ཧྲེན་དབྱང་གིས་གསར་དུ་བདམས་ཐོན་བྱུང་བའི་ཁུལ་རིམ་པའི་མགོ་ཁྲིད་ཚོགས་པའི་ཁོངས་མི་དང་སྙིང་གཏམ་བཤད་རེས་བྱས།

        2022-01-12

སྤྱི་ཟླ་དང་པོའི་ཚེས9ཉིན། ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་དང་ཁུལ་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོ་མཇུག་བསྒྲིལ་རྗེས། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་གསར་དུ་བདམས་ཐོན་བྱུང་བའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་མི་དམངས་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་ཚོགས་པའི་ཁོངས་མི་ཐུན་མོང་དུ་སྙིང་གཏམ་བཤད་རེས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཚང་མ་དང་མཉམ་དུ་སྙིང་གཏམ་བཤད་རེས་བྱས་པས་མ་ཚད། ཆབ་སྲིད་ལ་སྣང་ཆེན་དང་སྒྲིག་ཁྲིམས་སྲུང་བ། མཐུན་སྒྲིལ་ལ་སྣང་ཆེན།མིག་དཔེ་སྟོན་པ་སོགས་ཀྱི་ཐད་ལ་དམིགས་ནས་བླང་བྱ་གསལ་པོ་བཏོན་པ་རེད།

ཧྲེན་དབྱང་གིས་བསྟན་དོན། ལོ་བརྒྱ་གཉིས་པའི་འབད་འཐབ་ཀྱི་རླབས་ཆེན་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་ནས་སྐབས་གསར་པའི་ཁུལ་རིམ་པའི་མགོ་ཁྲིད་ཚོགས་པས་ལོ་རྒྱུས་ཀྱི་ལས་འགན་གསར་པ་ཕྲག་ཏུ་འཁུར་ནས། དཀའ་ངལ་དང་འགྲན་སློང་གསར་པ་འཕྲད་སྐབས་རྡོག་རྩ་གཅིག་སྒྲིལ་བྱས་ནས་དཀའ་ཉེན་ལ་མི་སྐྲག་པ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། སེམས་ཤུགས་ཡོད་རྒུས་བསྒྲུབས་ནས་བྱ་གཞག་ནས་ཚང་མའི་ཐོག་བཞག་ན་ད་གཟོད་རྒྱུགས་ལེན་ལ་འགྲོ་སའི་ལམ་བུ་གསར་པའི་ཐོག་ཏང་དང་མི་དམངས་ལ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་འབུལ་ཐུབ་པ་བྱ་དགོས།

ཧྲིན་དབྱང་གིས་ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་བའི་མིག་དཔེ་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་སློབ་སྦྱོང་བྱེད་ཤེས་པ་དང་ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ། དེའི་ནང་ཁྱབ་པའི་བདེན་དོན་གྱི་སྟོབས་ཤུགས་དང་བསམ་བློའི་སྟོབས་ཤུགས་ལག་ལེན་གྱི་སྟོབས་ཤུགས་བཅས་བསྡུ་ལེན་གང་ལེགས་བྱས་ནས། མར་ཁེ་སིའི་རིང་ལུགས་ཀྱི་དད་སེམས་དང་གུང་ཁྲན་རིང་ལུགས་ལ་ཡིད་ཆེས་བྱ་རྒྱུ་བློ་ལ་དམ་པོར་བཟུང་ནས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་བྱེད་མཁན་གྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ། རང་རྟོགས་ཀྱིས་གཏན་འཁེལ་གཉིས་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་མཁན་དང་སྲུང་སྐྱོང་གཉིས་ཀྱི་སྲ་ཞིང་བརྟན་པའི་ལག་བསྟར་བ་བྱ་དགོས། ཐུན་མོང་གི་འདོད་བློ་གོང་བུར་འགྲིལ་བར་བྱས་ནས་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་མིག་དཔེ་བྱ་དགོས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཐོག་མཐའ་བར་གསུམ་དུ་གདོང་མཆོང་བྱེད་པའི་མིག་དཔེ་བྱ་དགོས། སྔོན་ལ་མིག་དཔེ་སྟོན་རྒྱུ་མཐའ་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་བརྩོན་འགྲུས་དངོས་གཉེར་གྱི་མིག་དཔེ་བྱ་དགོས། རང་གིས་རང་ལ་གཅུན་འདོམས་ནན་པོ་བྱས་ནས་ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་གཞུང་དྲང་གི་མིག་དཔེ་བྱ་དགོས།

ཚོགས་འདུའི་ཐོག་སྐབས་གསར་པའི་ཁུལ་རིམ་པའི་མགོ་ཁྲིད་ཚོགས་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱས་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས། ཁུལ་སྐབས་བཅུ་གཉིས་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱིས་གཏན་འཁེལ་བྱས་པའི་སྤྱིའི་བསམ་ཕྱོགས་དང་དམིགས་འབེན་ལས་འགན། བྱེད་ཐབས་གལ་ཆེན་བཅས་ལ་དམ་པོ་དམིགས་ཏེ། ཐོག་མིའི་རེ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་བ་དང་མུ་མཐུད་འབད་འཐབ། དཔའ་ངར་ཆེན་པོས་མདུན་དུ་བསྐྱོད་ནས་ཏང་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པ། དུས་རབས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་རླབས་ཆེན་བཞག་པར་འབད་བརྩོན་ཆེན་པོ་བྱས་ནས། མཐུན་སྒྲིལ་ཕྱུག་འབྱོར། འཆམ་མཐུན།མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱས་པར་འདབ་འབུངས་ཡར་བརྩོན་བྱ་དགོས།

གསར་དུ་བདམས་ཐོན་བྱུང་བའི་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་ཚོགས་པའི་ཁུལ་རིམ་པའི་མགོ་ཁྲིད13ཚོགས་འདུར་ཞུགས་ཡོད་པ་རེད།།

བདེ་སྐྱིད་ཀྱིས་བསྒྱུར།


  • ལེ་ཚན་སྔོན་མ།:དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
  • ལེ་ཚན་རྗེས་མ།: སྐབས་བཅུ་གསུམ་པའི་ཁུལ་མི་དམངས་སྲིད་གཞུང་གིས་རྒྱུན་ལས་ཚོགས་ འདུ་ཐེངས་དང་པོ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10