ཁུལ་སྒྲིག་ཨུ་སྐབས༡༢པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2021-12-30

   སྤྱི་ཟླ12པའི་ཚེས29ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དེ་དར་མདོར་འཚོགས་པ་རེད།

    ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན45 ཡོང་དགོས་པ་དང་ཨུ་ཡོན43དངོས་སུ་བསླེབས་ཡོད་པས།  གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་པ་རེད།  ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་ཚོགས་པའི་མངགས་བཅོལ་ལྟར།  ཅིན་ཝུའུ་ཡིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་།

    ཚང་འཛོམས་གྲོས་ཚོགས་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་ཧྲུའུ་ཅི། ཧྲུའུ་ཅི་གཞོན་པ་བཅས་བདམས་ཐོན་བྱུང་བར་མ་ཟད།  ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གྲོས་འཆམ་འབྱུང་བར་ཕུལ་བ་རེད།།

  • ལེ་ཚན་སྔོན་མ།:ཁུལ་ཨུ་སྐབས་བཅུ་གཅིག་པའི་སྙན་སེང་སྐོར་གྱི་གྲོས་ཆོད།
  • ལེ་ཚན་རྗེས་མ།:ཁུལ་སྒྲིག་ཨུ་སྐབས་བཅུ་གཅིག་པའི་ལས་དོན་སྙན་སེང་སྐོར་གྱི་གྲོས་ཆོད།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10