ཁུལ་སྲིད་གྲོས་ཀྱི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་འཚོགས།

ཨོ་རྒྱན་དང་རྟ་མགྲིན་གྱིས་བྲིས།        2022-01-07

སྤྱི་ཟླ་དང་པོའི་ཚེས6ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་ཤིང་། ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཚོགས་འདུར་ཞུགས་པ་དང་། བློ་མཐུན་ལེ་ཅན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཐེངས་འདིའི་ཚོགས་འདུའི་གྲོས་རིམ་ནི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའི་ཚོགས་འདུ་གཙོ་སྐྱོང་གནང་མཁན་བདམས་ཐོན་བྱུང་བ་དང་། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་གཞོན་པའི་གྲོས་གཞིའི་མིང་ཐོ་ལ་གྲོས་འཆམ་བྱུང་བ་རེད།


  • ལེ་ཚན་སྔོན་མ།:ལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་དང་པོ་འཚོགས།
  • ལེ་ཚན་རྗེས་མ།:ངེས་པར་དུ་ཤེས་དགོས་པའི་ཚོགས་ཆེན་གཉིས་ཀྱི་ཤེས་བྱ། ༢
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10