ཁུལ་ཨུ་སྐབས་བཅུ་གཅིག་པའི་སྙན་སེང་སྐོར་གྱི་གྲོས་ཆོད།

ཡེ་མགོན་པོས་བསྒྱུར།        2021-12-30

ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་སྙན་སེང་སྐོར་གྱི་གྲོས་ཆོད།

(2021ལོའི་སྤྱི་ཟླ་12པའི་ཚེས་29ཉིན་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་།)


   ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པས་བློ་མཐུན་ཧྲེན་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་ནས་གནང་བའི་སྙན་སེང་་ལ་ཆོག་མཆན་གནང་བ་རེད། ཚོགས་ཆེན་ཐོག་ངོས་འཛིན་བྱས་དོན། སྙན་སེང་ནང་གཏན་འཁེལ་བྱས་པའི“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ་དང་། ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ།དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ངོས་འཛིན་གོང་བུར་ཆགས་པ། ཡིད་ཆེས་བརྟན་དུ་བཏང་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་བཅངས་ནས་མཐུན་སྒྲིལ་འབྱོར་ཕྱུག་ཞི་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་འབད་འཐབ་བྱེད་གང་ཐུབ་བྱ་རྒྱུ”ཡིས་བརྗོད་དོན་གཙོ་བོར་བྱས་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོངས་དོན་ལག་བསྟར་བྱས་པར་བརྟེན། དཀར་མཛེས་ཀྱི་དོན་དངོས་དང་མཐུན་ཞིང་ཁུལ་་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ།མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་ཡོད་པ་རེད། སྙན་སེང་ནང་འདས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་དང་གཞི་རྩའི་ཉམས་མྱོང་ཕྱོགས་བསྡོམས་དོན་གནས་བྱས་ཤིང་། སླད་ཕྱིན་དུས་སྐབས་ཤིག་གི་རིང་ལ་ཐུག་པའི་གནས་བབ་གསར་པ་དང་ལས་འགན་གསར་པར་དབྱེ་ཞིབ་བྱས་ཡོད། འབྱུང་འགྱུར་ལོ་ལྔའི་ནང་ཁུལ་ཡོངས་ཀྱི་ལས་ཀའི་ཁྲིད་སྟོན་བསམ་བློ་དང་དམིགས་འབེན་གཙོ་བོ་གཏན་འཁེལ་བྱས་ནས་མཐུན་སྒྲིལ་འབྱོར་ཕྱུག་ཞི་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པའི་བརྗིད་ཉམས་ཀྱི་འཆར་གཞི་བཀོད་པ་དང་། འབྱུང་འགྱུར་ལོ་ལྔའི་ནང་དཀར་མཛེས་ཁུལ་བརྟན་ལྷིང་འཕེལ་རྒྱས་ཀྱི་སྐྱེ་ཁམས་དམངས་འཚོ་སོགས་བྱ་གཞག་སོ་སོའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་པ་དང་ཆབས་ཅིག། དུས་རབས་གསར་པའི་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏང་རྒྱུའི་བླང་བྱ་གསར་པ་བཏོན་ནས་སླད་ཕྱིན་དུས་སྐབས་ཤིག་གི་རིང་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏང་རྒྱུར་སྐུལ་འདེད་གཏོང་བའི་ཁྲིད་སྟོན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད།  

   ཚོགས་ཆེན་ཐོག་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་གདེང་འཇོག་ཚད་མཐོན་པོ་གནང་བ་རེད།ཚོགས་ཆེན་ཐོག་བསྟན་དོན། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་ཚུན།ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བྱུང་བའི་མདུན་དུ། ཁུལ་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱས་ནས་“འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་།“གདེང་ཚོད་བཞི་”སྲ་བརྟན།“སྲུང་སྐྱོང་གཉིས་”བྱེད་ཐུབ་པ་བྱས་ནས་བསམ་པ་རྣམ་དག་གིས་རྩ་བ་བྱེད་པ། བརྟན་ལྷིང་གི་འགན་འཁྲི་འཁུར་ཕོད་པ།འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ།དབུལ་པོའི་གནས་ལས་སྒྲོལ་རྒྱུ་སྲུང་འཛིན་བྱས“གསུམ་འཛུགས་མཉམ་འགུལ་”ཟབ་སྤེལ་བྱེད། “འཐབ་ཇུས་ཆེན་པོ་དྲུག་”ལག་བསྟར་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྱོང་ཐུབ་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་བ་། དམངས་འཚོ་འགན་ལེན་ཆུ་ཚད་རྒྱུན་་ཆད་མེད་པར་མཐོ་རུ་ཕྱིན་ནས་འབྱུང་འཕྲོད་ཀྱི་དཀར་མཛེས་ཁུལ་གྱི་རྨང་གཞི་དེ་བས་གསལ་པོ་ཐོན་པ། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བྱུང་བ།ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་བདེ་བླག་ངང་་བྱུང་ནས་བྱ་གཞག་སོ་སོ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།  

   ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། དཀར་མཛེས་ཁུལ་གྱི་དོན་དག་ཡག་པོ་བསྒྲུབ་དགོས་ན་ངེས་པར་དུ་སྲོག་ཤིང་ལ་བརྩི་བཀུར་དང་ཏང་གི་མགོ་ཁྲིད་མཐའ་འཁྱོངས་མཐའ་གཅིག་ཏུ་བྱ་དགོས་པ་ལས་དུས་ནམ་ཡིན་ནའང་རྒྱབ་འགལ་སྤུ་ཙམ་ཡང་བྱེད་མི་རུང་། ངེས་པར་དུ་བློ་གདེང་བརྟན་པོས་དར་ཆ་མཐོན་པོར་སྒྲེང་པ་དང་འཐབ་ཇུས་ཀྱི་ངེས་ཤུགས་སྲུང་འཛིན་བྱ་དགོས་པ་ལས།དུས་ནམ་ཡིན་ནའང་ཕྱོགས་འཛོལ་སྤུ་ཙམ་ཡང་བྱེད་མི་རུང་། ངེས་པར་དུ་གཙོ་གནད་བློ་གདེང་ནན་པོ་དང་མཐུན་སྒྲིལ་འབད་འཐབ་ལྷོད་མེད་བྱས་ནས་དུས་ནམ་ཡིན་རུང་འཛོལ་ཁྱད་སྤུ་ཙམ་ཡང་ཡོད་མི་རུང་། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་བརྟན་སྲུང་དང་དུས་དང་རྣམ་པ་ཀུན་ཏུ་མི་དམངས་ལ་ཞབས་ཕྱི་བསྒྲུབ་དགོས་པ་ལས་དུས་ནམ་ཡིན་ནའང་སྒྱིད་ལུག་སྤུ་ཙམ་བྱེད་མི་རུང་། ངེས་པར་དུ་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་ཁྲིམས་སྐྱོང་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱ་དགོས་པ་ལས་དུས་ནམ་ཡིན་ནའང་ལྷོད་གཡེང་སྤུ་ཙམ་བྱེད་མི་རུང་། ངེས་པར་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་སྲིད་འཛིན་གྱི་རྨང་གཞི་བརྟན་དུ་གཏང་དགོས་པ་ལས་དུས་ནམ་ཡིན་ནའང་ཉམས་ཞན་དུ་གཏན་ནས་གཏོང་མི་རུང་།རྩ་ཆེའི་ཉམས་མྱོང་དེ་དག་ནི་འབད་འཐབ་བྱས་པ་ལས་བྱུང་བ་དང་ཧ་ཅང་རྩ་ཆེན་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།  

   ཚོགས་འདུའི་ཐོག། སྙན་སྒྲོན་ནང་དཀར་མཛེས་ཁུལ་འཕེལ་རྒྱས་ཀྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་ཤ་བཅད་པ།  དེ་བཞིན་དུ་ཕྱིན་ཆད་ལོ་ལྔའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས་པར་མོས་མཐུན་བྱས་པ་རེད། ཚོགས་འདུའི་ཐོག་བསྟན་དོན།དེང་སང་གི་དཀར་མཛེས་ཁུལ་ནི་རླབས་ཆེན་གྱི་དུས་རབས་སུ་གནས་པ་དང་ལོ་རྒྱུས་ཀྱི་འབྲེལ་མཚམས་གལ་ཆེན་ཞིག་ཏུ་གནས་ཡོད།གསར་གཏོད་འཕེལ་རྒྱས་ཀྱི་གཙོ་གནད་དུས་སྐབས་དང་། འབྱུང་འཕྲོད་འཕེལ་རྒྱས་ཀྱི་དུས་སྐབས་ཡག་ཤོས།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་སྒྱུར་བའི་དུས་སྐབས་བཅས་བསུ་མ་བྱེད་བཞིན་ཡོད། ཚོགས་ཆེན་ཐོག་ནན་གསུང་གནང་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་འཛིན་པ།དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་ཅིང་།ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་བརྒྱག་པ།འཕེལ་རྒྱས་ཀྱི་དུས་རིམ་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ།འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་མཉམ་འདྲེས་བྱེད་པ།བརྟན་ཐོག་ཡར་འཕེལ་གྱི་ལས་དོན་སྤྱིའི་དགོངས་གཞི་རྒྱུན་འཁྱོངས།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཆང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པའི་དཔེ་སྟོན་ཁུལ།རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས། དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་རྟེན་གཞི།རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་བཅས་ནུས་ཤུགས་ཡོད་རྒུས་འཛུགས་སྐྱོང་བྱས་པ་དང་ཆབས་ཅིག།གསར་གཏོད་ཀྱིས་འདེད་སྐུལ་དང་སྤུས་རྟགས་ཀྱིས་སྣེ་ཁྲིད། ས་ཁོངས་ཧྲིལ་པོར་སྒོ་འབྱེད།ཨང་ཀི་ཅན་ལ་ནུས་པ་སྐྱེད་པ་བཅས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ཁྲིམས་ལྟར་ཁུལ་སྐྱོང་བ་དང་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་སྐྱོང་།ཡུལ་སྡེ་དར་རྒྱས།འགྲིམ་འགྲུལ་སྔོན་སྤེལ། ཐོན་ལས་ལ་བརྟེན་ནས་མི་དམངས་ཕྱུག་པོར་ཆགས་པ་བཅས་ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མཐུན་སྒྲིལ་ཕྱུག་འབྱོར་ཞི་མཐུན་མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས།

   ཚོགས་ཆེན་ཐོག་ནན་བཤད་བྱས་དོན།ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱག་རྒྱུ་དེ་ལས་དོན་མཐའ་དག་གི་དམིགས་ས་དང་ཤུགས་རྒྱག་ས་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ།འདྲ་མཉམ་དང་མཐུན་སྒྲིལ།རོགས་རེས།ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ།བདེ་སྡུག་མཉམ་མྱོང་དང་།ཁྲེལ་གྲགས་མཉམ་ཁུར།འཆི་གསོན་མཉམ་གནས།ལས་དབང་གཅིག་མཐུན་བཅས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་བྱ་དགོས།མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་བ་དང་།མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་རྒྱུ་ཡིས་འདེགས་སྐྱོར་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་རྒྱུའི་ལག་ལེན་བྱ་སྤྱོད་གཏིང་ཟབ་སྤེལ་ཞིང་།ཏང་གི་ལོ་རྒྱུས་དང་ཀྲུང་གོའི་ལོ་རྒྱུས།བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས།སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལས་དོན་གཏིང་ཟབ་སྤེལ་ནས་སྤྱི་དམངས་ཀྱི་བསམ་བློ་ཀུན་སྤྱོད་འཛུགས་སྐྱོང་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱ་དགོས།མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་བྱས་ནས་གསར་བརྗེའི་རིག་གནས་ཞིབ་འཇུག་གསེད་འགྲེལ་དང་དྲིལ་བསྒྲགས་སློབ་གསོ་ཡག་པོ་བྱས་ཤིང་།རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་དང་རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་དཀར་མཛེས་ཁུལ་དུ་བརྒྱུད་ཡུལ་འཛུགས་སྐྱོང་བཅས་ལ་སྤུས་ཚད་མཐོན་པོས་སྐུལ་འདེད་བཏང་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ།“ས་ཁོངས་ཧྲིལ་པོའི་རྟེན་རྫས་བཤམས་མཛོད་ཁང་གི་ཁུལ”འཛུགས་སྐྱོང་བཅས་བྱས་ནས་སྣེ་མང་ཅན་གྱི་རིག་གནས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏང་དགོས། མི་རིགས་ཁག་བར་འགྲོ་འོང་དང་སྤེལ་རེས།མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།སྤེལ་རེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་ཆ་འཛུགས་སྐྱོང་བྱས་ནས་འབྲེལ་གཏུག་གི་འབྲེལ་ཟམ་སྐྲུན་པ།དཔེ་སྟོན་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་ཐུན་མོང་ཐོག་སློབ་སྦྱོང་དང་།མཉམ་སྐྲུན་མཉམ་སྤྱོད།ལས་དོན་མཉམ་སྒྲུབ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱ་དགོས།  

  ཚོགས་འདུའི་ཐོག་ནན་བཤད་བྱས་དོན། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་བཅངས་ནས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཏེ་འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་དགོས།ལྟ་བ་གསལ་པོས་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ནས་ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མི་དམངས་འགོག་སྲུང་འཛིང་རགས་སྲ་བརྟན་དུ་བཏང་སྟེ་ཁ་བྲལ་ལ་ལ་ངོ་རྒོལ་དང་སིམ་འཛུལ་ལ་ངོ་རྒོལ།རྩ་སློག་ལ་ངོ་རྒོལ་བཅས་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱ་དགོས། ཏང་གིས་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་རྒྱག་པ་དང་།འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་།དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས་དང་གཞི་རྩའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་ཐབས་བྱ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱ་དགོས།ཁྲིམས་ལྟར་ཁུལ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ།དེང་རབས་ཅན་གྱི་ཁྲིམས་སྐྱོང་བཟང་སྲོལ་འཛུགས་སྐྱོང་ཤུགས་ཆེན་བྱེད་པ།སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་ཏན་ཏིག་བྱ་དགོས།  

  ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཐོན་ཁུངས་རང་སྤུས་དང་འཕེལ་རྒྱས་ཀྱི་ཆ་རྐྱེན།ལེགས་ཆ་བཅས་ལ་གཞི་ཚུགས་རྒྱུ་མཐའ་འཁྱོངས་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཐུན་མོང་ཐོག་ཕྱུག་པོར་ཆགས་པའི་འཇུག་གཞི་དང་ཤུགས་རྒྱག་ས་འཚོལ་ཞིབ་འཕྱུགས་མེད་བྱས་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་།ཐོན་ལས་ཀྱི་རིམ་སྤོར་ལ་སྐུལ་འདེད།དཔལ་འབྱོར་གྱི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཁུལ་ཡོངས་ཀྱི་གཅིག་གྱུར་གྱི་རྒྱལ་ས་ཐོན་ཁུངས་ཀྱི་བར་མཐོངས་འཆར་འགོད་མ་ལག་འཛུགས་སྐྱོང་བྱས་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་།ཁྲོན་བོད་ལྕགས་ལམ་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་བྱ་རྒྱུའི་འཆར་འགོད་བཟོས་པ།དམངས་གཉེར་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།ཁྲོམ་རའི་བྱེད་པོ་སྟོབས་ཆེར་གཏོང་བ་བཅས་བྱས་ནས་ཁྲོམ་རའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་གཏོད་ནུས་པ་སྔར་བས་ངར་སློང་བྱ་དགོས། ས་ཁོངས་ཧྲིལ་པོར་སྐྱེ་ཁམས་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་།ཡུལ་སྐོར་སྤུས་རྟགས་གཏོད་རྒྱུར་དམ་འཛིན་བྱེད་པ།ཡུལ་སྐོར་ལས་རིགས་འཕེལ་རྒྱས་མགྱོགས་སུ་གཏོང་བ།ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ།རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་དམིགས་ས་གཏོད་པ་བཅས་བྱ་དགོས།མཐོ་སྒང་གི་ཁྱད་ཆོས་ཀྱི་ཞིང་འབྲོག་ལས་མགྱོགས་མྱུར་དུ་འཕེལ་རྒྱས་བཏང་ནས“གཙང་གསུམ་རྒྱུད་དྲུག”གི་དེང་རབས་ཞིང་ལས་ཐོན་ལས་ཁུལ་གསོ་སྐྱོང་བྱེད་པ་དང་།དེང་རབས་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ།དེང་རབས་ཞིང་ལས་ཀྱི་ལས་རྣམ་གསར་པ་གསོ་སྐྱོང་བྱེད་པ།རྨོ་ཞིང་གི་དམར་ཐིག་བརྟན་སྲུང་བྱེད་པ་བཅས་བྱས་ནས་དེང་རབས་མཐོ་སྒང་གི་ཁྱད་ཆོས་ཞིང་འབྲོག་ལས་ཀྱི་རྟེན་གཞི་མུ་མཐུད་ནས་གཏོད་དགོས།ནུས་ཁུངས་གཙང་མ་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་།ཆུ་རླུང་འོད་ཀྱི་ནུས་ཁུངས་གཙང་མ་ཕྱོགས་བསྡུས་གསར་སྤེལ་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ།གློག་ཤུགས་ཕྱིར་གཏོང་གི་ནུས་པ་ཆེ་རུ་གཏོང་གང་ཐུབ།ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ལིས་གཏེར་ཕན་ནུས་ཆེ་ཞིང་ཕྱོགས་བསྡུས་ཀྱིས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ།རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞི་གལ་ཆེན་ནུས་ཤུགས་ཡོད་རྒུས་སྐྲུན་པ་བཅས་བྱ་དགོས།དེང་རབས་ཀྱི་ཞབས་ཕྱིའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་དང་གློག་རྡུལ་ཚོང་དོན་འཕེལ་རྒྱས་མགྱོགས་སུ་གཏོང་བ།དངུལ་རྩའི་ལས་རིགས་བཅོས་བསྒྱུར་དང་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ།འཛད་སྤྱོད་ཀྱི་ལས་སྒོའི་རྣམ་པ་གསོ་སྐྱོང་ཧུར་ཐག་བཅས་བྱས་ཏེ་ཞབས་ཕྱིའི་ལས་རིགས་ཀྱིས་ལས་ཞུགས་རྒྱ་སྐྱེད་དང་ནང་མཁོ་སྐུལ་འདེད།“འཁོར་སྐྱོད་གཉིས་”བཅས་ལ་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་དགོས། ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཇེ་མགྱོགས་སུ་འཐུས་ཚང་དུ་གཏོང་བ་དང་།འགྲིམ་འགྲུལ་མཉམ་རུབ་དམག་འཐབ་ཆེན་པོ་རེས་གསར་པར་སྐུལ་འདེད།ཕྱོགས་མང་ནས་ཁྲུལ་དུ་བསྲིངས་པའི་བགྲོད་ལམ་འཛུགས་སྐྲུན།ནང་ཁུལ་ཤར་བགྲོད་ཀྱི་འགྲིམ་འགྲུལ་དྲ་བ་ལེགས་འགྱུར།“འཕྲེད་ལྔ་གཞུང་ལྔ་”ཡི་རྒྱལ་ཁབ་དང་ཞིང་ཆེན་གྱི་འགྲིམ་འགྲུལ་མ་ལམ་དང“ལྕགས་ལམ་གཉིས་དང་མྱུར་བགྲོད་གཞུང་ལམ་ལྔ་དང་མཁའ་ལམ་བཞི་”བཅས་ལངས་གཟུགས་རང་བཞིན་གྱི་འགྲིམ་འགྲུལ་མ་ལག་ཇེ་མགྱོགས་སུ་བསྐྲུན་དགོས།  

   ཚོགས་ཆེན་ཐོག་ནན་བཤད་བྱས་དོན།ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་དང་གངས་ཀླུང་འཁྱག་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ལག་ལེན་བསྟར་ཏེ་ཐུན་མོང་ཐོག་སྲུང་སྐྱོང་ཆེན་པོ་དང་གསར་སྤེལ་ཆེན་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཉེན་མེད་སྲུང་སྐྱོང་བྱ་དགོས།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།“ཐིག་གསུམ་འཛིན་གཅིག”གི་ཁོངས་བགོས་དོ་དམ་ཚོད་འཛིན་ལམ་སྲོལ་དོན་འཁྱོལ།རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་པ།འབྱུང་རྩ་ནས་སྔོན་འགོག་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ།རྒྱལ་ཁབ་ཀྱི་“གསེར་རི་དངུལ་རི”ཡི་ལག་ལེན་གསར་གཏོད་རྟེན་གཞི་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་རྫོང་འཛུགས་སྐྱོང་མགྱོགས་སུ་གཏང་དགོས།རི་ཆུ་ནགས་གསུམ་དང་ཞིང་ཁ།མཚེའུ།རྩྭ་ཐང་།བྱེ་རིགས།འཁྱག་ཀླུང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་།སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ།ས་ཁོངས་ཧྲིལ་པོར་གད་སྙིགས་མེད་པའི་བྱ་སྤྱོད་སྤེལ་བ།ཁོར་ཡུག་བཅོས་སྐྱོང་གི་ནུས་པ་ཆེ་རུ་གཏོང་བ།ཀྲུང་དབྱང་དང་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལན་སློག་གནད་དོན་བཅོས་སྒྲིག་བྱ་རྒྱུ་དམ་འཛིན་མཐའ་གཅིག་ཏུ་བྱ་དགོས།ཐཱན་ཚད་ལོན་ཐཱན་སྙོམས་འགྱུར་འཕེལ་རིམ་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་།སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ།སྐྱིན་གསབ་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་པ་བཅས་བྱས་ཏེ་སྐྱེ་ཁམས་རིན་ཐང་བརྗེ་སྒྱུར་ལ་སྐུལ་འདེད་གཏང་དགོས།  

  ཚོགས་འདུའི་ཐོག་ནན་བཤད་བྱས་དོན།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས་དམངས་འཚོ་ལེགས་བཅོས་དང་མི་སེམས་གོང་བུར་སྒྲིལ་རྒྱུ་དེ་ལས་དོན་མཐའ་དག་མགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཟབ་པ་དང་།སྐྱིད་སྣང་སྔར་བས་རྒྱུན་མཐུད།བདེ་སྣང་སྔར་བས་འགན་ལེན་བྱ་དགོས། “མི་ལེན་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ་འགུལ་རྣམ་ལྟ་ཞིབ་ཚད་ལེན་ལ་ཤུགས་རྒྱག་པ་དང་།རོགས་སྐྱོར་བྱེད་ཐབས་འཐུས་ཚང་དུ་གཏོང་བ།རོགས་སྐྱོར་ཐོན་ཁུངས་སྤྱི་འདོམས་བཅས་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་དུ་སྲ་བརྟན་གཏང་དགོས།ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་དང་།ཡུལ་སྡེའི་ཐོན་ལས་དར་རྒྱས་དང་མཛེས་སྡུག་གི་ཡུལ་སྡེ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་སུ་གཏོང་བ།ཡུལ་སྡེའི་གཞིས་མི་འཚོ་སྡོད་ཁོར་ཡུག་དག་ཐེར་བཅོས་སྐྱོང་དང་རིམ་སྤོར།གསང་སྤྱོད་ཁང་གསར་བརྗེ་བྱེད་པ།ཡུལ་སྡེའི་བཅོས་བསྒྱུར་རིགས་གཉིས་ཀྱི“རྗེས་མཐུད”ལས་དོན་ཡག་པོ་སྒྲུབ་པ།འབྲོག་ཁུལ་གྱི་ལས་དོན་ལ་ཆེད་དོན་ཞིབ་འཇུག་བྱེད་པ།ཡུལ་སྡེ་དར་རྒྱས་གཏོང་བའི“བརྒྱ་ཟུང་ལས་གྲྭ”ལག་བསྟར་བྱེད་པ་བཅས་བྱས་ནས་ཡུལ་སྡེ་དར་རྒྱས་གཏོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་བར་སྟོང་བཀོད་སྒྲིག་བྱེད་ཚུལ་འཐུས་ཚང་དུ་གཏོང་བ།གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་དང་“གནས་སྡོད་འཚམ་པའི་ལས་གྲྭ་”ལག་བསྟར་བྱེད་པ།གྲོང་ཁྱེར་དང་གྲོང་རྡལ་གྱི་ཞབས་ཕྱིའི་དོ་དམ་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མཐོ་སྒང་གི་ཁྱད་ཆོས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་བྱེད་པའི་ལེའུ་གསར་པ་རྩོམ་དགོས།སྤྱི་ཚོགས་ཀྱི་དམངས་འཚོའི་བྱ་གཞག་འཕེལ་རྒྱས་གཏོང་བར་སྐུལ་འདེད་མགྱོགས་སུ་གཏོང་བ།སློབ་གསོ་དར་རྒྱས་གཏོང་བའི་འཆར་གཞི་དང་བདེ་ཐང་དཀར་མཛེས་ཁུལ་གྱི་བྱ་སྤྱོད་ལག་བསྟར་བྱེད་པ་དང་།སློབ་གྲྭར་འགྲོ་མཚམས་མི་ཆད་པ་ཚོད་འཛིན་བྱས་ནས་སློབ་སྦྱོང་ལ་འགན་ལེན་བྱེད་པའི་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ།སློབ་ཞུགས་གོང་སྤྱི་སྐད་སྦྱོང་ཤེས་པ་བྱེད་པར་སྐུལ་འདེད་གཏོང་བ།ཏོག་གསར་གློ་ཚད་རིམས་ཚུལ་འགོག་ཟོན་བྱ་རྒྱུ་ཚན་རིག་དང་མཐུན་ཞིང་གནད་འཁེལ་གྱི་སྒོ་ནས་དམ་འཛིན་ཡག་པོ་བྱེད་པ།གྲོང་ཁྱེར་དང་གྲོང་ཡུལ་གྱི་སྤྱི་པའི་ཞབས་ཕྱི་དང་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ།གྲོང་ཁྱེར་དང་གྲོང་ཡུལ་གྱི་ལས་ཞུགས་གཅིག་གྱུར་འཆར་འགོད་དང་བསྐྱར་བགོ་སྙོམ་སྒྲིག་གི་ལམ་སྲོལ་འཐུས་ཚང་དུ་བཏང་ནས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་མཐུད་དུ་ལེགས་སུ་གཏོང་བ་བཅས་བྱ་དགོས།  

  ཚོགས་འདུའི་ཐོག་ནན་བཤད་བྱས་དོན།ཆ་ཚང་ལ་གནད་ལ་འཁེལ་བའི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་།བཅོས་བསྒྱུར་ཚད་བརྒལ་ཡོང་གཞིར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་མ་ལག་འཛུགས་སྐྱོང་མགྱོགས་སུ་གཏོང་བ་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས།གསར་གཏོད་ཀྱིས་སྒུལ་ཤུགས་བྱེད་པ་དང་།ཚན་རྩལ་གསར་གཏོད་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ།གསར་གཏོད་ཀྱི་ལས་སྟེགས་འཛུགས་སྐྱོང་ཧུར་ཐག་བྱེད་པ།སྤུས་ཚད་མཐོ་རུ་གཏོང་བའི་གསར་གཏོད་ཞབས་ཕྱིར་དོ་སྣང་བཅས་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་དགོས།སྤུས་རྟགས་གྲགས་ཅན་གྱི་སྣེ་ཁྲིད་ལ་སྐུལ་འདེད་དང་སྤུས་རྟགས་གྲགས་ཅན་གྱི་འདུ་ཤེས་བརྟན་པོ་བཅང་བ།དཔེ་སྟོན་གསར་འཛུགས་ལ་སྐུལ་འདེད།ཚོང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་རྒྱ་སྐྱེད་བཅས་བྱས་ནས་འཕེལ་རྒྱས་ཀྱི་མ་དཔེ་གསར་པ་བསྐྲུན་དགོས།ས་ཁོངས་ཡོངས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་དང་ཆུ་ཚད་སྔར་ལས་མཐོ་བའི་སྒོ་འབྱེད་ཀྱི་གནས་བབ་འཛུགས་སྐྱོང་བྱས་ནས་ཁྱབ་ཁོངས་སྔར་ལས་རྒྱ་ཆེ་བའི་གཉིས་ཕན་མཉམ་ལས་མངོན་འགྱུར་བྱེད་པ།རིམ་པ་སྔར་ལས་ཟབ་པའི་ཕྱི་ཕྱོགས་དང་སྤེལ་རེས་བྱེད་པར་སྐུལ་འདེད།ཕྱི་ནང་གཉིས་ཀར་འཁོར་སྐྱོད་བྱེད་པའི་དཔལ་འབྱོར་མཉམ་འགུལ་གྱི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འདོན་དགོས།ཨང་ཀི་ཅན་གྱི་ནུས་པ་སྐྱེད་པར་སྐུལ་འདེད་གཏོང་བ་དང་ནུས་ཤུགས་ཡོད་རྒུས་གྲངས་གཞིའི་བཅོས་བསྒྱུར་དམ་འཛིན་ཏན་ཏིག་བྱེད་པ།ཕན་འབྲས་ཆེ་བའི་སྒོ་ནས་ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ་བྱེད་པ།གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་འདེགས་སྐྱོར་གསར་པ་ཆགས་པ་བྱ་དགོས།  

  ཚོགས་འདུའི་ཐོག་ནན་བཤད་བྱས་དོན།ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་དེ་བས་ཛ་དྲག་དང་རྙོག་འཛིང་ཆེ་བ།སྐྱེ་མཁམས་དམངས་འཚོ་བརྟན་ཁྲོད་འཕེལ་རྒྱས་གཏང་རྒྱུའི་ལས་འགན་དེ་བས་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བར་བརྟེན།ཏང་གི་མགོ་ཁྲིད་ལ་དེ་བས་གཡོ་འགུལ་སྤུ་ཙམ་མེད་པར་མཐའ་འཁྱོངས་དང་ཤུགས་བརྒྱབ་ནས་བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏང་དགོས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་རྒྱུ་མཐའ་འཁྱོངས་བྱས་ནས་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་།བསམ་བློ་ཆབ་སྲིད་ཀྱི་ཆུ་ཚད་མཐོ་རུ་གཏོང་བའི་ལས་གྲྭ་ལག་ལེན་གཏིང་ཟབ་བསྟར་བ།བློ་དཀར་སེམས་དཀར་གྱི་ཆབ་སྲིད་གཤིས་རྒྱུད་ལ་སྦྱོང་བརྡར་ཐེབས་པ།རང་རྟོགས་ཀྱིས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་“སྲུང་སྐྱོང་གཉིས”ལག་ལེན་མཐའ་གཅིག་ཏུ་བསྟར་མཁན་བཅས་བྱ་དགོས།གཞི་རིམ་གྱི་སྟོན་ཕྱོགས་ལ་དམ་འཛིན་མངོན་གསལ་དོད་པོ་བྱས་ནས་ཞིང་འབྲོག་ཁུལ་གྱི་ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བའི་ལས་གྲྭ་དང་།ཏང་མི་དཔུང་སྡེ་གི་ཆུ་ཚད་མཐོར་གཏོང་ལས་གྲྭ།ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དཔེ་སྟོན་ལས་གྲྭ་་བཅས་ལག་བསྟར་བྱས་ཏེ་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་གཏོད་དགོས།མི་འདེམས་སྤྱོད་ལ་ཁྲིད་སྟོན་ཡང་དག་བྱས་ནས་དོན་གཉེར་དང་ཐུགས་ཁུར།གཅེས་སྐྱོང་བཅས་ཀྱི་གསོན་ཤུགས་མཚོན་པར་བྱས་ཤིང་།བྱ་གཞག་འཕེལ་རྒྱས་ལ་དམིགས་ནས་འཇོན་ཐང་ཅན་གཅིག་སྡུད་བྱེད་པ།ལས་འགན་ལྗིད་་མོཕྲག་ཐོག་ཏུ་འཁུར་བའི་ལས་བྱེད་པའི་ཤེས་ཡོན་མི་སྣའི་དཔུང་སྡེ་གཏོད་དགོས།རྒྱུན་སྲིང་ལྷོད་མེད་ཀྱིས“སྤྱོད་ཚུལ་ངན་པ་བཞི”ཡོ་བསྲང་བྱེད་པ་དང་སྤྱོད་ཚུལ་ལེགས་སྒྱུར་དང་སྒྲིག་ཁྲིམས་ནན་དུ་བཏང་སྟེ་རུལ་སུངས་ལ་ངོ་རྒོལ་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།  

  ཚོགས་ཆེན་ཐོག་ནན་བཤད་བྱས་དོན།མཐུན་སྒྲིལ་ཕྱུག་འབྱོར་ཞི་མཐུན་མཛེས་སྡུག་གི་་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་ངེས་པར་དུ་མཐུན་སྒྲིལ་བྱེད་ཆོག་པའི་སྟོབས་ཤུགས་མཐའ་དག་ལ་མཐུན་སྒྲིལ་བྱས་ནས་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱ་དགོས།མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཀྱི་དབང་འཛིན་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་དང་།མི་དམངས་སྲིད་གྲོས་ཀྱིས་ཆབ་སྲིད་གྲོས་མོལ་དང་།དམངས་གཙོའི་ལྟ་སྐུལ།སྲིད་ཞུགས་སྲིད་མོལ་བཅས་ཀྱི་འགན་ནུས་སྒྲུབ་པར་རྒྱབ་སྐྱོར།ཏང་གིས་མང་ཚོགས་ཚོགས་པའི་ལས་དོན་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་བཅོས།ཏང་གིས་དྲག་དཔུང་ལ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ཆེས་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།  

  ཚོགས་ཆེན་ཐོག་འབོད་སྐུལ་བྱས་དོན།ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་ཅིང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ།ཞིང་ཆེན་ཏང་ཨུའི་མགོ་ཁྲིད་སྲ་བརྟན་སྟོབས་ལྡན་འོག།ཁ་སང་གི་སྡུག་བསྔལ་དང་གཟི་བརྗིད་མ་བརྗེད་པ་དང་།དེ་རིང་གི་ལས་འགན་དང་འགན་འཁྲི་འཁུར་ཕོད་པར་ངོ་གནོང་མི་དགོས་པ།འབྱུང་འགྱུར་གྱི་ཕུགས་འདུན་རླབས་པོ་ཆེ་སྟོང་ཟད་དུ་མི་གཏོང་བ་བཅས་བྱེད་པ་དང་།ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་བསྐྲུན་ཏེ་རྒྱང་སྐྱོད་ཀྱི་སྙིང་སྟོབས་དང་།“ལམ་གཉིས”ཀྱི་སྙིང་སྟོབས།བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་དུས་རབས་གསར་པའི“རྒྱང་སྐྱོད་ལམ་བུ”དང“རྒྱུགས་སྤྲོད་ལམ་བུར”ནུས་ཤུགས་ཡོད་རྒུས་ཡག་པོ་སྐྱོད་པ་དང་།མཐུན་སྒྲིལ་དང་། ཕྱུག་འབྱོར། ཞི་མཐུན།མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ།ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་བྱས་རྗེས་གསར་པ་དེ་བས་ཆེ་བ་འབུལ་དགོས།།

  • ལེ་ཚན་སྔོན་མ།:ཀྲུང་གུང་དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ་སྐབས་གསར་པས་འཕྲིན་སྦྱོར་གསར་འགོད་པ་ལ་ངོ་འཕྲད་གནང་།
  • ལེ་ཚན་རྗེས་མ།:ཁུལ་སྒྲིག་ཨུ་སྐབས༡༢པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10