སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་མགོ་བཙུགས།

ཨོ་རྒྱན་དོན་གྲུབ་དང་རྟ་མགྲིན་རྡོ་རྗེས་བྲིས།        2022-01-07

ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ། བྱང་ཆུབ།ཧྲུའུ་ཏ་ཁྲུན་བཅས་གྲོས་ཚོགས་སུ་ཞུགས་ནས་རྟེན་འབྲེལ་ཞུས།ལེ་ཅན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་དབྱང་ཆིང་ཧྭ་ཡིས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་ལས་དོན་སྙན་སེང་ཞུས།ནན་ཧུང་གིས་གྲོས་འཆར་ལས་ཀ་བསྒྲུབས་ཚུལ་སྙན་སེང་ཞུས།

སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་མགོ་བཙུགས།
པར་འདི་ནི་སྲིད་གྲོས་ཚོགས་ཆེན་གྱི་ཚོགས་ར་རེད།

     སྤྱི་ཟླ་དང་པོའི་ཚེས6ཉིན་གྱི་སྔ་དྲོར། ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོ་དེ་རྒྱལ་གླུའི་ཁྲོད་ནས་དར་མདོར་འཚོག་མགོ་བཙུགས་ཡོད་པ་རེད།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལེ་ཅན་ཕིང་། དབྱང་ཆིང་ཧྭ། རྡོ་རྗེ་བཀྲ་ཤིས། སྐུ་བཅར་ཡོན་ཏན་རྒྱ་མཚོ། ནན་ཧུང་། ཐུབ་བསྟན་ཆོས་ཀྱི་རྒྱལ་མཚན། ལིའུ་ཙུང་ཅིན། ཚེ་རིང་དབང་མོ། འཆི་མེད། ལའོ་ལིང་། ལིའུ་ཧུང་། ཞེ་ཏཱ་ཆོན་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས།

ཁུལ་ཨུའི་ཧྲུའུ་ཅི་ཧྲིན་དབྱང་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་མི་དམངས་སྲིད་གཞུང་གི་ལས་ཚབ་ཁུལ་དཔོན་ཧྥུང་ཧྥ་ཀུའེ། ཁུལ་དམངས་ཆེན་རྒྱུན་ལས་ཏང་ཙུའུ་ཧྲུའུ་ཅི་ཧྲུའུ་ཏ་ཁྲུན་སོགས་ཚོགས་ཆེན་དུ་ཞུགས་ནས་རྟེན་འབྲེལ་ཞུས་ཤིང་ཀྲུའུ་ཞི་སྟེགས་བུར་བཞུགས།

ཐེངས་འདིའི་གྲོས་ཚོགས་ནང་ཞུགས་དགོས་པའི་ཨུ་ཡོན284ཡིན་པ་དང་། དངོས་སུ་ཞུགས་པའི་ཨུ་ཡོན272ཡོད་པས་སྲིད་གྲོས་ཀྱི་སྒྲིག་ཡིག་དང་མཐུན་པ་རེད།

ལེ་ཅན་ཕིང་གིས་མགོ་ཚུགས་ཚོགས་ཆེན་གཙོ་འགན་བཞེས་ནས་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་ཐོག་ཚོགས་ཆེན་དངོས་སུ་མགོ་བཙུགས་པ་ཁྱབ་བསྒྲགས་གནང་ཞིང་། ཚོགས་ཞུགས་མི་སྣ་ཡོངས་རྫོགས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།

ཚོགས་ཆེན་ཐོག《སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན》དང《སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་འཆར་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སེང》ལ་གསན་པ་རེད།

དབྱང་ཆིང་ཧྭ་ཡིས་སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་ཚོགས་ཆེན་ཐོག་ལས་དོན་སྙན་སེང་གནང་བ་རེད། སྙན་སྒྲོན་ནང་འདས་ཟིན་པའི་ལོ་ལྔའི་ནང་ཀྲུང་གུང་དཀར་མཛེས་ཁུལ་ཨུས་ཁུལ་ཡོངས་ཀྱི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་མདུན་སྐྱོད་བྱས་ཏེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་གཅིག་ཅར་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱས་པ་དང་།རང་ཁུལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ།མི་དམངས་སྲིད་གྲོས་ཀྱི་བྱ་གཞག་ལ་གསར་གཏོད་འཕེལ་རྒྱས་བྱུང་ཡོད་ཅེས་བསྟན་ཡོད་པ་རེད།

སྙན་སྒྲོན་ནང་བཤད་དོན། འདས་པའི་ལོ་ལྔ་ནི་ཀྲུང་གུང་དཀར་མཛེས་ཁུལ་ཨུས་མི་དམངས་ཡོངས་ཀྱི་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་མདུན་སྐྱོད་བྱས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་གཅིག་གྱུར་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པ་བྱས་པའི་ལོ་ལྔ་ཡིན་ལ། རང་ ཁུལ་གྱིས་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཆབ་སྲིད་འཛུགས་སྐྱོང་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་གསར་གཏོད་འཕེལ་རྒྱས་གཏོང་བའི་ལོ་ལྔའང་ཡིན་པ་རེད།     

ལོ་ལྔའི་རིང་ང་ཚོས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་བསམ་བློ་འཛུགས་སྐྱོང་གཡོ་འགུལ་མི་གཏང་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཕྱོགས་ཡོངས་ལ་མགོ་ཁྲིད་དེ་བས་སྲ་བརྟན་དུ་བཏང་ཡོད། ཁུལ་སྲིད་གྲོས་ཀྱིས“འདུ་ཤེས་བཞི”ཇེ་དྲག་ཏུ་བཏང་བ་དང་།“གདེང་ཚོད་བཞི”བརྟན་དུ་བཏང་།“སྲུང་སྐྱོང་གཉིས”བྱེད་ཐུབ་པ་བྱས་ནས་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་གནད་འགག་ཐུག་ས་སོ་སོའི་ནང་མཚོན་པ་བྱས་ཏེ་ཏང་གི་མགོ་ཁྲིད་སྲིད་གྲོས་ལས་ཀའི་ཕྱོགས་སོ་སོར་དོན་འཁྱོལ་བྱས་པ་ཡིན། ལོ་ལྔའི་རིང་ང་ཚོས་ཐོག་མཐའ་བར་གསུམ་དུ་གྲོས་མོལ་གྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུ་ལྷོད་གཡེང་མི་གཏོང་བ་མཐའ་འཁྱོངས་བྱས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་དེ་བས་མངོན་གསལ་དོད་དུ་བཏང་ཡོད། ཁུལ་སྲིད་གྲོས་ཀྱིས་ཆེད་དོན་གྲོས་མོལ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་དོན་གཙོ་བོར་བརྩིས་ནས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བློ་གདེང་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར།འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མཉམ་འདྲེས་བཅས་བྱས་ཏེ་མི་དམངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་དམིགས་བསལ་ལེགས་ཆ་མངོན་པ་བྱས། ལོ་ལྔའི་རིང་ང་ཚོས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་འབུར་ཐོན་ཡོང་བར་ལྷོད་གཡེང་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ངོས་འཛིན་གཅིག་མཐུན་ཡོངས་ཁྱབ་ཏུ་གོང་བུར་འགྲིལ་བར་བྱས་ཡོད། ཁུལ་སྲིད་གྲོས་ཀྱིས“དོན་དག་ཡོད་ན་གྲོས་བསྡུར་ཡག་པོ་དང་མི་མང་གི་དོན་དག་ཚང་མ་གྲོས་བསྡུར་ཡག་པོ་བྱེད་པའི”འདུ་ཤེས་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱས་ནས་ཐུན་མོང་གི་ངོས་འཛིན་ཡོངས་ཁྱབ་ཏུ་གཅིག་སྒྲིལ་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཡང་དག་པའི་ལོ་རྒྱུས་ལྟ་བ་དང་སྤྱི་ཡོངས་ཀྱི་ལྟ་བ་ཆགས་པ་བྱས་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད། ལོ་ལྔའི་རིང་ང་ཚོས་ཐོག་མཐའ་བར་གསུམ་དུ་ དམངས་ཀྱི་དོན་དུ་འགན་འཁྲི་ཏན་ཏིག་སྒྲུབ་པའི་ཚད་གཞི་མི་ཆག་པ་དང་།ལྟེ་གནས་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་རྒྱུ་སྔར་བས་དངོས་དོན་གཉེར་རྒྱུ་མཐའ་འཁྱོངས་བྱས་ནས་ཁུལ་ཡོངས་ཀྱི་རིམས་ནད་བྱུང་ཚུལ་འགོག་ཟོན་འགོག་རྒོལ་བྱས་པར་སྲིད་གྲོས་ནུས་ཤུགས་ཀྱི་བྱས་རྗེས་བཞག་པ་ཡིན། ལོ་ལྔའི་རིང་ང་ཚོས་ཐོག་མཐའ་བར་གསུམ་དུ་དཔུང་སྡེ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུར་ལྷོད་གཡེང་མི་གཏང་རྒྱུ་མཐའ་འཁྱོངས་བྱས་ནས་ཨུ་ཡོན་ཚོའི་འགན་འཁྲི་འཁུར་སེམས་ཀྱི་འདུ་ཤེས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། ལོ་ལྔའི་རིང་ང་ཚོས་ཐོག་མཐའ་བར་གསུམ་དུ་ལས་ཀ་གསར་གཏོད་བྱེད་མཚམས་མི་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཞབས་ཕྱི་འགན་སྲུང་བྱེད་ནུས་སྔར་ལས་འཐུས་ཚང་དུ་བཏང་ཡོད། ཁུལ་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞིང་ཆེན་སྲིད་གྲོས་ཀྱི་བླང་བྱ་རབ་དང་རིམ་པ་དང་ཁུལ་ཨུད་དང་ཁུལ་སྲིད་གཞུང་གི་གཙོ་གནད་ལས་དོན་ལ་དམིགས་ཏེ་མ་སྐུལ་དང་བླངས་ཀྱིས་བསམ་གཞིག་དང་སྔོན་བརྒལ་གྱི་བསམ་གཞིགས།འགན་འཁྲི་སྒྲུབ་སྟངས་དང་བྱེད་ཐབས་གསར་གཏོད་བཅས་བྱས་ནས་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད།

སྙན་སྒྲོན་ནང་ནན་བཤད་བྱས་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པར་བརྟེན།དཀར་མཛེས་ཁུལ་ཉིད་འཕེལ་རྒྱས་ཀྱི་འབྲེལ་མཚམས་གལ་ཆེན་ཞིག་ཏུ་གནས་ཡོད། སླད་ཕྱིན་གྱི་ལོ་ལྔ་ནི་རང་ཁུལ་གསར་གཏོད་འཕེལ་རྒྱས་ཀྱི་གོ་སྐབས་ཡག་ཤོས་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་གོ་སྐབས་ཡག་ཤོས།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་གོ་སྐབས།དུས་གཅིག་ཅར་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱས་པའི་རྨང་གཞིའི་ཐོག། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་འགག་རྩའི་དུས་རིམ་ཞིག་རེད། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པས་་འབྱུང་འགྱུར་ལོ་ལྔ་དང་ཐ་ན་དེ་བས་རིང་བའི་དུས་སྐབས་ཤིག་གི་ནང་ཁུལ་ཡོངས་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་བསམ་ཕྱོགས་དང་འབད་འཐབ་དམིགས་འབེན། ལས་འགན་གཙོ་བོ་བཅས་གཏན་འཁེལ་བྱས་ནས་མཐུན་སྒྲིལ་འབྱོར་ཕྱུག།ཞི་མཐུན།མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཇེ་མགྱོགས་སུ་འཛུགས་སྐྱོང་བྱེད་པའི་བྱ་གཞག་ཁག་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་དོན་གསར་པར་སྐུལ་འདེད་གཏང་རྒྱུར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། མི་དམངས་སྲིད་གྲོས་ཀྱི་ཕྲག་ཐོག་འཁུར་བའི་ལས་འགན་ནི་གཟི་བརྗིད་ལྡན་པ་དང་།འགན་འཁྲི་ནི་གལ་ཆེན་ཡིན་པ།འགན་འཁྲི་སྒྲུབ་པའི་མདུན་ལམ་ཆེན་པོ་ཡོད་པ་རེད།ཁུལ་སྲིད་གྲོས་སྐབས་གསར་པས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་ཆེན་མཐོན་པོར་བསྒྲེངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཤིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་མགོ་ཁྲིད་འོག། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་བཙུགས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དང་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་པོ་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཁུལ་ཨུའི་སྲིད་གྲོས་ལས་དོན་གྲོས་ཚོགས་དང་ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱ་དགོས། “གཙོ་རྐང་གཅིག་མཐའ་འཁྱོངས་དང་ས་ཁུལ་གཉིས་དང་ས་གནས་གསུམ་འཛུགས་སྐྱོང་།སྒུལ་ཤུགས་ཆེན་པོ་བཞི་གསོ་སྐྱོང་།འཐབ་ཇུས་ཆེན་པོ་ལྔ་ལག་བསྟར་བྱ་རྒྱུ”བཅས་ཀྱི་སྤྱི་ཡོངས་ཀྱི་བསམ་ཕྱོགས་ལ་དམིགས་ཏེ་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཆེད་དོན་གྲོས་མོལ་སྒྲིག་གཞི་འཛུགས་རྒྱུར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ།སྲིད་ཞུགས་སྲིད་མོལ།ཐུན་མོང་གི་ངོས་འཛིན་གོང་བུར་འགྲིལ་བའི་ཕན་འབྲས་དོན་དངོས་བཅས་སྔར་བས་ཇེ་དྲག་ཏུང་བཏང་སྟེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་ཇེ་མགྱོགས་སུ་གསར་འཛུགས་སྐྱོང་བྱས་པར་ཐམས་ཅད་ཀྱི་རིག་སྟོབས་དང་མཉམ་ཤུགས་གཅིག་བསྡུས་བྱས་ནས་བློ་གྲོས་འདོན་རོགས་བྱ་དགོས།

སྙན་སྒྲོན་ནང་བསྟན་དོན། གཅིག་ནི་ཏང་གི་ཁྱོན་ཡོངས་ལ་མགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་མཐོ་ཚད་གསར་པ་ཞིག་ཏུ་ལངས་དགོས། ངེས་པར་དུ་ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ཀྱི་ལས་དོན་ཡོངས་ལ་ཁྱབ་པ་བྱས་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུས་སྲིད་གྲོས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་ཁག་དོན་འཁྱོལ་ཏན་ཏིག་བྱ་དགོས། གནད་དོན་གལ་ཆེན་དགོངས་སྐོར་དང་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་དང་།སྲིད་གྲོས་ལས་དོན་ཁྲོད་ཀྱི་སྲིད་གྲོས་ཏང་ཙུའུ་ཡི་མགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏང་དགོས།གཉིས་ནི་ལྟེ་གནས་ཀྱི་ཁྱོན་ཡོངས་ལ་ཞབས་ཕྱི་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་གྲོས་མོལ་གྱི་ཕན་འབྲས་དངོས་ཆེ་རུ་གཏོང་བའི་ཐད་ནུས་པ་གསར་པ་འདོན་སྤེལ་བྱ་དགོས། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་དང་ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་གནས་ལས་དོན་ལ་དམིགས་ནས་སྲིད་དོན་ལ་ཇུས་འདོན་དང་འགན་འཁྲི་གཙང་སྒྲུབ་བྱ་དགོས། གསུམ་ནི་མི་དམངས་སྲིད་གྲོས་ཀྱི་ངོ་བོ་ཚད་དཔོག་མཐའ་འཁྱོངས་བྱས་ནས་ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཐད་བྱ་ཐབས་གསར་པ་བསྣན་དགོས། ཞིབ་འཇུག་བྱ་གཞི་ལེགས་འདེམས་དང་སྒྲིག་འཛུགས་ཞིབ་ཚགས།ཕྱོགས་མང་པོ་དང་རྣམ་པ་མང་པོའི་ཐོག་ནས་གྲོས་མོལ་བྱས་ཏེ་རིན་ཐང་ལྡན་པའི་གྲོས་མོལ་གྲུབ་འབྲས་ཁག་གཅིག་ཐོབ་པ་བྱས་ནས་གྲོས་མོལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཏན་ཏིག་གཏང་དགོས།བཞི་ནི་མཐུན་སྒྲིལ་དམངས་གཙོ་དར་སྤེལ་གཏང་རྒྱུ་མཐའ་འཁྱོངས་བྱས་ནས་ཐུན་མོང་ངོས་འཛིན་ཡོངས་ཁྱབ་ཏུ་གོང་བུར་འགྲིལ་བར་བྱེད་པའི་ཐད་རྣམ་པ་གསར་པ་གཏད་དགོས། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་ལ་ཤུགས་སྣོན་དང་དམངས་གཙོ་དར་སྤེལ་གཏོང་རྒྱུ་དེ་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་གོ་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ།མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་བསམ་ཤེས་ཁོང་ཡངས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ནས།སྲིད་གྲོས་ལ་ཞུགས་པའི་སྡེ་ཚན་ཁག་དང་མི་རིགས་ཁག། ལས་རིགས་ཁག་གི་མི་སྣས་སྲིད་གྲོས་སུ་མཉམ་ལས་མཉམ་སྒྲུབ་བྱེད་པར་རྒྱུན་མཐུད་དུ་ཤུགས་སྣོན་བརྒྱག་དགོས།ལྔ་ནི་འགན་འཁྲི་སྒྲུབ་ནུས་ཇེ་དྲག་ཏུ་གཏང་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་ལ་ཞབས་ཕྱི་སྒྲུབ་པའི་ཐད་མཐོར་འདེགས་གསར་པ་ཡོང་བར་བྱ་དགོས། “མི་དམངས་སྲིད་གྲོས་ཀྱིས་མི་དམངས་ཀྱི་ཆེད་དུ་སྒྲུབ་པའི”འདུ་ཤེས་ཟབ་ཏུ་བཏང་ནས་དམངས་འཚོ་ལེགས་བཅོས་གཏོང་བར་རྒྱུན་རྣམ་སྐུལ་སྤེལ་གཏང་རྒྱུ་དེ་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་པའི་ནང་དོན་གལ་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏང་དགོས།དྲུག་ནི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བའི་ཐད་བྱས་རྗེས་གསར་པ་མངོན་དགོས། “སྲིད་གྲོས་ལ་རྒྱུས་མངའ་ཡོད་པ་དང་གྲོས་མོལ་བྱེད་ཤེས་པ།སྲིད་དོན་བགྲོ་གླེང་བྱེད་མཁས་པ།སྒྲིག་ཁྲིམས་སྲུང་བ།སྲོལ་ཀར་སྣང་ཆེན།སྤྱོད་ལམ་ལ་མཐོང་ཆེན”བཅས་ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་སྲིད་གྲོས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱག་དགོས། དཔུང་སྡེ་འཛུགས་སྐྱོང་ལ་དམ་འཛིན་བྱ་ས་ནས་རྫོང(གྲོང་ཁྱེར)གི་སྲིད་གྲོས་ལས་དོན་ལ་འབྲེལ་གཏུག་དང་མཛུབ་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་“ཞན་ཆ་གཉིས”ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱ་དགོས།

སྙན་སྒྲོན་ནང་ནན་བཤད་བྱས་དོན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་ཡོད། ང་ཚོས་ཀྲུང་ཧྭ་མི་རིགས་ཡར་ལངས་ནས་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་འགྲོ་བའི་བར་གྱི་རླབས་ཆེན་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྤྲོ་སེམས་ཚད་མེད་འཕེལ་བར་མ་ཟད།རླབས་ཆེན་མེས་རྒྱལ་འདི་ཉིད་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་བསྐྱོད་རྒྱུར་སྤོབས་སེམས་ཚད་མེད་སྐྱེས་པ་དང་འདས་པའི་ལོ་ལྔའི་ནང་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་ཁྱོན་ཡོངས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་དགའ་སྤྲོ་ཚད་མེད་བྱུང་དང་འབྱུང་བཞིན་ཡོད། འབྱུང་འགྱུར་ལོ་ལྔའི་རིང་གི་འཕེལ་རྒྱས་ཀྱི་དམིགས་ཡུལ་མངོན་འགྱུར་བྱེད་པར་མི་དམངས་སྲིད་གྲོས་ཀྱི་ལས་འགན་གཟི་བརྗིད་ལྡན་ཞིང་འགན་འཁྲི་ལྗིད་པོ་ཡོད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ། ཏང་འཛུགས་སྐྱོང་བྱེད་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ། ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་།ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ།ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཤིང་། ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱིས་མགོ་ཁྲིད་འོག་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་བཅངས་པ་དང་། རྡོག་རྩ་གཅིག་སྒྲིལ།འབད་འབུངས་མདུན་སྐྱོད་བཅས་བྱས་ནས་དུས་རབས་གསར་པའི་དཀར་མཛེས་ཁུལ་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ནས་མཐུན་སྒྲིལ་དང་འབྱོར་ཕྱུག།ཞི་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་ཇེ་མགྱོགས་སུ་འཛུགས་སྐྲུན་བྱེད་པ་འབད་འཐབ་བྱེད་གང་ཐུབ་བྱ་དགོས།

ནན་ཧུང་གིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ལྷན་ཁང་གི་གྲོས་འཆམ་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྙན་སེང་ཞུས།།



  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དར་མདོར་འཚོག་མགོ་བཙུགས།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་སོགས་ཀྱིས་ཁུལ“ཚོགས་ཆེན་གཉིས”ནང་ཞུགས་མཁན་གྱི་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ལ་འཚམས་འདྲི་གནང་།
  • དོ་སྣང་ཆེ་བའི་རྩོམ།