དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་མཇུག་བསྒྲིལ།

        2022-01-10

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ ཚོགས་འདུ་ཐེངས་དང་པོ་མཇུག་བསྒྲིལ།

ཧྲེན་དབྱང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཧྥུང་ཧྥ་ཀུའེ་དང་ཧྲུའུ་ཏ་ཁྲུན། ལེ་ཅན་ཕིང་ཚོགས་འདུར་ཞུགས།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་མཇུག་བསྒྲིལ།

ཧྲེན་དབྱང་གིས་གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་ལེ་ཅན་ཕིང་ལ་རྟེན་འབྲེལ་ཞུ།


དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་མཇུག་བསྒྲིལ།

ཁུལ་སྲིད་གྲོས་ཀྱི་མཇུག་བསྒྲིལ་ཚོགས་འདུའི་ཚོགས་ར།


སྤྱི་ཟླ་དང་པོའི་ཚེས9ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་རིམ་ཁག་བདེ་བླག་ངང་གྲུབ་ནས་དར་རྩེ་མདོ་ནས་མཇུག་སྒྲིལ་བ་རེད།

སྤྱི་ཟླ་དང་པོའི་ཚེས8ཉིན་སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོས་འདེམས་བསྐོ་ཚོགས་འདུ་འཚོགས་ནས་ལེ་ཅན་ཕིང་སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་བཞི་པའི་ཀྲུའུ་ཞིར་བདམས་ཐོན་བྱུང་། དབྱང་ཆིང་ཧྭ་དང་རྡོ་རྗེ་བཀྲ་ཤིས། སྐུ་བཅར་ཡོན་ཏན་རྒྱ་མཚོ། ནན་ཧུང་། ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན། ལིའུ་ཙུང་ཅན། ཚེ་རིང་དབང་མོ། ཆུས་མའེ། ལུའོ་ལིན། ལིའུ་ཧུང་བཅས་སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་བཞི་པའི་ཀྲུའུ་ཞི་གཞོན་པར་བདམས་ཐོན་བྱུང་།ཞུའེ་ཏ་ཆོན་སྲིད་གྲོས་དཀར་མཛེས་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་པོར་བདམས་ཐོན་བྱུང་བ་རེད།

མཇུག་སྒྲིལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ལེ་ཅན་ཕིང་དང་དབྱང་ཆིང་ཧྭ། རྡོ་རྗེ་བཀྲ་ཤིས། སྐུ་བཅར་ཡོན་ཏན་རྒྱ་མཚོ། ནན་ཧུང་། ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན། ལིའུ་ཙུང་ཅན། ཚེ་རིང་དབང་མོ། ཆུས་མའེ། ལུའོ་ལིན། ལིའུ་ཧུང་། ཞུའེ་ཏ་ཆོན་བཅས་རེད།

ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་མཇུག་སྒྲིལ་ཚོགས་འདུར་ཕེབས་ནས་གསུང་བཤད་ཀྱང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལས་ཚབ་ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་མི་དམངས་འཐུས་ཚོགས་ཏང་ཙུའུ་ཧྲུའུ་ཅི་ཧྲུའུ་ཏ་ཁྲུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀང་།དབྱང་ཧུང་ཧྲོའུ་སོགས་གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་འདུར་ཕེབས་ནས་ཀྲུའུ་ཞི་སྟེགས་བུར་བཞུགས་པ་རེད།ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབྱང་ཆིང་ཧྭ་ཡིས་མཇུག་སྒྲིལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

མཇུག་སྒྲིལ་ཚོགས་འདུའི་ཐོག《སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་གྲོས་ཆོད》དང་།《སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་གྲོས་འཆར་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་ཁུལ་སྲིད་གྲོས་ཀྱི་ཚོགས་འདུ་ཐེངས་དང་པོའི་གྲོས་འཆར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་ཞུ》ལ་གྲོས་འཆམ་བྱུང་བ་རེད།

ཧྲེན་དབྱང་གིས་གསུང་བཤད་གནང་སྐབས་ཀྲུང་གུང་དཀར་མཛེས་ཨུའི་ཚབ་ཞུས་ནས་གསར་དུ་བདམས་ཐོན་བྱུང་བའི་ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་ཚོགས་པར་རྟེན་འབྲེལ་ཞུས་པ་དང་། ཚོགས་ཆེན་ལེགས་འགྲུབ་བྱུང་བར་སྤྲོ་སེམས་འཕེལ་བའི་རྟེན་འབྲེལ་ཞུས་པ་རེད། ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་མགོ་ཁྲིད་ཚོགས་པ་དང་ཨུ་ཡོན་ཡོངས་དང་། དེ་བཞིན་ལས་འགན་ལས་ཕྱིར་བུད་པའི་ཁུལ་སྲིད་གྲོས་ཨུ་ཡོན་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་འདས་པའི་ལོ་ལྔ་ནི་རང་ཁུལ་གྱི་འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་གྱི་ལོ་ལྔ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་གཟི་བརྗིད་ལྡན་པའི་ལོ་ལྔ་རེད། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག། ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱིས་མགོ་ཁྲིད་འོག། ང་ཚོས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་ཏན། སྤྱི་ཚོགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་མཐོར་འདེགས། སྐྱེ་ཁམས་འཛུགས་སྐྱོང་ལ་རྒྱུན་མཐུད་ཤུགས་སྣོན། དམངས་འཚོའི་བྱ་གཞག་རྒྱུན་མཐུད་ལེགས་བཅོས། ཏང་ནན་སྐྱོང་རྒྱུན་མཐུད་གཏིང་ཟབ་བཅས་ཀྱི་རྣམ་པ་བཟང་པོ་མངོན་འགྱུར་བྱུང་ཞིང་། དུས་བཀག་ལྟར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་ཅིག་ཅར་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད། བརྒྱུད་རིམ་འདིའི་ནང་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་ཆེན་པོ་གཉིས་དམ་འཛིན་བྱས་ཤིང“ཁུལ་ཨུའི་ལྟེ་གནས་ལས་དོན་གང་དུ་སྐུལ་འདེད་གཏོང་ན་སྲིད་གྲོས་ཀྱི་འགན་འཁྲི་བསྒྲུབ་རྒྱུ་དེ་གར་འདེད་རྒྱུ་མཐའ་འཁྱོངས་བྱ་དགོས”། ཆབ་སྲིད་གྲོས་མོལ། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་གི་འགན་ནུས་ཧུར་ཐག་བསྒྲུབས་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་། བརྟན་ལྷིང་སྲུང་སྐྱོང་བྱེད་པ། དཔལ་འབྱོར་འཕེལ་རྒྱས་གཏོང་བ། ཡུལ་སྡེ་དར་རྒྱས་གཏོང་བ། སྐྱེ་ཁམས་འཛུགས་སྐྱོང་བྱེད་པ། དམངས་འཚོ་ལེགས་བཅོས་གཏོང་བ། རིམས་ནད་འགོག་ཟོན་ཚོད་འཛིན་བྱེད་པ་སོགས་ཀྱི་ཐད་གྲུབ་འབྲས་གཟེངས་སུ་ཐོན་པའི་ལས་དོན་འབོར་ཆེན་བསྒྲུབས་ནས་ཆབ་སྲིད་ཚད་གཞི་ལ་མཐོ་ཚད་ཡོད་པ། ཐབས་འདོན་ཇུས་འདོན་ལ་གཏིང་ཚད་ཡོད་པ། དམངས་གཙོའི་ལྟ་སྐུལ་ལ་གནད་འཁེལ་ཡོད་པ། དམངས་འཚོར་ཞབས་ཕྱི་སྒྲུབ་པར་བདེ་དྲོད་ཡོད་པ། ཐུན་མོང་གི་ངོས་འཛིན་གོང་བུར་བསྒྲིལ་བར་རྒྱ་ཆེ་ཚད་ཡོད་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཡོད་པ་བཅས་བྱ་དགོས།

ཧྲེན་དབྱང་གིས་བསྟན་དོན། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པས་མ་འོངས་པའི་ལོ་ལྔ་དང་ཐ་ན་དུས་སྐབས་དེ་བས་རིང་པོར་ཁུལ་ཡོངས་ཀྱི་ལས་ཀའི་འཆར་གཞི་གཏན་འཁེལ་བྱས་ཡོད་པ་རེད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཤིང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་ཆེན་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་འགྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་དཔེ་སྟོན་ཁུལ། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས། དེང་རབས་མཐོ་སྒང་ཁྱད་ཆོས་ཀྱི་ཞིང་འབྲོག་ལས་རྟེན་གཞི། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མ་རྟེན་གཞི་གལ་ཆེན་བཅས་འཛུགས་པར་དམིགས་དགོས་པ་དང་། གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། སྤུས་རྟགས་ཀྱིས་སྣེ་ཁྲིད་བྱེད་པ། ས་ཁོངས་ཧྲིལ་པོར་སྒོ་མོ་འབྱེད་པ། གྲངས་གཞིའི་ཐོག་ནས་ནུས་པ་སྤྲོད་པ་བཅས་ལ་སྐུལ་འདེད་བཏང་སྟེ་ཁྲིམས་ལྟར་ཁུལ་སྐྱོང་བ་དང་། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་སྐྱོང་། ཡུལ་སྡེ་དར་རྒྱས་གཏོང་བ། འགྲིམ་འགྲུལ་སྔོན་དུ་སྤེལ་བ། ཐོན་ལས་ལ་བརྟེན་ནས་མི་དམངས་ཕྱུག་པོར་ཆགས་པ་བཅས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་མཐུན་སྒྲིལ་དང་འབྱོར་ཕྱུག། དཔལ་ཡོན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་ཇེ་མགྱོགས་བྱས་ནས་ཁུལ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་རང་རྟོགས་ངང་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཇེ་དྲག་ཏུ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཁུལ་ཨུ་དང་བློ་གཅིག་སེམས་གཅིག་དང་གོམ་སྟབས་གཅིག་གྱུར།། ནུས་ཤུགས་མཉམ་འདོན་བཅས་བྱས་ཏེ་ལྷོད་གཡེང་སྤུ་ཙམ་མེད་པའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་འགྱུར་ཐོག་ནས་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་མང་ཚོགས་བཅས་ལ་བློ་ཡིད་ཚིམ་པའི་འབྲས་བུ་བསྟན་དགོས།

ཧྲེན་དབྱང་གིས་ནས་གསུངས་གནང་དོན། ཁུལ་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་སྒྲེང་བ། དུས་རབས་གསར་པའི་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་སློབ་གསོ་གཏིང་ཟབ་གཏོང་བ། ཆབ་སྲིད་བརྡར་ཤ་གཅོད་ནུས་དང་ཆབ་སྲིད་གོ་བ་ལེན་ནུས། ཆབ་སྲིད་ལག་ལེན་བྱེད་ནུས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་དགོས་པ་དང་། “སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་ལག་ལེན་བྱ་དགོས། མཉམ་ཤུགས་ཆེན་པོ་གོང་བུར་བསྒྲིལ་རྒྱུར་དམིགས་ཏེ་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་ཐུན་མོང་གི་ངོས་འཛིན་ཡོངས་ཁྱབ་དུ་གོང་བུར་བསྒྲིལ་རྒྱུ་དེ་ལས་འགན་སྒྲུབ་པའི་ལྟེ་བའི་གནད་འགག་ཐུག་སར་བརྩིས་ནས་གྲོས་མོལ་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་ཀྱི་བསམ་འཆར་འདོན་པ་དང་། མང་ཚོགས་ཀྱི་བློ་གྲོས་གཅིག་ཏུ་བསྡུ་དགོས། ཐུན་མོང་གི་ངོས་འཛིན་ཇེ་དྲག་ཏུ་གཏོང་བ་བཅས་བྱེད་པ་དང་ཕྱོགས་ཁག་གི་སྟོབས་ཤུགས་དང་བློ་གྲོས་དེ་ཁུལ་ཡོངས་ཀྱི་སྐྱེ་ཁམས་དང་དམངས་འཚོ་འཕེལ་རྒྱས་གཏོང་བ་སོགས་ཀྱི་དོན་ཆེན་དང་བྱ་བའི་གཙོ་གནད་ཐོག་གཅིག་སྡུད་བྱ་རྒྱུར་སྣང་ཆེན་བྱ་དགོས།

ཧྲེན་དབྱང་གིས་ནན་གསུང་གནང་དོན། སྲིད་གྲོས་ལས་དོན་ནི་ཏང་གི་སྤྱི་ཡོངས་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། སྲིད་གྲོས་ཀྱི་བྱ་གཞག་ནི་ཏང་གི་བྱ་གཞག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། རྫོང(གྲོང་ཁྱེར)ཁག་གི་ཏང་ཨུ་ཡིས་སྲིད་གྲོས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཤུགས་ཆེན་བྱས་ཏེ། སྲིད་གྲོས་ཀྱི་ལས་དོན་དེ་ཏང་ཨུའི་སྤྱི་ཡོངས་ཀྱི་ལས་དོན་ནང་བཞག་ནས་གནད་དོན་དང་དཀའ་ངལ་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱ་དགོས། སྲིད་གྲོས་ཀྱིས་ཁྲིམས་དང་སྒྲིག་ཡིག་ལྟར་འགན་འཁྲི་སྒྲུབ་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་སྲིད་གྲོས་དང་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་བཏང་བ་དང་། མ་སྐུལ་དང་བླངས་ཀྱིས་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་དང་ལེན་བྱེད་པ། སྲིད་གྲོས་ཀྱི་ལྟ་བ་ཡང་དག་དུས་ཐོག་ཏུ་དང་ལེན་བྱེད་པ། སྲིད་གྲོས་ཨུ་ཡོན་གྱི་གྲོས་འཆར་ནན་ཏན་ངང་བསྒྲུབས་པ་བཅས་བྱས་ནས་སྲིད་གྲོས་ཀྱི་བསམ་འཆར་དང་གྲོས་འགོ་དག་འཕེལ་རྒྱས་འཆར་འགོད་དང་། ཚན་རིག་དང་མཐུན་པར་ཇུས་ཐག་གཅོད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་སུ་ཏན་ཏིག་བསྒྱུར་ནས་སྲིད་གྲོས་ཀྱི་གྲོས་མོལ་སྲིད་གླེང་བྱས་འབྲས་དངོས་གནས་ཀྱིས་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་དགོས།

ཁུལ་སྲིད་གྲོས་ཀྲུའུ་ཞི། ཏང་ཙུའི་ཧྲུའུ་ཅི་ལེ་ཅན་ཕིང་གིས་གསུང་དོན། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་རུ་འབད་འབུངས་དང་གོམས་སྟབས་ཆེན་པོས་མདུན་དུ་བསྐྱོད་པས་མི་དམངས་སྲིད་གྲོས་ལ་མདུན་ལམ་ཆེན་པོ་ལྡན། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ནས་ཀྲུང་གུང་དཀར་མཛེས་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་། ཁུལ་དམངས་ཆེན་དང་ཁུལ་སྲིད་གཞུང་། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་། སྐབས་རིམ་བྱུང་སྲིད་གྲོས་ཀྱི་རྨང་གཞི་ཡག་པོའི་ཐོག་ཏུ་སྲོལ་རྒྱུན་བཟང་པོ་དང་ཉམས་མྱོང་ཡག་པོ། བྱེད་སྟངས་ཡག་པོ། སྤྱོད་ཚུལ་བཟང་པོ་བཅས་མུ་མཐུད་དུ་མཐའ་འཁྱོངས་དང་རྒྱུན་འཛིན། དར་སྤེལ་བཅས་བྱས་ནས་ལས་དོན་ཚང་མ་ཡག་པོ་བསྒྲུབས་ནས་རྩ་འཛུགས་ཀྱི་རེ་བ་སྟོང་ཟད་དུ་མི་གཏོང་བར་བྱ་དགོས་པ་དང་། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ལས་དོན་རྒྱུན་ཆད་མེད་པར་འཕེལ་རྒྱས་བཏང་ནས་སྲིད་གྲོས་ལས་དོན་ཀྱི་གནས་བབ་གསར་གཏོད་པར་འབད་འཐབ་བྱ་དགོས།

ལེ་ཅན་ཕིང་གིས་ནན་གསུང་གནང་དོན། ཐོག་མཐའ་བར་གསུམ་དུ་རྩ་བ་དང་རྨང་གཞི་ཇེ་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་དང་འཇོན་ཐང་ཇེ་དྲག་ཏུ་བཏང་ནས་མདུན་གྲལ་དུ་བསྐྱོད་པ། སྙིང་སྟོབས་ཆེར་བསྐྱེད་ཀྱིས་འགན་འཁྲི་འཁུར་ཕོད་པ་དང་མ་སྐུལ་དང་བླངས་ཀྱིས་འགན་འཁྲིའི་བྱ་སྤྱོད་ཆེ་རུ་གཏོང་བ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་བཅས་བྱ་དགོས། ནམ་ཡང་ལྷོད་གཡེང་མེད་པའི་བསམ་པའི་ཉམས་འགྱུར་དང་ཞུམ་པ་མེད་པའི་མདུན་སྐྱོད་ཀྱི་འབད་བརྩོན། དངོས་ཐོག་བདེན་འཚོལ་གྱི་འགན་སྒྲུབ་རྒྱུན་རྣམ་བཅས་ཀྱི་ཐོག་ནས་འཕེལ་རྒྱས་ཀྱི་ཆེད་དུ་དོན་གཉེར་བ་དང་དམངས་འཚོའི་ཆེད་དུ་ཤུགས་རྒྱག་པ། བརྟན་ལྷིང་གི་ཆེད་དུ་མདུན་དུ་བསྐྱོད་ནས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱ་དགོས།

གདན་ཞུས་ལྟར་མཇུག་སྒྲིལ་ཚོགས་ཆེན་དུ་ཀྲུང་གུང་དཀར་མཛེས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ཨུ། ཁུལ་མི་དམངས་སྲིད་གཞུང་། དཀར་མཛེས་ཡན་ལག་དམག་ཁུལ། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། དར་མདོར་བཅའ་སྡོད་བྱེད་ཡོད་པའི་དྲག་ཆས་ཉེན་རྟོག་དཔུང་སྡེ། ཀྲེ་ཅང་ཞིང་ཆེན་གྱི་རང་ཁུལ་ལ་རོགས་སྐྱོར་བྱེད་པར་འོངས་པའི་ལས་དོན་རུ་ཁག་བཅས་ཀྱི་མགོ་ཁྲིད་བློ་མཐུན་དང་། དར་མདོར་ཡོད་པའི་ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་རྒན་གྲས་དང་སྐབས་བཅུ་གསུམ་པའི་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞིའི་ཚོགས་འདུའི་ཁོངས་མི་ཁག་གཅིག། དར་མདོར་ཡོད་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་དང་། རྫོང(གྲོང་ཁྱེར)ཏང་ཨུའི་ཧྲུའུ་ཅི་དང་ཡང་ན་རྫོང(གྲོང་ཁྱེར)གི་མགོ་དཔོན། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཁུལ་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན། ཁུལ་སྒྲིག་ཨུས་མངགས་གཏོང་བྱས་པའི་ཁུལ་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུའི་སྒྲིག་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཟུར་ཞུགས་བྱས་ཡོད་པ་རེད།།

ངེད་གསར་འགོད་པ། ཨོ་རྒྱན་དང་རྟ་མགྲིན་གྱིས་བྲིས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་མཇུག་བསྒྲིལ།
  • ལེ་ཚན་རྗེས་མ།:སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོས་ཚོགས་ཆེན་ཐེངས་གཉིས་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10