དར་མདོའི་མཛའ་གཞས་ཞེས་པའི་གླུ་གཞས་ཟློས་གར་ཞིག་གསར་བཏོད་བྱས།

ཨོ་རྒྱན་གྱིས་བསྒྱུར།        2022-01-18

  ཟླ་དང་པོའི་ཚེས13ཉིན་གྱི་དགོང་མོར། ཧྲང་ཧའེ་རོལ་དབྱངས་སློབ་གླིང་དང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་མཉམ་འབྲེལ་ཐོག་སྤེལ་བའི་གླུ་གཞས་ཟློས་གར《དར་མདོའི་མཛའ་གཞས》ཞེས་པ་དེ་ཧྲང་ཧའེ་གླུ་གར་ཁང་དུ་འཁྲབ་སྟོན་བྱས་པ་རེད།

     གླུ་གཞས་ཟློས་གར་འདི་ནི་རང་ཁུལ་གྱིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། ཚད་ལྡན་གྱི་གསར་བརྗེའི་ཟློས་གར་རྣམ་གྲངས་བསྐྲུན་པ་ཞིག་ཀྱང་ཡིན།

དར་མདོའི་མཛའ་གཞས་ཞེས་པའི་གླུ་གཞས་ཟློས་གར་ཞིག་གསར་བཏོད་བྱས།


 གླུ་གཞས་ཟློས་གར་འདི་འཁྲབ་སྟོན་ཐེངས་དང་པོ་ལེགས་གྲུབ་བྱུང་རྗེས། 2022ལོའིཧྲང་ཧའེ་དཔྱིད་ཀའིརྒྱལ་སྤྱིའི་རོལ་དབྱངས་དུས་ཆེན་ཐོག་གཟི་འོད་ལྷག་མ་ཞིག་བསྣན་ཞིང་། དེར་མཐུད་ནས་ཧང་ཀྲོའུ་དང་ཁྲེང་ཏུའུ་སོགས་གྲོང་ཁྱེར་དུ་སྐོར་སྐྱོད་འཁྲབ་སྟོན་བྱ་རྒྱུ་ཡིན་པ་རེད།

དར་མདོའི་མཛའ་གཞས་ཞེས་པའི་གླུ་གཞས་ཟློས་གར་ཞིག་གསར་བཏོད་བྱས།
དར་མདོའི་མཛའ་གཞས་ཞེས་པའི་གླུ་གཞས་ཟློས་གར་ཞིག་གསར་བཏོད་བྱས།

     གསར་འགོད་པས་ཐེངས་འདིའི་འཁྲབ་སྟོན་ནང་ཞུགས་མཁན་ཁུལ་གླུ་གར་ཚོགས་པའི་གཞས་པ་ཚུལ་ཁྲིམས་བཟང་པོར་བཅར་འདྲི་བྱས་ཚེ། ཁོས་བཤད་རྒྱུར།“ད་རེས་དཀར་མཛེས་ཁུལ་གྱི་ཚབ་བྱས་ནས་ཧྲང་ཧའེ་རོལ་དབྱངས་ཟློས་གར་སློབ་གླིང་དུ་སློབ་སྦྱོང་བྱེད་པར་ཡོང་ཐུབ་པས་སྤོབས་པ་སྐྱེ་འོས་པ་ཞིག་རེད། དེ་དང་ཆབས་ཅིག་མི་རིགས་རིག་གནས་ཀྱང་ཁྱབ་སྤེལ་དུ་གཏང་ཐུབ་པ་བྱུང་ཡོད་ལ། ང་ཚོ་ཧྲང་ཧའེ་རུ་ཡོད་རུང་། ལ་གཞས་སྙན་མོའི་འགྱུར་ཁུག་གི་ཀློང་ནས་ང་ཚོ་ཚང་མ་དར་མདོ་མཛའ་གཞས་གྲོང་ཁྱེར་དུ་འཛོམས་ཡོད”ཅེས་བཤད་པ་རེད།

དར་མདོའི་མཛའ་གཞས་ཞེས་པའི་གླུ་གཞས་ཟློས་གར་ཞིག་གསར་བཏོད་བྱས།
དར་མདོའི་མཛའ་གཞས་ཞེས་པའི་གླུ་གཞས་ཟློས་གར་ཞིག་གསར་བཏོད་བྱས།

   ཤེས་རྟོགས་བྱུང་བར་གཞིགས་ན། གླུ་གཞས་ཟློས་གར《དར་མདོའི་མཛའ་གཞས》ནི་ཧྲང་ཧའེ་རོལ་དབྱངས་སློབ་གླིང་གིས་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་བརྩམས་ཆོས་ཤིག་རེད། གླིང་གཙོ་ལིའོ་ཁྲང་ཡུང་གིས་སྤྱི་ཁྱབ་འཁྲབ་ཁྲིད་པ་དང་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པའི་འགན་ཁུར། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་གཞུང་པ་ལི་ཐིང་ཀྲེན་ཀང་གིས་འཁྲབ་གཞུང་བརྩམས་ཤིང་ཚིག་བྲིས། ཀྲོའུ་ཞང་ལིན་དང་ཏིང་དབྱིན་གྱིས་གཞས་གདངས་བརྩམས། ཀྲང་གོ་ཡུང་གིས་བཀོད་འདོམས་པའི་འགན་ཁུར། ཡིའུ་ཙའེ་དབྱི་ཡིས་བཟོ་སྐྲུན་པའི་འགན་ཁུར། ཀུའུ་ཕིང་དང་ལིའུ་ལེན་གྱིས་རོལ་དབྱངས་འདུ་ཚོགས་ཀྱི་འཁྲབ་ཁྲིད་པའི་འཁན་ཁུར། ཀྲོའུ་ཀྲེང་དང་། ཅིན་ཡའོ། ཁྲེན་ཅིན་ཝེ། ཁྲེན་དབྱང་། ཧུའུ་སི་ཧའོ་སོགས་གླུ་དབྱངས་ཚན་ཁག་གི་དགེ་སློབ་ཁག་གཅིག་གིསABཚོགས་པའི་འཁྲབ་སྟོན་བྱས་པ་དང་། གཞན་ཡང་ད་དུང་ཆེད་མངགས་བྱས་པའི་རྡོ་རྗེ་དཔལ་མོ་དང་ཚུལ་ཁྲིམས་བཟང་པོ་བཅས་དཀར་མཛེས་ནས་ཡོང་བའི་གཞས་པ་གཞས་མ་གཉིས་ཀྱིས་མཉམ་འབྲེལ་ངང་འཁྲབ་སྟོན་བྱས་ཤིང་། ཐུན་མོང་ཐོག་ཀྲུང་གོའི་མི་རིགས་ཀྱི་གླུ་གཞས་ཟློས་གར་གསར་པ་འདི་ཉིད་གསར་གཏོད་བྱས་པ་རེད་འདུག།

དར་མདོའི་མཛའ་གཞས་ཞེས་པའི་གླུ་གཞས་ཟློས་གར་ཞིག་གསར་བཏོད་བྱས།
དར་མདོའི་མཛའ་གཞས་ཞེས་པའི་གླུ་གཞས་ཟློས་གར་ཞིག་གསར་བཏོད་བྱས།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་དུ་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།