དཀར་མཛེས་རྫོང་དུ་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།

        2022-01-18

དཀར་མཛེས་རྫོང་དུ་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།

  2022ལོའིཟླ་དང་པོའི་ཚེས13ཉིན་གྱི་ཕྱི་དྲོར་དཀར་མཛེས་རྫོང་བོད་རྒྱ་ཡིག་གཟུགས་སྤེལ་རེས་མཐུན་ཚོགས་བློ་འདྲི་མཐུན་ཚོགས་ཀྱི་ལོ་འཁོར་གྱི་ཕྱོགས་སྡོམ་ཚོགས་འདུ་དང་། དཀར་མཛེས་རྫོང་དམངས་ཁྲོད་སྒྱུ་རྩལ་མཐུན་ཚོགས་ཀྱི་གྲ་སྒྲིག་ཚོགས་འདུ། དཀར་མཛེས་རྫོང་གི་བོད་རྒྱ་ཡིག་གཟུགས་སྤེལ་རེས་བློ་འདྲིའི་མཐུན་ཚོགས་ཀྱི་ལས་དོན་བཀོད་སྒྲིག་དང་བགྲོ་གླེང་ཚོགས་འདུ་བཅས་ཀྱི་བྱེད་སྒོ་ཁག་དཔག་བསམ་དོན་གྲུབ་ལས་སྒྲུབ་ཁང་དུ་སྤེལ་བ་རེད། རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་གུང་གཞོན་ཚོགས་པའི་རྫོང་ཨུ། རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས་ཁག་གི་འགན་འཁུར་བ་དང་ཆེད་མཁས་དགེ་རྒན་ཚོགས་འདུར་ཞུགས།


དཀར་མཛེས་རྫོང་དུ་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།

     ཚོགས་ཐོག་ཏུ་དཀར་མཛེས་རྫོང་དམངས་ཁྲོད་སྒྱུ་རྩལ་རྒྱུན་འཛིན་པ་ཕེབས་ནས་གཏམ་བཤད་གནང་བ། རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་བཀྲ་ཤིས་ཉི་མས་ཤིས་ཚིག་ཕུལ་ཞིང་། ན་གཞོན་ཤེས་ལྡན་མི་སྣས་བོད་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱ་རྒྱུར་སྤོབས་པ་བྱེད་དགོས་པ་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དཀར་མཛེས་སུ་རྒྱུན་འཛིན་ཡག་པོ་བྱེད་པ་དང་འབྲེལ་དར་རྒྱས་གོང་འཕེལ་གཏོང་དགོས་པའི་རེ་བ་བཏོན་ཡོད་པ་རེད། གུང་གཞོན་སྡེ་ཚོགས་ཧྲུའུ་ཅི་བྱམས་པ་ཆོས་སྐྱིད་དང་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་དབང་མོས་ཚོགས་ཞུགས་མི་སྣར་རེ་ཞུ་དང་གྲོས་མགོ་བཏོན་པ་རེད།

དཀར་མཛེས་རྫོང་དུ་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།
དཀར་མཛེས་རྫོང་དུ་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།


     ཚོགས་ཐོག་ཏུ་དགེ་རྒན་དཔག་བསམ་དོན་གྲུབ་ཀྱིས་མཐུན་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་སྐོར་ངོ་སྤྲོད་བྱས་པ་དང་འབྲེལ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཐུན་ཚོགས་བཙུགས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ལོ་འདིའི་ལས་ཀའི་ནང་དོན་དང་ལས་ཀའི་གྲུབ་འབྲས་ཕྱོགས་སྡོམ་དང་ངོ་སྤྲོད་བྱས་པར་མ་ཟད། 2022ལོའི་དཀར་མཛེས་རྫོང་གི་བོད་རྒྱ་ཡིག་གཟུགས་སྤེལ་རེས་མཐུན་ཚོགས་ཀྱི་བློ་འདྲིའི་མཐུན་ཚོགས་ཀྱི་འཆར་འགོད་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། དེས་མ་ཚད་དཀར་མཛེས་རྫོང་གི་དམངས་ཁྲོད་སྒྱུ་རྩལ་རྒྱུན་འཛིན་པ་ཚོས་ཀྱང་མཐུན་ཚོགས་བཙུགས་པར་གོང་རིམ་འབྲེལ་ཡོད་སྡེ་ཁག་དང་མི་སྣ་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་རེད།


དཀར་མཛེས་རྫོང་དུ་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།


     ཐེངས་འདིའི་ཚོགས་འདུས་དཀར་མཛེས་རྫོང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་གསར་གཏོད་མཐའ་འཁྱོངས་ཀྱིས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་སྐུལ་འདེད་དང། ཐོན་ལས་དམངས་ཕྱུག་མཐའ་འཁྱོངས་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་བ། རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བ་བཅས་ལ་ཕན་འབྲས་ཐོན་ཡོད་པ་རེད།

དཀར་མཛེས་རྫོང་དུ་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།
དཀར་མཛེས་རྫོང་དུ་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།
དཀར་མཛེས་རྫོང་དུ་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།
དཀར་མཛེས་རྫོང་དུ་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།


     མཇུག་མཐར་མཐུན་ཚོགས་ཀྱི་སློབ་མ་ཚོས་གནམ་ལོ་གསར་པར་ཕུལ་བའི་བོད་ཡིག་གི་སྨོན་ཚིག་བྲིས་ནས་ཐེངས་འདིའི་ཚོགས་འདུ་ཕུན་སུམ་ཚོགས་པའི་ངང་ནས་མཇུག་བསྒྲིལ་བ་རེད།

དཀར་མཛེས་རྫོང་དུ་བྱེད་སྒོ་འདི་འདྲ་ཞིག་སྤེལ་འདུག།


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་འཕྲལ་སྡོམ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་མིའི་མེ་གསོད་འདུ་ཤེས་ཇེ་དྲག་ཏུ་བཏང་།
  • ལེ་ཚན་རྗེས་མ།:དར་མདོའི་མཛའ་གཞས་ཞེས་པའི་གླུ་གཞས་ཟློས་གར་ཞིག་གསར་བཏོད་བྱས།
  • དོ་སྣང་ཆེ་བའི་རྩོམ།