ཁུལ་སྒྲིག་ཨུ་སྐབས་བཅུ་གཅིག་པའི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད།

རྟ་མགྲིན་གྱིས་བསྒྱུར།        2021-12-30

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད།

(2021ལོའི་ཟླ12ཚེས29ཉིན་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་།)


   ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པས་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་ལ་ཞིབ་བཤེར་དང་ཆོག་མཆན་གནང་བ་རེད།

   ཚོགས་ཆེན་ཐོག་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད།ཚོགས་ཆེན་ཐོག་ངོས་འཛིན་བྱས་དོན། ཁུལ་ཐེངས་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་ནས་བཟུང་། ཁུལ་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱས་ནས། དུས་རབས་གསར་པའི་ཏང་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ལག་བསྟར་བྱས་པ་དང་། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་ཏུ་བཏང་། བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ཁུལ་ཨུའི་མགོ་ཁྲིད་བརྟན་པོའི་འོག། ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་འགན་སྲུང་ལག་བསྟར་དང་གོང་སྤེལ་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་གནང་བ་དང་།“གངས་ལྗོངས་སྤྱོད་གཙང”གི་ཆེད་དོན་བྱེད་སྒོས་གཅིག་འདོམས་བྱས་པ་དང་། སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ཁྲིམས་ནན་དུ་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པ་བཅས་རྒྱུན་འཁྱོངས་བྱས།ཏང་གིས་དཀར་མཛེས་སྲིད་སྐྱོང་གི་རྨང་གཞི་བརྟན་དུ་བཏང་བ་དང་། ཏང་སྲོལ་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་སྣང་རྒྱུན་ཆད་མེད་པར་ཆེ་རུ་སོང་ནས་ཏང་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་བཏབ།

   ཚོགས་ཆེན་ཐོག་བསྟན་དོན། འབྱུང་འགྱུར་གྱི་ལོ་ལྔ་ནི་ལོ་བརྒྱ་གཉིས་པའི་དམིགས་ཚད་མངོན་འགྱུར་དང་།མཐུན་སྒྲིལ་དང་འབྱོར་ཕྱུག། ཞི་མཐུན། མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་པའི་འགག་རྩའི་ལོ་ལྔ་དང་།ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་སྲ་བརྟན་དང་གོང་འཕེལ་གཏོང་བའི་འགག་རྩའི་ལོ་ལྔ་ཡིན། ངེས་པར་དུ་གཟབ་ནན་ངང་ཡུན་རིང་རྒྱུན་འཁྱོངས་བྱ་དགོས་པ་དང་། “འགན་འཁྲི་གཉིས”བློ་ཐག་ཆོད་པོས་ཏན་ཏིག་འཁུར་བ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ལ་མུ་མཐུད་ཤུགས་རྒྱག་པ། ལྐོག་ཟ་རུལ་སུངས་ལ་ཆད་གཅོད་ནན་པོ་བྱེད་པ། སྤྱོད་ཚུལ་ཡོ་བསྲང་དང་སྒྲིག་ཁྲིམས་ནན་དུ་གཏོང་བ།དུས་རབས་གསར་པར་འགན་འཁྲི་གསར་པ་འཁུར་ཕོད་པ་དང་། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བྱས་རྗེས་གསར་པ་བཏོད་པ།ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བཅས་འཕེལ་རྒྱས་གཏིང་ཟབ་ཏུ་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་ཧུར་བརྩོན་གྱིས་ལམ་ལུགས་རང་བཞིན་གྱི་གྲུབ་འབྲས་དང་བཅོས་སྐྱོང་གི་འབྲས་བུ་མང་བོ་ཐོབ་པར་འབད་བརྩོན་བྱ་དགོས།

   ཚོགས་ཆེན་ཐོག་བླང་བྱ་བཏོན་དོན། ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་དང་།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅང་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། དུས་རབས་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། “གངས་ལྗོངས་སྤྱོད་གཙང”རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས།ལྟ་སྐུལ་འགན་ལེན་ལག་བསྟར་དང་འཕེལ་རྒྱས་ཀྱི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱ་དགོས། “གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་བྱས་ནས“སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་རང་རྟོགས་འགན་ལེན་གྱི་གལ་ཆེ་བའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་ཏང་གི་མི་རིགས་ཆོས་ལུགས་ལས་དོན་གྱི་བྱེད་ཕྱོགས་ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་འགན་ལེན་བྱ་དགོས།གྱོད་གཞི་ཞིབ་གཅོད་བྱ་རྒྱུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ“མི་བྱེད་པ་གསུམ”གྱི་གཙང་སྐྱོང་ཕན་འབྲས་ལ་སྐུལ་འདེད་གཏང་དགོས། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་འཇགས་ཚོར་སྣང་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་བརྒྱབ་ནས་དངོས་ཐོག་བདེན་འཚོལ་དང་སྤྱོད་གཙང་ལུགས་དྲང་གི་སྤྱོད་ཚུལ་བཟང་པོ་རྒྱུན་ཆད་མེད་པར་བསྐྱང་དགོས། རང་གིས་རང་ལ་ལྟ་སྐུལ་དང་གཅུན་འདོམས་བྱ་རྒྱུར་ཤུགས་ཏན་ཏིག་བརྒྱབ་ནས་ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་མཐོ་སྒང་སྒྲིག་བཤེར་ལྟ་ཞིབ་དམག་ཧྲག་ཅིག་ནུས་ཤུགས་ཡོད་རྒུས་འཛུགས་དགོས།། 

  • ལེ་ཚན་སྔོན་མ།:ཁུལ་སྒྲིག་ཨུ་སྐབས༡༢པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།
  • ལེ་ཚན་རྗེས་མ།:མི་རིགས་ཀྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་གྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10