ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས་ཏེ།

ཐུབ་ཀྱིས་བསྒྱུར་ཞུས་བྱས།        2021-12-27

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་། སློབ་སྦྱོང་། ལག་བསྟར་བཅས་བྱེད་པ་དང་། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།

སྤྱི་ཟླ12ཚེས23ཉིན་ལ། ཁུལ་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་བཅས་ཀྱི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། འབྲེལ་ཡོད་ལས་དོན་སྙན་ཞུར་ཉན་འཇོག། འབྲེལ་ཡོད་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་།

ཚོགས་འདུའི་ཐོག་བསྟན་དོན། ང་ཚོས་སང་ལོའི་དཔལ་འབྱོར་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྤྱིའི་བླང་བྱ་དང་།སྲིད་ཇུས་ཀྱི་ཁྲིད་ཕྱོགས།གཙོ་གནད་ལས་འགན་བཅས་དོན་འཁྱོལ་ནན་ཏན་བྱེད་པ་དང་། མདུན་དུ་འཕྲད་པའི་གནོན་ཤུགས་ཆེན་པོ་གསུམ་ལ་ངོས་འཛིན་གསལ་པོ་བྱས་ཏེ།དཔལ་འབྱོར་ལས་དོན་ཐད་ཀྱི“དགོས་ངེས་བཞི”ཡི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་། ཕྱོགས་ལྔའི་ཐད་ཀྱི་ལག་ལེན་གྱི་གནད་དོན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཏང་གིས་དཔལ་འབྱོར་ལས་དོན་ལ་མགོ་ཁྲིད་བྱེད་པར་ཤུགས་ཏན་ཏིག་རྒྱག་པ་བཅས་བྱས་ཏེ། དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་བརྟན་པོའི་ངང་འཕེལ་རྒྱས་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བསམ་གཞི་མཐའ་འཁྱོངས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་།འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱེད་པ། རྒྱུན་རྣམ་ཅན་གྱི་རིམས་ཚུལ་འགོག་ཟོན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ།“བརྟན་པོ་དྲུག”དང་།“འགན་ལེན་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ། ཚན་རིག་དང་མཐུན་པའི་ངང་སང་ལོའི་དམིགས་འབེན་ལས་འགན་གཏན་འཁེལ་བྱེད་པ། མ་སྐུལ་དང་ལེན་ངང་ཞིང་ཆེན་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མ་ལག་ཞུགས་པ་དང་ཞབས་ཞུ་བྱས་ཏེ་དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་གནས་པ་རྒྱུན་འཁྱོངས་བྱ་དགོས། རྨང་གཞིའི་སྒྲིག་བཀོད་ལ་མ་འཇོག་བྱ་རྒྱུ་སྔོན་བརྒལ་འོས་འཚམ་བྱས་ནས་ལས་གཞིའི་དུས་མགོའི་ལས་དོན་ཏན་ཏིག་སྒྲུབ་པ་དང་། གྲུབ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་རྒྱག་པ།

     ཚན་རིག་དང་མཐུན་པ་ལས་གཞི་གྲབས་གསོག་བྱེད་པ། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་གཙོ་གནད་ལས་གཞི་ལ་འབྲེལ་གཏུག་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་འགན་འཁྲིའི་ལས་བགོས་ལམ་ལུགས་དོན་འཁྱོལ་བྱེད་པ། ཁྲོན་བོད་ལྕགས་ལམ་གྱི་ལེ་ལག་ཚང་བའི་ལས་གྲྭ་དང་།གློག་དྲྭ་ཕྱིར་གཏོང་ལམ་བུ།གཙོ་གནད་ཆུ་བེད་ལས་གྲྭ་སོགས་ལས་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱ་དགོས། སྐྱེ་ཁམས་ཀྱི་གནས་བབ་ལ་གཞི་ཚུགས་པ་དང་ཐོན་ཁུངས་རང་སྤུས་ལ་བརྟེན་ནས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་དང་།དེང་རབས་མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་རྟེན་གཞི།རྒྱལ་ཁབ་ཀྱི་དྭངས་གཙང་ནུས་ཁུངས་རྟེན་གཞི་གལ་ཆེན་བཅས་མགྱོགས་མྱུར་བསྐྲུན་ཞིང་འབྱུང་འཕྲོད་ཐཱན་ཉུང་གི་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་མ་ལག་བསྐྲུན་ནས་ཐཱན་ཚད་ལོན་དང་ཐཱན་སྙོམས་འགྱུར་གྱི་འཐབ་ཇུས་བཀོད་སྒྲིག་ལ་ཞབས་འདེགས་ཧུར་ཐག་ཞུས་ཏེ་སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས།

ཚོགས་འདུའི་ཐོག་འབྲེལ་ཡོད་སྡེ་ཚན་ཁག་དང་རྒྱ་ཆེ་བའི་རིག་རྩལ་ལས་དོན་པས་རིག་རྩལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྡུད་བྱེད་པ། མི་གསར་སྐྱེད་སྲིང་།རིག་གནས་དར་སྤེལ་གཏོང་བ། གཟུགས་བརྙན་གཏོད་པ་བཅས་ཀྱི་ལས་འགན་མཐའ་གཅིག་ཏུ་འཁུར་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་རྐང་དུ་བྱས་ནས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། ནོར་འཁྲུལ་གྱི་བསམ་བློ་དང་གཏམ་གླེང་ལ་བཀག་འགོག་དང་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་རིག་གནས་ཀྱི་བདེ་འཇགས་དང་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱ་དགོས། གསར་བརྗེའི་རིག་གནས་དང་།མི་རིགས་རིག་གནས།འབྱུང་འཕྲོད་རིག་གནས་བཅས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་།རིག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ།གསར་རྩོམ་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས། ཏང་གིས་རིག་རྩལ་ལས་དོན་ལ་མགོ་ཁྲིད་བྱ་རྒྱུར་ཤུགས་རྒྱག་པ་དང་།རིག་རྩལ་ཚན་པའི་མགོ་ཁྲིད་ཚན་ཁག་ལེགས་འདེམས་དང་བཀོད་སྒྲིག་ཡག་པོ་བྱེད་པ།ལས་རིགས་ཀྱི་ཞབས་ཞུ་དང་།ལས་རིགས་ཀྱི་དོ་དམ།ལས་རིགས་ཀྱི་རང་གཅུན་བཅས་ལ་ཤུགས་རྒྱག་པ་བཅས་ཀྱི་ཐོག་ནས་དུས་བབ་གསར་པའི་འོག་གི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏང་དགོས།

ཚོགས་འདུའི་ཐོག་བསྟན་དོན། ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་གྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ནས་འཕེལ་རྒྱས་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྤྱི་འདོམས་བྱས་ཏེ་ལེ་ལག་ཚང་བའི་གཞུང་ལམ་དང་ལྕགས་ལམ་ས་ཚུགས་དང་གྲོང་ཁྱེར་གཞི་གཅིག་ཅན་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་ས་ཁོངས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མགྱོགས་མྱུར་བསྐྲུན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས། མང་ཚོགས་སྐུལ་སློང་གང་ལེགས་དང་།མང་ཚོགས་ལ་དམ་པོར་བརྟེན་པ།སེམས་ནུས་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་གྱི་ལམ་བུ་དང་།ཤེས་དཔལ་ཡར་ཐོན་གྱི་ལམ་བུ།ཐུན་མོང་ཕྱུག་འགྱུར་གྱི་ལམ་བུ་བཅས་བཏོད་དེ་མི་རིགས་ཁག་བར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མཐུན་སྒྲིལ་ཆེན་མོ་རྒྱུན་ཆད་མེད་པར་བརྟན་དུ་གཏང་དགོས།

ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། རང་ཁུལ་གྱི་འབྲུ་རིགས་ཉོ་ཚོང་ཁྱབ་ཁོངས་ཀྱི་ཆེད་དོན་སྐོར་ཞིབ་དང་ཞིང་ཆེན་གྱི་སྐབས་བརྗེའི་དར་སྲོལ་ལྟ་སྐུལ་མཛུབ་ཁྲིད་ཚོ་ཆུང་གི་ལྟ་ཞིབ་བྱས་ཚུལ་གྱི་སྙན་ཞུར་གསན་པ་དང་།ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་ཚོགས་འདུ་ཐེངས་བཅུ་གཉིས་པ་དང་། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ། ཁུལ“ཚོགས་འདུ་གཉིས”བཅས་ཀྱི་འབྲེལ་ཡོད་དོན་ཚན་ལ་ཞིབ་འཇུག་བྱས་ཡོད།“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”གྲོང་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། འབྱུང་འཕྲོད་དེང་རབས་ཅན་གྱི་བཟོ་ལས་འཕེལ་རྒྱས། ཆ་འཕྲིན་ཅན་འཕེལ་རྒྱས་སོགས་ཀྱི་འཆར་འགོད་ལ་གྲོས་ཞིབ་བྱས་ཡོད།།





  • ལེ་ཚན་སྔོན་མ།:རིག་དངོས་རྐུ་སྔོག་ལྐོག་འཚོང་གི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།