས་གཅིག གཟེངས་བསྟོད་ཐེངས་དྲུག་བྱས་པ། ཕུལ་བྱུང་དམག་མིར་ཐེངས་གསུམ་བདམས་པ་བཅས་བྱས་ཡོད་ཅིང་། བོད་ལྗོངས་སྤྱི་ཁྱབ་རུ་ཁག་གིས། ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། རྩེར་སོན་སྦྱོང་བརྡར་དཔའ་བོ། ཕུལ་བྱུང་སློབ་མ་བཅས་ལ་བདམས་ཡོད། 2018ལོར་དྲག་ཆས་ཉེན་རྟོག་དཔུང་སྡེའི་དམིགས་བསལ་དམག་འཐབ་ཀྱི་རྐང་འཛིན་གཅིག་སྡུད་སྦྱོང་བརྡར་གྱི་ཕུལ་བྱུང་སློབ་མར་བདམས་པ་དང་། 2019ལོར་དྲག་ཆས་ཉེན་རྟོག་དཔུང་སྡེས་སྐབས་དྲུག་པའི་དཔེ་བཟང་དམག་མི་བཅུར་བདམས་པ་དང་། དམག་ཡོངས་ཀྱི་ཕུལ་བྱུང་ཤེས་ལྡན་མི་སྣའི་བྱ་དགའ་རིམ་པ་གསུམ་པ་ཐོབ་པ། 2020ལོར་ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གསུམ་བརྒྱད་དར་དམར་བར་བདམས་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་སྐབས་ཉེར་གསུམ་པའི་ཀྲུང་གོའི་དྲག་ཆས་ཉེན་རྟོག་གི་བློ་དཀར་སྲུང་དམག་བཅུའི་མཚན་སྙན་ཐོབ་ཡོད།  

བོད་རིགས་བུད་མེད་གཟིར་མདའ་རྒྱག་མཁན་འདིའི་ཉམས་བཟང་ལ་གཟིགས་དང་།

      བོད་ལྗོངས་སུ་དམག་ཞབས་སྒྲུབ་པའི་ལོ་དེ་དག་ནང་ཁོང་ལ་གཟི་བརྗིད་དང་བསྔགས་བརྗོད་ཀྱི་བསྟོད་པ་ཐོབ་མྱོང་ལ། དཀའ་ཚེགས་དང་བར་ཆད་ཀྱི་སྡུག་བསྔལ་ཡང་འཕྲད་མྱོང་ཡོད། འོན་ཀྱང་ཁོང་གིས་ཞུམ་མེད་ཀྱི་སྙིང་སྟོབས་བཅངས་ནས་རང་ཉིད་ལ་འཕྲད་པའི་དཀའ་ངལ་དེ་དག་ཁྱད་བསད་བྱས་ཡོད་ཅིང་། བོད་རིགས་བུ་མོ་དཀྱུས་མ་ཞིག་ནས་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་བློ་དཀར་སེམས་དཀར་གྱི་སྲུང་དམག་ཅིག་ཏུ་འགྱུར་རྒྱུ་ལེགས་སྒྲུབ་བྱས་ཡོད། 

    ལོ་ངོ་བརྒྱད་ཀྱི་དམག་དཔུང་གི་འཚོ་བར་ཕྱིར་མིག་ལྟ་སྐབས་ཟླ་བ་སྒྲོལ་དཀར་ནི་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ཁོང་གིས། ལང་ཚོ་ནི་ལོ་ཟླའི་དུས་ཚོད་ཅིག་ཡིན་པ་མ་ཟད། མེ་ལྟར་ཚ་བའི་དད་སེམས་དང་ཞུམ་མེད་མདུན་སྐྱོད་ཀྱི་ཉམས་འགྱུར་ཞིག་དང་མི་ཚེའི་རྣམ་འགྱུར་ཞིག་ཀྱང་རེད། ང་ནི་ལྷན་སྐྱེས་ཀྱི་རྩལ་ལྡན་པ་ཞིག་མིན། ང་ལ་ཐོབ་པའི་གྲུབ་འབྲས་ནི་རུས་པའི་ནང་ཕམ་ཁར་མགོ་མི་སྒུར་བའི་འབད་བརྩོན་ལས་བྱུང་བ་ཡིན་པས་འབད་བརྩོན་ཇི་ཙམ་བྱས་ཚེ་དེ་ཙམ་གྱིས་བདེ་སྐྱིད་ཡོང་རྒྱུ་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད་ཡོད། 

    ཕྱི་ལོ་སློབ་གྲྭ་ཐོན་རྗེས། ཁོང་ཧྲའོ་ཝེ་དམག་དཔོན་ཞིག་གི་མིང་ཐོག་ནས་དེ་སྔའི་ཚན་པར་ཕྱིར་ལོག་བྱ་རྒྱུ་ཡིན་པ་རེད། རང་གི་ཐོབ་ཐང་ལ་འགྱུར་བ་བྱུང་རུང་། འགྱུར་བ་མེད་པ་ནི་ཐོག་མའི་བསམ་འདུན་དེ་རེད། འདི་ནི་འཚར་ལོངས་ཡོང་སའི་ས་ཆ་ཡིན་ལ། དེ་བས་ཀྱང་འབད་འཐབ་ཀྱི་འགོ་རྩོམ་ས་གསར་པ་ཞིག་རེད། ཚང་མས་ཁོང་ལ་གྲུབ་འབྲས་གང་ལེགས་ཐོབ་ནས་ཏང་དང་མི་དམངས་ལ་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།

  • ལེ་ཚན་སྔོན་མ།:པེ་ཅིང་དགུན་དུས་ཨོ་རྩལ་གྱི་དྲན་རྟེན་ཤོག་སྒོར་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:རིག་དངོས་རྐུ་སྔོག་ལྐོག་འཚོང་གི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ།
  • དོ་སྣང་ཆེ་བའི་རྩོམ།