ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས12པའི་གྲ་སྒྲིག་ཚོགས་འདུ་འཚོགས།

        2021-12-27

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་གྲ་སྒྲིག་ཚོགས་འདུ་འཚོགས།

ཚོགས་འདུའི་ཐོག་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པདང་།ཚོགས་ཆེན་གྱི་དྲུང་ཆེན། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མཚན་ཐོ་དང་ཚོགས་ཆེན་གྱི་གྲོས་རིམ་བཅས་ལ་གྲོས་འཆམ་བྱུང་།


ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས12པའི་གྲ་སྒྲིག་ཚོགས་འདུ་འཚོགས།

སྤྱི་ཟླ12ཚེས26ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་གྲ་སྒྲིག་ཚོགས་འདུ་དེ་དར་མདོའི་ཟློས་གར་ཁང་དུ་འཚོགས་པ་རེད། བློ་མཐུན་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུའི་སློབ་སྟོན་ཚོ་ཆུང་ཚོགས་འདུར་ཞུགས་ནས་མཛུབ་སྟོན་གནང་།

ཚོགས་འདུའི་ཐོག་ལག་པ་བཀྱགས་ནས་བརྡས་ཐག་གཅོད་པའི་བྱ་ཐབས་ཐོག་ནས་མི11ལས་གྲུབ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་མཚན་ཐོར་གྲོས་འཆམ་བྱུང་བ་དང་། མི40ལས་གྲུབ་པའི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མིའི་མིང་ཐོར་གྲོས་འཆམ་བྱུང་། ཧྲི་ཀང་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོར་བདམས།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས12པའི་གྲ་སྒྲིག་ཚོགས་འདུ་འཚོགས།

ཚོགས་འདུའི་ཐོག་ད་དུང་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་གྲོས་རིམ་ལ་གྲོས་འཆམ་བྱུང་། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་གྲོས་རིམ་ནི། གཅིག། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་སྙན་སེང་ལ་ཉན་པ་དང་ཞིབ་བཤེར་བྱེད་པ། གཉིས། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ལས་དོན་སྙན་སེང་ལ་ཉན་པ་དང་ཞིབ་བཤེར་བྱེད་པ།གསུམ། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་འདེམས་བསྐོ་བྱེད་པ། བཞི། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་འདེམས་བསྐོ་བྱེད་པ་བཅས་སོ།།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས12པའི་གྲ་སྒྲིག་ཚོགས་འདུ་འཚོགས།

ཚོགས་འདུའི་ཐོག་འཐུས་མི་ཡོངས་ཀྱིས་ཆེད་དོན་ཉེན་ཟོན་སློབ་གསོའི་གློག་བརྙན《ཉེན་ཟོན་ཅོང་བརྡ》ཞེས་པར་བལྟས་པ་རེད།

ཚོགས་འདུ་མ་འཚོག་གོང་། ཧྲེན་དབྱང་གིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མི་ཚོགས་པ་ཁག་གི་ཚོགས་མི་སྐོང་བསྡུ་བྱེད་པའི་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། ཧྥེང་ཧྥ་ཀུའེ་དང་། བྱང་ཆུབ། ཧྲུའུ་ཏ་ཁྲུན་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་གྲ་སྒྲིག་གནས་ཚུལ་བརྡ་ཁྱབ་བཏང་བ་དང་།  འཐུས་མི་ཚོགས་པ་ཁག་གི་ཚོགས་ཆེན་གྱི་གྲོས་རིམ(འཆར་ཟིན)གྲོས་བསྡུར་དང་། ཚོགས་གཙོ་རྒན་གཞོན་འདེམས་བསྐོ་བྱེད་པ་གྲ་སྒྲིག་བྱས་པ་དང་། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་། དྲུང་ཡིག་ཆེན་མོ། འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་གྲོས་མགོའི་མིང་ཐོ་སོགས་ལ་གྲོས་བསྡུར་བྱས།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས12པའི་གྲ་སྒྲིག་ཚོགས་འདུ་འཚོགས།

ཚོགས་འདུའི་ཐོག་བསྟན་དོན། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནི་ཁྱོན་ཡོངས་ནས་མཐུན་སྒྲིལ་དང་། ཕྱུག་འབྱོར། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ་འཚོག་པའི་གལ་ཆེ་བའི་ཚོགས་འདུ་ཞིག་ཡིན་པ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ཏང་མི་ལས་བྱེད་པ་དང་མང་ཚོགས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། འཐུས་མི་ཚོགས་པ་ཁག་གི་ཚོགས་འདུ་བསྡུ་མཁན་གྱིས་ཆབ་སྲིད་ཀྱི་གོ་རྟོགས་ཆེ་རུ་བཏང་ནས། ཚོགས་ཆེན་གྱི་མཛུབ་ཁྲིད་བསམ་བློ་དང་ལས་འགན་གཙོ་བོ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ་དང་། རང་འགུལ་ངང་འགན་འཁྲི་འཁུར་བ་དང་སྣེ་ཁྲིད་ནས་ལས་འགན་སྒྲུབ་པ། འཐུས་མི་ཡོངས་དང་ཚོགས་ཞུགས་མི་སྣ་གཞན་དག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཚོགས་ཆེན་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་ཧུར་ཐག་སྒོས་ལེགས་འགྲུབ་ཡོང་བ་བྱ་དགོས། འཐུས་མི་ཡོངས་ཀྱིས་འགན་འཁྲི་ནན་ཏན་ངང་སྒྲུབ་པར་སྣེ་ཁྲིད་དང་ཁྲིད་སྟོན་བྱས་ནས་ཚོགས་ཆེན་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས། སྐབས་བརྗེའི་སྒྲིག་ཁྲིམས་ནན་དུ་བཏང་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་།  ཀྲུང་དབྱང་གི“གཏན་འགོག་བཅུ”དང་ཞིང་ཨུའི“མཁོ་ངེས་བཞིའི”སྐབས་བརྗེའི་སྒྲིག་ཁྲིམས་ཀྱི་བླང་བྱ་ལག་བསྟར་ནན་པོ་བྱས་ཏེ་འདེམས་བསྐོའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ནས་སྐབས་བརྗེའི་འདེམས་བསྐོའི་ལས་དོན་དེ་སྤྱོད་གཙང་གཞུང་དྲང་དང་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱ་དགོས། འཐུས་མི་ཚོགས་པ་ཁག་གི་ཚོགས་འདུ་བསྡུ་མཁན་དང་དྲུང་ཡིག་ཁང་གི་ཚོགས་ཆུང་ཁག་གི་ཚོགས་གཙོ་བཅས་ཚོགས་འདུར་ཞུགས་ཡོད།།


གསར་འགོད་པ། མཁས་གྲུབ། རྟ་མགྲིན་རྡེ་རྗེ།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:དུས་རབས་གསར་པའི་ནོར་སྲིད་ཀྱི་གནས་བབ་གསར་པ་འཛུགས་སྐྱོང་བྱས།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་སོགས་ཁུལ་མགོ་ཁྲིད་ཚོས་འཐུས་མིར་འཚམས་འདྲི་གནང་།
  • དོ་སྣང་ཆེ་བའི་རྩོམ།