ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

སྐལ་ཐུབ་ཀྱིས་བྲིས།        2021-12-30

ཀྲུང་གུང་དཀར་མཛེས་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

   སྤྱི་ཟླ12ཚེས29ཉིན་ལ། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་། ཧྲེན་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཀྲུའུ་ཞི་ཚོགས་པའི་མངགས་བཅོལ་ལྟར་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

   ཞིང་ཆེན་ཏང་ཨུའི་སློབ་སྟོན་ཚོ་ཆུང་ཚོགས་འདུར་ཞུགས་ནས་ཁྲིད་སྟོན་བྱས།

   ཚང་འཛོམས་གྲོས་ཚོགས་ལ་ཁུལ་ཨུའི་ཨུ་ཡོན61དང་ཁུལ་ཨུའི་རྗེས་སྣོན་ཨུ་ཡོན12ཞུགས་ཡོད།

   ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་། ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་བདམས་ཐོན་བྱུང་བ་རེད།

   ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཁུལ་སྒྲིག་ཨུའི་རྒྱུན་ཨུ་དང་། ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་ཀྱི་འདེམས་བསྐོ་བྱས་འབྲས་སྐོར་གྱི་སྙན་སེང་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་ཡོད།

    གསར་དུ་བདམས་པའི་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གསུང་བཤད་གནང་ཞིང་། ཁོང་གིས་ཁུལ་ཨུ་སྐབས་གསར་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དང་འབྲེལ་བ་ཡོད་པའི་ལས་དོན་ལ་མངགས་བཅོལ་ནན་པོ་གནང་བ་བློ་ལ་བརྟན་པོར་ངེས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏངཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ཏེ། སྐབས་རིམ་བྱུང་གི་ཁུལ་ཨུའི་མགོ་ཁྲིད་ཚན་ཁག་གིས་བཏིང་བའི་ལས་ཀའི་རྨང་གཞིའི་ཐོག་སྣེ་ཁྲིད་དཔེ་སྟོན་དང་རང་དཔེ་གཞན་སྟོན་གྱིས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཐུན་མོང་ཐོག་ཕྱུག་འབྱོར་གྱི་རྒྱང་སྐྱོད་ལམ་བུའི་ཐོག་མཐུད་རྒྱུག་འགྲན་བསྡུར་ཡག་པོ་བྱས་ཏེ། ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཁུལ་ཡོངས་ཀྱི་མི་དམངས་བཅས་ལ་བློ་ཡིད་ཚིམ་པའི་རྒྱུགས་འབྲས་ཤིག་འབུལ་རྒྱུ་ཡིན་ཞེས་ནན་གསུང་གནང་བ་རེད།

    ཧྲེན་དབྱང་གིས་ཁུལ་ཨུ་སྐབས་གསར་པས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་ཏང་མི་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་མཐུན་སྒྲིལ་དང་། ཕྱུག་འབྱོར། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ཡོད་ཅིང་། ཞིང་ཆེན་ཏང་ཨུས་ང་ཚོར་རེ་བ་ཆེན་པོ་བཅོལ་ཡོད་ལ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཀྱང་ང་ཚོར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན། ངེས་པར་དུ་དར་ཆ་མཐོན་པོར་སྒྲེང་བ་དང་། དད་སེམས་བརྟན་པོ་བཅངས་ནས་ཐོག་མཐའ་བར་གསུམ་དུ་བློ་དཀར་ཟོལ་མེད་ཀྱི་མིག་དཔེ་བ་བྱ་དགོས།“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་དང་“སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་རྩ་དོན་གྱི་གནད་དོན་དང་ཡིན་མིན་ཆེན་པོའི་ཐད་རིག་པ་དྭངས་གསལ་དང་། ལངས་ཕྱོགས་བརྟན་པོ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་ནན་ཏན།ཏང་ནང་གི་ཆབ་སྲིད་འཚོ་བ་ནན་པོ། དགོངས་སྐོར་སྙན་སེང་གི་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་།ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ལག་བསྟར་ནུས་པ་བཅས་རྒྱུན་མི་ཆད་པར་ཆེ་རུ་གཏང་དགོས།ངེས་པར་དུ་དམིགས་ཡུལ་བློ་ལ་བརྟན་པོར་བཅངས་ནས་དམངས་ལ་ཞབས་འདེགས་ཞུ་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་མང་ཚོགས་ལ་བདེ་སྐྱིད་སྐྲུན་པའི་མིག་དཔེ་བ་བྱ་དགོས།མི་དམངས་གོང་ན་མེད་པའི་འདུ་ཤེས་མཐའ་འཁྱོངས་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད།སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་སོགས་ཀྱི་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ་མང་ཚོགས་ཀྱི་དོ་ཁུར་ཆེ་ཤོས་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཡོད་ཤོས།མང་ཚོགས་ཀྱི་དོན་དངོས་དང་མཐུན་ཤོས་བཅས་ཀྱི་ཁེ་ཕན་གྱི་གནད་དོན་དང་། དཀའ་ཉེན་སེམས་ཁྲལ་དང་རེ་སྒུག་བཅས་ཀྱི་དམངས་འཚོའི་གནད་དོན་ཐབས་བརྒྱ་ཇུས་སྟོང་ངང་ཐག་གཅོད་ཡག་པོ་བྱ་དགོས།ངེས་པར་དུ་ལས་ཀ་བྱེད་སྐབས་ཉེན་གཡོལ་མི་བྱེད་པ་དང་འགན་འཁྲི་འཁུར་ཕོད་པ་བྱས་ནས་ཐོག་མཐའ་བར་གསུམ་དུ་ལས་ཀ་བྱེད་པ་དང་ལས་གཏོད་བྱེད་པའི་མིག་དཔེ་བ་ཞིག་བྱ་དགོས།བརྟན་ལྷིང་ཐད་ས་སྲུང་གི་འགན་འཁྲི་འཁུར་བ་དང་། འཕེལ་རྒྱས་ཐད་བྱས་རྗེས་འཇོག་ཐུབ་པ། དམངས་འཚོའི་ཐད་སེམས་ནུས་ཡོད་རྒུ་འདོན་ཐུབ་པ། རྒྱུན་སྲིང་ལྷོད་མེད་ངང་ཤེས་བྱའི་གྲུབ་ཆ་དང་ནུས་པ་དང་ཆུ་ཚད་ལ་ཤུགས་རྒྱག་པ་དང་འཐུས་ཚང་དུ་གཏོང་བ།འཐབ་ཇུས་ཀྱི་བསམ་གཞིག་དང་། གསར་གཏོད་ཀྱི་བསམ་གཞིག། རྩོད་སྒྲུབ་ཀྱི་བསམ་གཞིག། མཐིལ་ཚད་ཀྱི་བསམ་གཞིག།ཁྲིམས་སྐྱོང་གི་བསམ་གཞིག་བཅས་ལ་བརྟེན་ནས་ལས་དོན་ལ་བསམ་གཞིག་དང་ཇུས་འགོད་བྱེད་མཁས་པོ་བྱས་ཏེ་མྱོང་འདྲིས་ཁོག་ཆུད་ཅན་ཞིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱ་དགོས། ངེས་པར་དུ་སེམས་ཤུགས་གཅིག་སྒྲིལ་དང་ཐུན་མོང་ཐོག་འབད་འཐབ་བྱས་ནས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་མཉམ་ལས་ཀྱི་མིག་དཔེ་ཞིག་བ་བྱ་དགོས།མཐུན་སྒྲིལ་སྲུང་སྐྱོང་བྱེད་མཁས་པོ་དང་། ཕན་ཚུན་སེམས་ཁུར།ཕན་ཚུན་རྒྱབ་སྐྱོར། ཕན་ཚུན་བསམ་ཤེས་བཅས་བྱེད་པ་དང་། ཏང་ཨུས་སྤྱི་ཡོངས་ཀྱི་གནས་ཚུལ་སྤྱི་འདོམས་དང་ཕྱོགས་གང་ཅི་མཐུན་སྦྱོར་བྱེད་པའི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་དང་། ཚོགས་པ་ཁག་དང་།མི་རིགས་ཁག།རིམ་གྲས་ཁག་སོགས་ཕྱོགས་གང་ཅིའི་ཐད་ཀྱི་མཐུན་སྒྲིལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་ཞིང་། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་དང་། མཐུན་རྐྱེན་མཐའ་དག་སྐུལ་སློང་། དངོས་གནས་དྲང་གནས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་འདོན་པ་བཅས་བྱས་ཏེ་མཐུན་སྒྲིལ་འབད་འཐབ་ཀྱི་བློ་རིག་དང་སྟོབས་ཤུགས་སྔར་ལས་རྒྱ་ཁྱབ་ཏུ་གོང་བུར་འགྲིལ་བར་བྱ་དགོས།

    ཧྲེན་དབྱང་གིས་ནན་གསུང་གནང་དོན། ངེས་པར་དུ་སྒྲིག་ལམ་ནན་སྲུང་དང་མཐིལ་ཚད་ལས་མི་བརྒལ་བ་བྱས་ནས་ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་ལུགས་དྲང་གི་མིག་དཔེ་སྟོན་བ་དགོས།བསམ་བློའི་སྲུང་ར་བརྟན་པོ་བཙུགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“དཔོན་པོ་བྱས་ན་ཕྱུག་པོར་འགྱུར་མི་རུང་། ཕྱུག་པོ་ཆགས་ན་དཔོན་པོར་འགྱུར་མི་རུང་”ཞེས་པའི་བསླབ་བྱའི་སྐོར་གྱི་ཏང་གི་སྒྲིག་ཡིག་དང་།ཏང་ནང་གི་ཚད་གཞི། ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་བཅས་དང་བསྡུར་ནས་ཟུར་བསྟན་ལེབ་མཐོང་བྱས་ཏེ་གནས་ཚུལ་གང་ཞིག་གི་འོག་ཏུའང་སེམས་པ་བརྟན་པོ་ཡོང་བ་དང་། རང་ཉིད་དོ་དམ་བྱེད་ཐུབ་པ།སྤྱོད་གཙང་ཡོང་བ་བཅས་བྱ་དགོས།ཀུན་སྤྱོད་ཀྱི་ཚད་གཞི་མཐོན་པོ་དོན་གཉེར་དང་། ཏང་གཤིས་སྦྱོང་བརྡར་དང་རང་ངོས་ཀྱི་བློ་སྦྱོང་ལ་ཤུགས་སྣོན། ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་རྒྱུན་འཛིན་དང་དར་སྤེལ། སྐྱོན་བྲལ་ཡར་བརྩོན་གྱི་འཚོ་བའི་འདོད་ཕྱོགས་གསོ་སྐྱོང་ཧུར་ཐག། ཉམས་སད་ཐེག་ཐུབ་པའི་བསམ་བློའི་ཀུན་སྤྱོད་དང་ཆབ་སྲིད་ཀྱི་བྱང་ཚད་འཛུགས་སྐྱོང་། རུལ་རྒོལ་འགྱུར་འགོག་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱ་དགོས། རང་གཅུན་གྱི་མཐིལ་ཚད་ནན་སྲུང་བྱས་ཏེ། རང་རྟོགས་ཀྱིས《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》དེ་སྡོམ་བྱེད་དུ་བྱེད་པ་དང་།གཞུང་དང་སྒེར་དང་། དབང་ཆ་དང་འགན་འཁྲི། སྤྱོད་གཙང་དང་རུལ་སུངས། གྲོན་ཆུང་དང་རྒྱས་སྤྲོས་བཅས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་ཐག་གཅོད་ཡང་དག་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་ཡོ་བསྲང་དང་།“སྤྱོད་ཚུལ་ངན་པ་བཞི”ལ་ངོ་རྒོལ།ཁྱིམ་སྲོལ་གསར་འཛུགས་བཅས་བྱེད་པ། རྩ་འཛུགས་དང་མང་ཚོགས་ཀྱི་ལྟ་སྐུལ་ལ་ལྟ་སྟངས་ཡང་དག་འཛིན་པ་བཅས་བྱས་ཏེ།ཏང་མི་ལས་བྱེད་པའི་སྤྱོད་པ་གཙང་མའི་སྣང་བརྙན་བཞེངས་དགོས། ཁུལ་སྒྲིག་ཨུའི་རྒྱུན་ཨུ་དང་། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན།འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས་ཡོད།

  • ལེ་ཚན་སྔོན་མ།:ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དར་མདོ་ནས་གྲོལ།
  • ལེ་ཚན་རྗེས་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་སྐབས་གསར་པས་འཕྲིན་སྦྱོར་གསར་འགོད་པ་ལ་ངོ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10