སྡེ་རོང་རྫོང་གིས“དཔེ་དེབ་ཁང་ལ་བཀྲག་མདངས་བསྣན་པ”ཞེས་པའི་དང་བླངས་པའི་ཞབས་ཞུའི་བྱ་འགུལ་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བ།        2022-01-13

སྡེ་རོང་རྫོང་གིས“དཔེ་དེབ་ཁང་ལ་བཀྲག་མདངས་བསྣན་པ”ཞེས་པའི་དང་བླངས་པའི་ཞབས་ཞུའི་བྱ་འགུལ་སྤེལ་བ།

       ཞིང་པའི་དཔེ་དེབ་ཁང་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང་དམངས་ཡོངས་ཀྱི་དཔེ་དེབ་ཀློག་པའི་བྱ་འགུལ་སྤེལ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་ཨུ་དྲིལ་སྒྲོག་པུའུ་ཡིས་དང་བླངས་པ་སྒྲིག་འཛུགས་བྱས་ཏེ“དཔེ་དེབ་ཁང་ལ་བཀྲག་མདངས་སྣོན་པ”ཞེས་པའི་བྱ་འགུལ་སྤེལ་བ་རེད།

    དགེ་འདུན་པ་དང་། སློབ་མ། ཞིང་འབྲོག་མང་ཚོགས་བཅས་ལ་དཔེ་དེབ་གཅེས་སྐྱོང་དང་དཔེ་དེབ་གཡར་རྗེས་དཔེ་དེབ་སྔར་ཡོད་ཀྱི་གནས་སུ་འཇོག་པའི་གོམས་གཤིས་ཆགས་པར་བྱས་ནས། ཚང་མར་གཙང་ཞིང་གྲལ་འགྲིག་པ་དང་དྭངས་གཙང་། སྐྱིད་སྣང་ལྡན་པའི་ལྟ་ཀློག་ཁོར་ཡུག་ཅིག་བསྐྲུན་ཆེད། དང་བླངས་པ་ཚོས་ཕུ་ཐུང་བརྫེས་ནས་ལག་ཕྱིས་འཁྱེར་ཏེ་གཟེབ་བྱང་དང་། ཕྱགས་མ་སོགས་འཁྱེར་ནས་དཔེ་སྒྲོམ་གཙང་སྦྲ་བྱས་པ་དང་། ཆག་གྲུམ་བྱུང་བའི་དཔེ་དེབ་བསྡུ་རུབ་བྱེད་པ། དཔེ་དེབ་རིགས་དབྱེ་ནས་ལེགས་སྒྲིག་བྱེད་པ། དཔེ་དེབ་གསར་པ་ཐོ་འགོད་པ་སོགས་བྱས་པ་རེད།

སྡེ་རོང་རྫོང་གིས“དཔེ་དེབ་ཁང་ལ་བཀྲག་མདངས་བསྣན་པ”ཞེས་པའི་དང་བླངས་པའི་ཞབས་ཞུའི་བྱ་འགུལ་སྤེལ་བ།

      དང་བླངས་པ་ཚོས་དཀའ་སྤྱད་ངལ་རྩོལ་བྱས་པ་བརྒྱུད། དགོན་སྡེའི་དཔེ་ཁང7དང་ཞིང་པའི་དཔེ་དེབ་ཁང10ཡི་དཔེ་དེབ་ཁྲི1.2ལྷག་ཙམ་ལེགས་སྒྲིག་བྱུང་ནས་གོ་རིམ་ལྡན་པའི་ངང་སྒྲིག་གཤོམ་བྱས་པས་དཔེ་དེབ་ཁང་གསར་རྐྱང་དུ་གྱུར་པ་རེད། དཔེ་དེབ་གཡོར་མཁན་མང་ཚོགས་ཀྱིས་དང་བླངས་པ་ཚོའི་བྱ་སྤྱོད་ལ་བསྟོད་བསྔགས་བྱས།

     ཐེངས་འདིའི“དཔེ་ཁང་ལ་བཀྲག་མདངས་སྣོན་པ”ཞེས་པའི་དང་བླངས་པའི་ཞབས་ཞུའི་བྱ་འགུལ་གྱིས་དཔེ་དེབ་ཁང17ལ་དཔེ་དེབ800ལྷག་ཙམ་ཞལ་འདེབས་ཕུལ་བ་དང་། དྲིལ་སྒྲོག་ལག་དེབ500སྤྲད་པ་རེད། སྡེ་རོང་རྫོང་ཨུ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་བློ་བཟང་ནོར་བུས“དཔེ་དེབ་ཁང་སྔར་བས་གཙང་ལ་དཔེ་དེབ་ཀྱིས་ཁྱིམ་ཚང་ཡོངས་ལ་ཁྱབ་ནས་རྒྱ་ཆེའི་མང་ཚོགས་ཀྱིས་དཔེ་དེབ་མང་ཙམ་ཀློག་པ་དང་། དཔེ་དེབ་ཡག་པོ་ཀློག་པ། དཔེ་དེབ་ཀློག་ཤེས་པ་བཅས་ལ་ཁྲིད་སྟོན་བྱས་ཏེ་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་དགོས་མཁོ་སྐོང་ཆེད། ང་ཚོས་མུ་མཐུད་དུ་འབད་བརྩོན་བྱས་ནས་སྣ་མང་ཅན་གྱི་དོན་དངོས་བྱ་འགུལ་སྤེལ་ཏེ་རིག་གནས་དམངས་ཕན་གྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན”ཞེས་བཤད། ། 

  • ལེ་ཚན་སྔོན་མ།:ངེས་པར་དུ་ཤེས་དགོས་པའི་ཚོགས་ཆེན་གཉིས་ཀྱི་ཤེས་བྱ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱིས་ཁོངས་ཡོངས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
  • དོ་སྣང་ཆེ་བའི་རྩོམ།

    རྩོམ་གསར། 10