ཀྲུང་གོའི་མི་དམངས་ཉེན་རྟོགས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2022-01-11

 སྤྱི་ལོ་1949ལོའི་ཟླ་11པའི་ཚེས་5ཉིན། སྤྱི་བདེ་པུའུ་འཛུགས་པའི་ཚོགས་ཆེན་ཚོགས་པ་དང་། སྤྱི་ལོ་2020ལོའི་ཟླ་7ཚེས་11ཉིན་ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་སྤྱི་ལོ་2021ལོ་ནས་བཟུང་ལོ་ལྟར་གྱི་ཟླ་1ཚེས་10ཉིན་དེ་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་ལ་གཏན་འཁེལ་བྱས་ཡོད་པ་རེད།  

ཀྲུང་གོའི་མི་དམངས་ཉེན་རྟོགས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

    སྤྱིར་བཏང་མིན་པའི་སྤྱི་ལོ་2021ལོར་མི་དམངས་སྤྱི་བདེས་ཐོག་མཐའ་བར་གསུམ་དུ་ཏང་གི་རྗེས་སུ་འབྲངས་པ་དང་ཏང་ཀྲུང་དབྱང་གི་ཡང་དག་པའི་ལམ་ཕྱོགས་ཀྱི་རྗེས་སུ་འབྲངས་ནས་གོམ་སྟབས་བརྟན་ལ་ནུས་པ་ལྡན་ཞིང་སྟོབས་ཤུགས་ཀྱང་ལྡན་ཡོད། 

ཀྲུང་གོའི་མི་དམངས་ཉེན་རྟོགས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

     ཏང་དར་ལ་གྱེན་དུ་བལྟ་བ་དང་། ཉེན་རྟོག་དར་ཆ་མཐོན་པོར་བསྒྲེངས་པ། མི་དམངས་སྤྱི་བདེས་ཐོག་མཐའ་བར་གསུམ་དུ་དར་ཆའི་སྣེ་ཁྲིད་འོག་བློ་དཀར་སེམས་དཀར་དང་། ཐོག་མའི་བསམ་འདུན་མ་བརྗེད་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་ལས་འགན་ལྷག་བསམ་རྣམ་དག་ངང་ལེགས་སྒྲུབ་བྱས་ཡོད། 

ཀྲུང་གོའི་མི་དམངས་ཉེན་རྟོགས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

    ལས་འགན་ལྗིད་པོ་ཕྲག་ཏུ་ཁུར་ནས་སླར་ཡང་རྒྱང་སྐྱོད་ཀྱི་ལམ་བུར་སྐྱོད། ཀྲུང་གོའི་མི་དམངས་ཉེན་རྟོག་པའི་དུས་ཆེན་སྐབས་འདིར། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མུ་མཐུད་མཐའ་འཁྱོངས་དང་། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོན་པོས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ནས་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་རྣམ་པ་གསར་པ་དང་བྱས་རྗེས་གསར་པ་གང་ལེགས་མངོན་པ་བྱས་ཏེ་བདེ་འཇགས་བརྟན་ལྷིང་གི་བྱ་སྤྱོད་དངོས་དང་ཏང་དང་མི་དམངས་བློ་ཡིད་ཚིམ་པའི་ཕུལ་བྱུང་གྲུབ་འབྲས་འགན་ལེན་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བཞིན་ཡོད། 

ཀྲུང་གོའི་མི་དམངས་ཉེན་རྟོགས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

    ཉེན་རྟོག་པའི་བླ་སྲོག་ནམ་ཡང་མི་བསྒྱུར། ཉེན་རྟོག་པའི་སེམས་པ་ནམ་ཡང་ཏང་ལ་ཕྱོགས། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་བདེ་པུའི་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་བློ་བརྟན་འགྱུར་མེད་ངང་ཏང་གིས་སྤྱི་བདེའི་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ།  སྲུང་སྐྱོང་གཉིས་དམ་འཛིན་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་ཐད་མདུན་སྐྱོད་དང་མིག་དཔེ་སྟོན་གྱི་ཡོད། 

ཀྲུང་གོའི་མི་དམངས་ཉེན་རྟོགས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

     དམར་མདངས་བཀྲ་བའི་ཏང་དར་འོག་གང་དུ་རིམས་ནད་ཚབས་ཆེ་ཤོས་ཐོན་ན་དེ་གར་མི་དམངས་ཉེན་རྟོག་པ་མཐོང་རྒྱུ་ཡོད། ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་། དམངས་འཚོར་ཞབས་འདེགས་ཞུ་བ། བདེ་འཇགས་སྲུང་སྐྱོང་ལེགས་པོ་བྱེད་པ་སོགས་དཀའ་ཚེགས་ཆེ་ལ་ཉེན་ཁ་ཆེ་ཡང་འགག་རྩའི་དུས་སུ་སྤྱི་བདེའི་དཔུང་སྡེས་རང་སྲོག་བློས་གཏོང་ཕོད་ཀྱི་ཡོད། 

ཀྲུང་གོའི་མི་དམངས་ཉེན་རྟོགས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

     ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པར་གནས་པ་དང་མི་དམངས་སྤྱི་བདེས་སྲུང་སྐྱོང་གཉིས་ཀྱི་ལོ་རྒྱུས་ཀྱི་ལྡོག་མེད་རང་བཞིན་དང་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས་སྲུང་སྐྱོང་གཉིས་ཀྱི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་རང་བཞིན་ཆེ་རུ་བཏང་སྟེ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ་བསམ་བློ་གསར་པས་ལག་ལེན་གསར་པར་ཁྲིད་སྟོན་བྱེད་བཞིན་ཡོད། 

ཀྲུང་གོའི་མི་དམངས་ཉེན་རྟོགས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

     མི་དམངས་སྤྱི་བདེས་མང་ཚོགས་ཀྱི་དུས་བདེ་དང་མང་ཚོགས་ཀྱི་ཁེ་དབང་འགན་ལེན་བྱེད་པའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་དེ་མི་དམངས་མང་ཚོགས་ཀྱིས་མཐོང་ཐུབ་པ་དང་། རེག་ཐུབ་པ། ཚོར་ཐུབ་པ་བཅས་ཀྱི་བྱ་ཐབས་ཐོག་ནས་མངོན་འགྱུར་ཡོང་བ་བྱེད་བཞིན་ཡོད། 

ཀྲུང་གོའི་མི་དམངས་ཉེན་རྟོགས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུ།

    ལོ་རྒྱུས་ཀྱི་འགོ་རྩོམ་ས་གསར་པའི་ཐོག་མི་དམངས་སྤྱི་བདེས་མུ་མཐུད་དུ་བློ་དཀར་སེམས་དཀར་གྱི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ་དང་། དུས་རབས་གསར་པའི་སྤྱི་བདེའི་ངར་ལྕགས་ལྟ་བུའི་དཔུང་སྡེ་འཛུགས་སྐྱོང་བྱས་ཏེ། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་མངོན་འགྱུར་ཡོང་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད།

    ཏང་གི་དར་ཆའི་སྣེ་ཁྲིད་འོག་རྒྱ་ཆེའི་མི་དམངས་ཉེན་རྟོག་པས་རྒོལ་ན་ངེས་པར་དུ་ལེགས་གྲུབ་ཐུབ་པ་དང་འཐབ་ན་ངེས་པར་དུ་རྒྱལ་ཁ་ལེན་ཐུབ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་མི་དམངས་སྤྱི་བདེས་མི་དམངས་ཀྱི་ཆེད་དུ་འབད་འཐབ་བྱེད་པའི་ལེའུ་གསར་པ་ཞིག་གཏོད་རྒྱུ་རེད།

  • ལེ་ཚན་སྔོན་མ།:“འཛམ་གླིང་གི་བོད་རིག་པའི་སློབ་གླིང”ཞེས་འབོད་པའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཉམས་གསོའི་ལས་གྲྭ་མཇུག་འགྲིལ་ཉེར་ཡོད་པ།
  • ལེ་ཚན་རྗེས་མ།:ཆེད་མཁས་པ་རྣམས་ནས་ལེ་ཧྲན་བྱམས་ཆེན་ལ་བརྟག་ཞིབ་གནང་དོན་ཅི་ཡིན་ནམ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10