དུས་རབས་གསར་པའི་ནོར་སྲིད་ཀྱི་གནས་བབ་གསར་པ་འཛུགས་སྐྱོང་བྱས།

ཡེ་ཤེས་མགོན་པོས་བསྒྱུར།        2021-12-27

དུས་རབས་གསར་པའི་ནོར་སྲིད་ཀྱི་གནས་བབ་གསར་པ་འཛུགས་སྐྱོང་བྱས།

རང་ཁུལ་གྱིས་ཕྱོགས་ཡོངས་ནས་ནོར་སྲིད་བྱ་གཞག་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་དངོས་བྲིས།


ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བསྟུད་མར“སྒོར་དུང་ཕྱུར300”དང“སྒོར་དུང་ཕྱུར400”ཡི་སྐས་རིམ་གཉིས་བརྒལ་ཏེ་སྒོར་དུང་ཕྱུར410.61ལ་ཟིན་ཡོད།“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དམིགས་འབེན་ལས་སྒོར་དུང་ཕྱུར69.61བརྒལ་བས།“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་གི་ལྡབ་ལོག1.61ཡིན་པར་བརྟེན། ལོ་རེར་ཆ་སྙོམས་བརྒྱ་ཆ7འཕར་བ་རེད།

བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར89.01ལ་ཟིན་པ་དེ་ནི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་གི་ལྡབ་ལོག1.99ཡིན་པར་བརྟེན།ལོ་རེར་ཆ་སྙོམས་བརྒྱ་ཆ13.7འཕར་བ་དང་འཕར་ཚད་བསྟུད་མ་ལོ5ལ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། གཞི་ཁྱོན་ཡན་ཆད་ཀྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར80.01ལ་ཟིན་པ་དེ་ནི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་གི་ལྡབ་ལོག2.19ཡིན་པར་བརྟེན།ལོ་རེར་ཆ་སྙོམས་བརྒྱ་ཆ13.9འཕར་ནས་འཕར་ཚད་བསྟུད་མར་ལོ4ལ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་བྱེད་ཚད་རིམ་རྩིས་བྱས་ན་སྒོར་དུང་ཕྱུར2520ལ་ཟིན་པ་དེ་ནི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དམིགས་ཡུལ་་ལས་སྒོར་དུང་ཕྱུར120བརྒལ་བ་དེ“ལོ་ལྔ་ཚན་བཅུ་གཉིས་པའི”ལྡབ1.3ཡིན་པ་རེད། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར114.31ཟིན་པ་དེ་ནི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་གི་ལྡབ་ལོག1.45ཡིན་པ་དང་ལོ་རེར་ཆ་སྙོམས་བརྒྱ་ཆ7.7འཕར་ཡོད་པ་རེད།

ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར40.11ལ་ཟིན་པ་དེ་ནི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དམིགས་ཡུལ་ལས་སྒོར་དུང་ཕྱུར2.11བརྒལ་བ་དེ་ནི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་གི་ལྡབ་ལོག1.28ཡིན་པ་དང་།ལོ་རེར་ཆ་སྙོམས་བརྒྱ་ཆ5འཕར་བ།འཕར་ཚད་ལོ་གཉིས་བསྟུད་མར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་བྱེད་ཆོག་པའི་ཡོང་འབབ་སྒོར36521ལ་ཟིན་པ་དེ་ནི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་གི་ལྡབ་ལོག1.46ཡིན་པ་དང་ལོ་རེར་ཆ་སྙོམས་བརྒྱ་ཆ7.9འཕར་ཡོད་པ་རེད། ཞིང་སྡེ་གཞིས་མི་མི་རེས་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13967ལ་ཟིན་པ་དེ་ནི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་གི་ལྡབ་ལོག1.66ཡིན་པ་དང་ལོ་རེར་ཆ་སྙོམས་བརྒྱ་ཆ10.7འཕར་ཡོད། རྫོང(གྲོང་ཁྱེར)18ཀྱི་དཔལ་འབྱོར་བསྡོམས་འབོར་ཚང་མ“སྒོར་དུང་ཕྱུར10”ལས་བརྒལ་ནས“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”དུས་མཇུག་དང་བསྡུར་ན་རྫོང11མང་དུ་ཕྱིན་ཡོད་པ་རེད།

ཀ། ཆབ་སྲིད་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་དང་བསྟུན་པའི་ནོར་སྲིད་ལམ་བུར་བསྐྱོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན།“ཏང་གི་ཆབ་སྲིད་འཛུགས་སྐྱོང་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྱོང་ཡིན་ཞིང་།ཏང་གི་འཛུགས་སྐྱོང་ཁ་ཕྱོགས་དང་ཕན་འབྲས་ལ་རག་ལས་པར་བརྟེན།ཏང་གི་ཆབ་སྲིད་འཛུགས་སྐྱོང་དམ་འཛིན་མ་བྱས་པ་དང་ཡང་ན་ཏང་གི་ཆབ་སྲིད་འཛུགས་སྐྱོང་གི་ཁྲིད་སྟོན་ཁ་ཕྱོགས་དང་རྒྱབ་འགལ་བྱས་ན།ཏང་འཛུགས་སྐྱོང་གཞན་དག་ལ་སྔོན་དཔག་གི་ཕན་འབྲས་འཐོབ་དཀའ་བ་རེད།”

རང་ཁུལ་གྱིས་སྤུས་ཚད་མཐོན་པོའི་ནོར་སྲིད་འཛུགས་སྐྱོང་དེ“རྩ་བའི་རང་བཞིན་གྱི་འཛུགས་སྐྱོང”འདིར་བརྟེན་ནས་ཚད་བརྒལ་བྱས་པ་རེད། ལོ་ལྔའི་རིང་།རང་ཁུལ་གྱིས་སྲིད་དོན་ལ་བརྟེན་ནས་རྒྱུ་ནོར་སྲིད་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་སྐྱོང་ནན་པོར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཏང་འཛུགས་སྐྱོང་ལས་དོན་གྱིས་ཁྱོན་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནོར་སྲིད་བྱ་གཞག་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་བྱས་ཡོད་པ་རེད།

“ནོར་སྲིད་ནི་དཔལ་འབྱོར་གྱི་ཁྱབ་ཁོངས་ཡིན་ལ། ཆབ་སྲིད་ཀྱི་ཁྱབ་ཁོངས་ནི་དེ་བས་ཀྱང་ཡིན་པ་རེད། རྒྱལ་ཁབ་བདག་སྐྱོང་བྱེད་པའི་རྨང་གཞི་དང་རྒྱབ་རྟེན་གལ་ཆེན་ཡིན་པའི་ཆ་ནས་བཤད་ན། ཇི་ལྟར་བྱས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་དང་མཐུན་པ་བྱས་ནས་མཛེས་སྡུག་སྐྱེ་ཁམས་ཞི་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱས་པར་ནོར་སྲིད་ཀྱི་སྟོབས་ཤུགས་ཀྱི་བྱས་རྗེས་བཞག་པ་རེད། “ཆབ་སྲིད་དང་དོད”བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་བའི་ཆེད་དུ། ཁུལ་ནོར་སྲིད་ཀྱིས་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་བྱེད་ས་ནས་མགོ་བཙུགས་ཏེ་ཁུལ་ཡོངས་ཀྱི་ནོར་སྲིད་ཁོངས་གཏོགས་ཀྱི་ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་ལས་དོན་གྲོས་ཚོགས་འཚོགས་ནས། ཏང་སྲོལ་ཡོ་བསྲང་དང་སྲིད་དོན་གཙང་སྐྱོང་གི་བྱེད་པོའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་སྟངས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

དེ་དང་ཆབས་ཅིག་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་བྱེད་སྒོར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཏང་གི་ཆེད་དོན་སློབ་ཁྲིད་བྱས་པ་དང་གཅིག་བསྡུད་ཀྱིས་ཞིབ་འཇུག་གྲོས་སྡུར།རིགས་གཅིག་མཁས་ཅན་གྱིས་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་སྤྱད་ནས“ལོ་རྒྱུས་ལྔའི”སློབ་སྦྱོང་སློབ་གསོའི་ལས་དོན་ཏན་ཏིག་སྤེལ་ཡོད་པ་རེད།

ཁ། དམངས་འཚོའི་བདེ་སྐྱིད་ཇེ་དྲག་ཏུ་བཏང་ནས་ཐོག་མའི་བསམ་འདུན་མཚོན་པར་བྱས།

སྤུས་ཚད་མཐོ་བའི་ནོར་སྲིད་ཐོག་མ་ནི་དམངས་འཚོའི་ནོར་སྲིད་ཡིན་པར་བརྟེན།ནོར་སྲིད་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་དངོས་གནས་དྲང་གནས་ཀྱི་དམངས་ཕན་སྲིད་ཇུས་ཁྲོད་དུ་འདུས་ཡོད།

“གཅིག་གོ་ཀུན་ཆོད་བྱང་བུ” ཆེད་དམིགས་བཅོས་སྐྱོང་ཟབ་སྤེལ་བྱས་ནས “གཅིག་གོ་ཀུན་ཆོད་བྱང་བུ”ལ་སྐུལ་འདེད་གཏོང་བའི་མངོན་གསལ་གྱི་ཞིབ་མཆན་བཀོད་པ་རེད། ཉེ་བའི་ལོ་ཤས་རིང་།རང་ཁུལ་གྱིས་དམངས་ཕན་ཞིང་ཕན་ནོར་སྲིད་ཀྱི་ཁ་གསབ་མ་དངུལ“གཅིག་གོ་ཀུན་ཆོད་ཀྱི་བྱང་བུ” མངོན་གསལ་ཞིབ་མཆན་ལས་སྟེགས་འཛུགས་སྐྱོང་བྱ་རྒྱུར་མཐོང་ཆེན་བླ་ན་མེད་པ་བྱས་ཤིང་། ད་ལོའི་སྤྱི་ཟླ9པའི་ཟླ་མཇུག་ལ་ཁུལ་ཡོངས་ཀྱི་དམངས་ཕན་ཞིང་ཕན་ནོར་སྲིད་ཁ་གསབ་མ་དངུལ“གཅིག་གོ་ཀུན་ཆོད་བྱང་བུ” མངོན་གསལ་ཞིབ་མཆན་ལས་སྟེགས་སྤྱོད་མགོ་ཚུགས་རྗེས་མི་སེར་ཚོ་ཕྱིར་འགྲོ་མི་དགོས་པར་དམངས་ཕན་ཞིང་ཕན་ནོར་སྲིད་ཁ་གསབ་མ་དངུལ་ཡིག་ཐོག་སྙན་ཞུ་དང་འདྲི་རྩད་བྱེད་ཆོག་ཡོད་པ་རེད། སྤྱི་ཟླ10པའི་ཚེས12ཉིན་བར“གཅིག་གོ་ཀུན་ཆོད་བྱང་བུ” ལྟ་སྐུལ་དོ་དམ་ལས་སྟེགས་བརྒྱུད་ནས་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར7.87སྤྲད་པ་དེས་མང་ཚོགས་མིའི་ཐེངས་གྲངས་ཁྲི25.3ལ་ཕན་པ་ཐོབ་ཡོད་པ་རེད།

ལོ་ལྔའི་རིང་།རང་ཁུལ་གྱིས་སྔོན་རྗེས་སུ《དཀར་མཛེས་ཁུལ་གྱི“འཐབ་ཇུས་ཆེན་པོ་དྲུག”གི་ནོར་སྲིད་བྱ་དགའི་ཁ་གསབ་བྱེད་ཐབས》《དཀར་མཛེས་ཁུལ་རིམ་པའི་ནོར་སྲིད་བྱ་དགའི་ཁ་གསབ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》སོགས་ནོར་སྲིད་ཀྱི་རྒྱབ་སྐྱོར་སྲིད་ཇུས་བཏོན་ནས་རིམ་རྩིས་བྱས་ན་ནོར་སྲིད་བྱ་དགའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3.79སྤྲད་དེ“འཐབ་ཇུས་ཆེན་པོ་དྲུག”དང “གསར་གཏོད་གསུམ་མཉམ་འགུལ”། རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དང་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་རོགས་བྱས་པ་རེད། དབུལ་སྐྱོར་ཆེད་དམིགས་ལག་བསྟར་བྱེད་པར་རིམ་རྩིས་བྱས་ན་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་572.11བཏང་བ་དང་།ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར248.09སྤྱི་འདོམས་སྙོམས་སྒྲིག་བེད་སྤྱོད་བྱས་ནས་ཁུལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པར་ནོར་སྲིད་ཀྱི་རྒྱབ་སྐྱོར་སྲིད་ཇུས་དང་མ་དངུལ་གྱི་འགན་ལེན་ཤུགས་ཆེན་མཁོ་འདོན་བྱས་པར་བརྟེན།རྫོང(གྲོང་ཁྱེར)18ཀྱི་དབུལ་པོའི་ཞྭ་མོ་ཕུད་པ།གྲོང་སྡེ་དབུལ་པོ1360ཚང་མས་དབུལ་ཐར་ཐུབ་ཅིང་།ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་རིམ་རྩིས་བྱས་ན་དབུལ་པོ་མི་ཁྲི2.55ཉུང་དུ་ཕྱིན་པ།རྫོང་དབུལ་པོ་དང་གྲོང་སྡེ་དབུལ་པོ།མི་འབོར་དབུལ་པོ་བཅས“གཅིག་ཀྱང་མེད་པའི” རྣམ་པ་མངོན་འགྱུར་བྱུང་བ་རེད།

རང་ཁུལ་གྱིས་ད་དུང་དམངས་ཕན་འགན་ལེན་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོར་སྐུལ་འདེད་ཏན་ཏིག་བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས།ཉེན་མེད་ཚོར་སེམས་ཇེ་དྲག་ཏུ་བཏང་ཡོད། 2021ལོར་རིམ་ཁག་ནོར་སྲིད་ཀྱིས་དམངས་འཚོའི་དོན་དངོས30ལ་མ་དངུལ་སྒོར་དུང་ཕྱུར15.27བཀོད་སྒྲིག་བྱས་ཡོད་པ་རེད། ཏོག་གསར་རིམས་ཀྱི་ནད་དུག་རིམས་འགོག་སྨན་ཁབ་ཀྱི་རིན་པ་མི་དགོས་པ་སྨན་ཁབ་རྒྱག་པའི་འགྲོ་གྲོན་འགན་ལེན་ནུས་ལྡན་བྱས་ཤིང་།སྤྱི་ཟླ9པའི་ཚེས་30ཉིན་བར་ཁུལ་་ཡོངས་ཀྱིས་གསར་དུ་བདམས་པའི་ནད་དུག་རིམས་འགོག་སྨན་ཁབ་རྒྱག་པའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི9967དོན་འཁྱོལ་བྱས་ནས་རིམ་རྩིས་བྱས་ན་སྨན་ཁབ་རྒྱག་ཐེངས་ཁྲི165ལ་ཟིན་པ་རེད། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་ཡུལ་སྡེ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་བཏང་སྟེ《ཀྲུང་དབྱང་དང་།ཞིང་ཆེན་རིམ་པ།ཁུལ་རིམ་པའི་ནོར་སྲིད་བཅས་འབྲེལ་མཐུད་བྱས་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་ཁ་གསབ་མ་དངུལ་དོ་དམ་བྱེད་ཐབས》གཏན་འཁེལ་བྱས་ཏེ་བཀྲམ་པའི་དུས་མཚུངས་སུ། ཡུལ་སྡེ་དར་རྒྱས་གཏོང་བའི་མ་དངུལ་སྒོར་དུང་ཕྱུར24.4བཀོད་སྒྲིག་བྱས་ཡོད་པ་རེད།

ག། སྤུས་ལེགས་ཀྱི་རྒྱུ་ནོར་ཡོང་ཁུངས་གསོ་སྐྱོང་བྱས་ནས་རྒྱུ་ནོར་འཕེལ་བར་བྱེད་པའི་ལས་དོན་ཡག་པོ་བསྒྲུབས།

རང་རྒྱལ་འདི་ཉིད་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སྐྱོད་པའི་དངོས་ཡོད་ཀྱི་བླང་བྱ་དང་འཚམ་པ་བྱ་ཆེད། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་ཁུལ་ནོར་སྲིད་ཅུས་ཀྱིས་འབད་འཐབ་ཀྱི་སྒུག་ཤུགས་བསྒྲིམས། བཅོས་བསྒྱུར་བྱས་ནས་བྱ་བ་བསྒྲུབས་ཏེ་བསམ་བློའི་འདུ་ཤེས་ནས་ནང་ཁུལ་དོ་དམ།ནོར་ཁྲལ་བཅོས་བསྒྱུར་ནས་ཉེན་ཁ་སྔོན་འགོག།འཕེལ་རྒྱས་ལ་སྐུལ་འདེད་ནས་དམངས་འཚོར་འགན་ལེན་བྱེད་པ་བཅས་ཀྱི་བར་སྤུས་ཚད་མཐོན་པོའི་ནོར་སྲིད་འཛུགས་སྐྱོང་གི་གོམ་སྟབས་གསར་པ་ཏན་ཏིག་ངང་སྤོས་ཡོད་པ་རེད།

“སྔོན་ཆད་དམངས་ཕན་སྲིད་ཇུས་མང་པོ་ཡོད་པ་ཤེས་ནའང་ནང་དོན་གསལ་པོ་ཤེས་ལེ་མ་རེད།ད་ཆ་ཡག་པོ་རེད་འདུག། ལག་ཁྱེར་ཁ་པར་གྱི‘དཀར་མཛེས་ཁུལ་གྱི“གཅིག་གོ་ཀུན་ཆོད་བྱང་བུའི”’མངོན་གསལ་ཞིབ་མཆན་སྐད་འཕྲིན་གྱི་གོ་རིམ་ཕྱེ་སྐབས་ངའི་ཁ་གསབ་རོགས་དངུལ་ག་ཚོད་ཡོད་མིན།ལས་སྟེགས་ཐོག་ཁ་གསལ་དང་།ཏན་ཏིག་ཡིན་མིན།སེམས་པ་བརྟན་དུ་སོང་ཡོད”ཅེས་དཀར་མཛེས་རྫོང་ལྷོ་པ་ཡུལ་ཤོག་གནས་སྤོས་ཡུལ་མིའི་དབུལ་སྐྱོར་གྲོང་གསར་གྲོང་སྡེའི་གྲོང་དམངས་བསོད་ནམས་ཉི་མས་དེ་ལྟར་བཤད་པ་རེད།

ལོ་ལྔའི་རིང་ལ་རང་ཁུལ་གྱིས་ཞིང་ཆེན་ཡོངས་སུ་དང་ཐོག་ནས“དྲ་སྦྲེལ་དང་དབུལ་སྐྱོར་གནད་སྨིན་མཉམ་འདྲེས་བྱས་ལས་ཚབ་ཐོ་འགོད་བྱས་ཏེ་གྲོང་སྡེ་རིམ་པའི་རྒྱུ་ནོར་དོ་དམ་ལས་དོན་སྤེལ་ནས་གཞི་རིམ་ནོར་སྲིད་ཀྱི་ནོར་དོན་དོ་དམ་རྒྱུན་ཆད་མེད་པར་ཚད་ལྡན་དང་འཐུས་ཚང་དུ་བཏང་ཡོད། ལས་དོན་དེར་ནོར་སྲིད་པུའུ་དང་ནོར་སྲིད་ཐིང་གི་ཚད་མཐོའི་ཁས་ལེན་ཐོབ་པར་མ་ཟད།ཧྲང་ཧའེ་དང་།མཚོ་སྔོན།ཤིན་ཅང་སོགས་སུ“དཀར་མཛེས་ཀྱི་ཉམས་མྱོང”དང“དཀར་མཛེས་ཀྱི་རྣམ་པ”ཁྱབ་གདལ་དང་སྤེལ་རེས་བྱས་པ་དང་ཀྲུང་དབྱང་དང་ཞིང་ཆེན་སོགས་གཙོ་རྒྱུན་སྨྱན་སྦྱོར་མང་པོ་ཞིག་གིས་འཕྲིན་སྤེལ་བྱས་པ་རེད། 2021ལོའི་སྤྱི་ཟླ10པའི་ཟླ་མཇུག་བར་ལས་སྟེགས་ནང་བཅུག་ནས་འཁོར་སྐྱོད་བྱས་པའི་རྩིས་ཐོ་འགོད་པའི་ལག་ཁྱེར་མ་ལག་ཐོ་འགོད་བྱེད་ཚད་ཁྲི0.12ལ་ཟིན་པ་དང་ཁུལ་ཡོངས་ཀྱི་གྲོང་སྡེ་རིམ་པའི་དངོས་ཡོད་རྒྱུ་ནོར་བསྡོམས་འབོར་སྒོར་དུང་ཕྱུར105.6ལ་ཟིན་པ་རེད། 2021ལོར་ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས“དྲ་སྦྲེལ་དང་ལས་ཚབ་རྩིས་ཐོ་ཟུང་དུ་འབྲེལ་བ”དང་གྲོང་སྡེ་རིམ་པའི་རྒྱུ་ནོར་དོ་དམ་ལས་དོན་དེ《དཀར་མཛེས་ཁུལ་གྱི་གྲོངསྡེ་རིམ་པའི་རྩ་འཛུགས་འཁོར་སྐྱོད་སྒྲིག་སྲོལ(ཚོད་ལྟའི་ལག་བསྟར)》ནང་བཞག་པ་རེད།

དེ་དང་ཆབས་ཅིག། 《དཀར་མཛེས་ཁུལ་གྱིས་ནོར་ཁྲལ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་སྤྱི་ཡོངས་ཀྱི་ཇུས་གཞི》བཏོན་ནས་ཁུལ་དང་རྫོང་ནོར་སྲིད་ཀྱིས་སྔ་རྗེས་སུ་ལག་བསྟར་བྱེད་ཐབས་རབ་དང་རིམ་པ་བཟོས་པ་དང་།ལམ་སྲོལ་དང་ལམ་ལུགས་ཀྱི་ངོས་ནས་དོ་དམ་ཚད་ལྡན་བྱས་པ།བཅོས་བསྒྱུར་གསར་གཏོད་ཀྱི་བྱེད་ཐབས་སྤྱད་དེ་ནོར་སྲིད་ནོར་དོན་དོ་དམ་ཚད་ལྡན་དུ་བཏང་བ་རེད། རྒྱལ་ཡོངས་སུ་དགོན་སྡེའི་ནོར་ཁྲལ་ལྟ་སྐུལ་དོ་དམ་གྱི་ཚོད་ལྟའི་ལས་དོན་སྔོན་ལ་སྤེལ་ནས་ཁྱབ་གདལ་གཏོང་ཆོག་པའི་ཚོད་ལྟའི་ཉམས་མྱོང་ཐོབ་རྗེས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནང་ཁྱབ་གདལ་བཏང་ཡོད་པ་རེད།

དཀའ་ཚེགས་ཆེ་ན་དཔའ་བློ་མངོན།།དཀའ་སྤྱད་བྱས་ན་གཡང་ཊི་འགྲུབ། །ཅེས་པ་ལྟར།“‘ལོ་ལྔའི་འཆར་འགོད་བཅུ་བཞི་པའི’རིང་ནི‘ལོ་བརྒྱ་གཉིས’ཀྱི་འབད་འཐབ་དམིགས་ཡུལ་འབྲེལ་མཐུད་བྱེད་པ་དང་རང་རྒྱལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྱོང་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་པའི་དུས་སྐབས་གལ་ཆེན་ཞིག་ཡིན་པས་ནོར་སྲིད་ལས་དོན་དེ་ངེས་པར་དུ་དུས་བབ་དང་བསྟུན་ནས་འགྱུར་བ་གཏོང་བ་དང་གཞུང་དྲང་གསར་གཏོད་བྱ་དགོས”ཞེས་ཝུན་ཅན་གོས་དེ་ལྟར་བཤད་པ་རེད།།


  • ལེ་ཚན་སྔོན་མ།:དེ་རིང་ལི་ཐང་བསྟན་འཛིན་མཛད་སྒོ་ཞིག་གི་ཐོག་ཁྱབ་སྤེལ་ཕོ་ཉར་བསྐོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།