འབའ་ཐང་གྲུ་བ་ལུང་གི་འབྲི་ཆུའི་ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་བྱས།

        2022-01-04

སྤྱི་ཟླ12པའི་ཚེས29ཉིན་འབའ་ཐང་གྲུ་བ་ལུང་གི་འབྲི་ཆུའི་ཟམ་ཆེན་བསྐྲུན་མཇུག་བསྒྲིལ་ནས་རླངས་འཁོར་ཤར་གཏོང་ཐུབ་པ་རེད།

གྲུ་བ་ལུང་གི་འབྲི་ཆུའི་ཟམ་ཆེན་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབའ་ཐང་རྫོང་དང་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་འབྲེལ་མཐུད་བྱེད་པའི་བགྲོད་ལམ་གལ་ཆེན་ཡིན་ཞིང་།སི་ཁྲོན་ནས་བོད་དུ་འགྲོ་སའི་འགྲིམ་འགྲུལ་འགག་གནད་ཡིན་པ་རེད། 2018ལོའི་སྤྱི་ཟླ11པར་འབྲི་ཆུའི་ཟམ་ཆེན་དེ་པད་དགེ་རི་ཉིལ་ཆུ་འཁྱིལ་མཚེའུ་བཤང་སྐབས་ཟམ་པ་དེད་ཡོད། 2020ལོའི་སྤྱི་ཟླ5པར་དཀར་མཛེས་འགྲིམ་འགྲུལ་མ་དངུལ་གཏོང་འཇོག་ཚོགས་པས་ཟམ་པ་གསར་པ་སྐྲུན་མགོ་ཚུགས་པས་མ་ཚད། ཟླ་བ14ཡི་སྔ་སྣུར་དུ་ཟམ་ཆེན་བསྐྲུན་རྒྱུའི་ལས་འགན་ལེགས་འགྲུབ་བྱུང་རེད།

ཟམ་པ་དེའི་རིང་ཚད་སྨི361.54དང་ཟམ་ངོས་ཞེང་ཚད་སྨི11.5ནས19.1ཡོད་པ་དང་།ཕྱོགས་གཉིས་ལ་རླངས་འཁོར་གཉིས་བཤུལ་ཐར་བའི་ཆུ་ཚོད་རེར་རླངས་འཁོར་མྱུར་ཚད་སྤྱི་ལེ40ཡི་ཚད་གཞི་ལྟར་ཇུས་འགོད་བྱས་པ་རེད།ཟམ་ཆེན་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་འདི་ནི་རྒྱལ་སྲུང་གཞུང་ལམ318པ་གྲུ་པ་ལུང་གི་འབྲི་ཆུའི་དུམ་བུའི་རླངས་འཁོར་ཕྱོགས་གཅིག་རྐྱང་པར་མ་གཏོགས་ཤར་གཏོང་མི་ཐུབ་པའི་གནས་སྐབས་ཀྱི་ལྕགས་པང་ཟམ་པས་ལས་འགན་འཁུར་མཇུག་བསྒྲིལ་ནས་འབྲི་ཆུའི་ཐོག་རླངས་འཁོར་གཉིས་བཤུལ་ཤར་གཏོང་ཐུབ་པའི་རྣམ་པ་མངོན་འགྱུར་བྱུང་བ་རེད།།

( ཨ་མགོན་གྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས《བརྡ་ཐོ》བཏང་ནས་རིམས་ཚུལ་འགོག་ཟོན་ལས་དོན་ ཡང་བསྐྱར་བཀོད་སྒྲིག་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།