ཁུལ་དམངས་ཆེན་སྐབས13པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པ།

ཀུན་དགའ་དང་ཡེ་ཤེས།        2022-01-07

    སྤྱི་ཟླ་དང་པོའི་ཚེས7ཉིན་གྱི་སྔ་དྲོར། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གཉིས་པ་འཚོགས། ཧྲུའུ་ཏ་ཁྲུན་གྱིས་ཚོགས་འདུའི་གཙོ་སྐྱོང་གནང་།

     ཚོགས་འདུར་ཞུགས་དགོས་པའི་ཁོངས་མི41ཡིན་ཞིང་། དངོས་སུ་ཞུགས་པའི་ཁོངས་མི38ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་པ་རེད།

     ཐེངས་འདིའི་ཚོགས་འདུའི་གྲོས་རིམ་ནི་ཁུལ་སྐབས་བཅུ་གསུམ་པ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོའི་འདེམས་བསྐོ་བྱ་ཐབས(འཆར་ཟིན)བརྡས་ཐག་བཅད་ནས་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་རྒྱུ་སྤྲད། ཁུལ་སྐབས་བཅུ་གསུམ་པ་མི་དམངས་འཐུས་མི་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སྒྲིག་གཞིའི་གཏན་འབེབས(འཆར་ཟིན)བརྡས་ཐག་བཅད་ནས་ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་རྒྱུ་སྤྲད། ཁུལ་སྐབས་བཅུ་གསུམ་པ་མི་དམངས་འཐུས་མི་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲོས་འཆམས་བྱུང་ཐབས(འཆར་ཟིན)ཚང་འཛོམས་གྲོས་ཚོགས་ལ་བརྡས་ཐག་གཅོད་རྒྱུ་སྤྲད། འཐུས་མི་ཚོགས་པ་ཁག་གིས་འདེམས་ཤོག་ལྟ་སྐུལ་པ་མིང་བཏོན་འདེམས་བསྐོ་བྱས་པའི་གནས་ཚུལ་སྙན་སེང་ལ་ཉན་བྱས་ནས་སྤྱི་ཁྱབ་འདེམས་ཤོག་ལྟ་སྐུལ་པ་དང་འདེམས་ཤོག་ལྟ་སྐུལ་པའི་མིང་ཐོ(འཆར་ཟིན)གཏན་འཁེལ་བྱས་ནས་འཐུས་མི་ཚོགས་པ་ཁག་ལ་བརྡས་ཐག་གཅོད་རྒྱུ་སྤྲད།འཐུས་མི་མཉམ་འབྲེལ་ཐོག་གདམ་བྱ་འོས་མི་མིང་འདོན་དུས་ཚོད་གཏན་འབེབས་འཆར་ཟིན་བརྡས་ཐག་བཅད་པ་དང་འཐུས་མི་མཉམ་འབྲེལ་ཐོག་གདམ་བྱ་འོས་མི་མིང་འདོན་དུས་ཚོད་མཚམས་འཇོག་གི་གཏན་འཁེལ(འཆར་ཟིན)བརྡས་ཐག་བཅས་པ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོག་མགོ་བཙུགས།
  • ལེ་ཚན་རྗེས་མ།:ཁུལ་སྲིད་གྲོས་སྐབས14པའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་གཉིས་པ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10