ལུགས་རྙིང་ལོ་གསར་འཆར་ཉེ་ཡོད་པས་རིམས་འགོག་བྱ་བ་ལེགས་པར་བསྒྲུབ་དགོས།

    གངས་ལྗོངས་ཉི་བཞོན།    2022-01-24

ལུགས་རྙིང་ལོ་གསར་གྱི་གུང་སེང་གཏོང་ཉེ་ཡོད་པའི་དུས་འདིར། མི་མང་པོ་འགྲོ་འོང་བྱེད་ཚད་ཀྱང་ཇེ་མང་དུ་ཕྱིན་སྟབས། རྒྱ་ཆེའི་མང་ཚོགས་ཀྱིས་གཤམ་གྱི“རིམས་འགོག་བྱེད་ཐབས་བཞི་པོ”འདི་ལེགས་པར་བསྒྲུབ་དགོས།

ཀ། “ཤུགས་སྣོན་བྱེད་པ” མི་སྒེར་གྱིས་འགོག་སྲུང་ལ་ཤུགས་སྣོན་བྱེད་པ་སྟེ། དུས་དང་རྣམ་པ་ཀུན་ཏུ་རིམས་ནད་འགོག་སྲུང་གི་འདུ་ཤེས་ཡོད་པར་བྱས་ཏེ་མུ་མཐུད་ནས“ཁ་ཐུམ་རྒྱག་པ་དང་། ལག་པ་བཀྲུ་བ། སྒེའུ་ཁུང་ཕྱེ་བ། གོམ་པ་གང་གི་བར་ཐག་ཡོད་པ”སོགས་ཀྱི་རིམས་ནད་འགོག་སྲུང་བྱེད་ཐབས་བསྒྲུབ་དགོས།

ཁ།“དགོས་གལ་མེད་པ” དགོས་གལ་ཆེན་པོ་མེད་ན་ཕྱིར་མི་འགྲོ་བ་དང་དགོས་གལ་མེད་པའི་ལོ་ཚོགས་ཀྱི་བྱེད་སྒོ་མི་སྤེལ་བ་སྟེ། ཕ་ཡུལ་དུ་ལོག་ནས་ནང་མི་གཉེན་ཉེ་ལ་འཚམས་འདྲི་བྱེད་པ་དང་དགོས་ངེས་ཀྱི་གཞུང་དོན་ཕྱིར་འགྲོ་བྱེད་པ་སོགས་མ་གཏོགས། དགོས་གལ་ཆེན་པོ་མེད་ན། ཞིང་ཆེན་གཞན་པར་མི་འགྲོ་ཞིང་། འགྲོ་འོང་གི་ལམ་བར་དུ། མི་ཚོགས་ཆེན་པོ་ལ་འཕྲད་ན། ཉེན་ཁ་ཡང་ཡོད་སྲིད་པས། དགོས་གལ་མེད་པའི་འདུ་འཛོམས་ཇེ་ཉུང་བྱེད་པ་དང་གསོལ་སྟོན་སྐབས་ཀྱི་མི་གྲངས་ལ་ཚོད་འཛིན་བྱེད་དགོས།

ག། “རང་འགུལ་བྱེད་དགོས་པ” མ་སྐུལ་དང་བླངས་ཀྱིས་ཡར་ཞུ་བྱེད་པ་དང་མ་སྐུལ་དང་བླངས་ཀྱིས་བརྟག་དཔྱད་བཤེར་འཇལ་བྱེད་པ། རང་འགུལ་གྱིས་སྨན་བཅོས་བྱེད་པ་སྟེ། རིམས་ནད་ཀྱི་ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་རང་ཉིད་ས་གནས་སུ་དུ་ལོག་པ་ཡིན་ན། སྔ་སྣུར་ནས་གཞིས་ཁུལ(གྲོང་སྡེ)དང་ལས་ཁུངས། མགྲོན་ཁང་བཅས་ལ་སྙན་སེང་ཐོ་འགོད་བྱེད་དགོས་པར་མ་ཟད།མ་སྐུལ་དང་བླངས་ཀྱིས་་ཉིང་སྐྱུར་དཔྱད་འཇལ་བྱེད་པ་དང་ཟུར་འཇོག་བཀག་སྡོམ་སོགས་ཀྱི་རིམས་ནད་ཚོད་འཛིན་བྱེད་ཐབས་ལ་གཞོགས་འདེགས་བྱེད་དགོས། གལ་ཏེ། ཚ་བ་རྒྱས་པ་དང་གློ་བ་ལུ་བ་སོགས་ཀྱི་ནད་རྟགས་ཡོད་ན། རང་ཉིད་ཀྱི་འགོག་སྲུང་ནུས་པར་ཁག་ཐེག་བྱས་རྗེས། དེ་མ་ཐག་ནས་ཉེ་འཁོར་གྱི་སྨན་ཁང་དུ་ཕྱིན་ཏེ་སྨན་བཅོས་བྱེད་དགོས་པར་མ་ཟད། ད་དུང་ཉེ་དུས་ཀྱི་འགུལ་སྐྱོད་གནས་ཚུལ་ཡང་རང་རྟོགས་ཀྱིས་ཡར་ཞུ་བྱ་དགོས།

ང་། “མཉམ་འཇོག་བྱ་དགོས་པ” འགྲུལ་སྐྱེལ་རླངས་འཁོར་དང་གློག་སྐས་སོགས་སུ་འདུག་སྐབས། ཁ་ཐུམ་རྒྱག་ཚུལ་ཡང་དག་ཡིན་མིན་ལ་མཉམ་འཇོག་བྱ་དགོས། གཞུང་ལས་ཁང་གི་སྒེའུ་ཁུང་ཕྱེ་བ་དང་། མི་མང་འཛོམས་པའི་ཚོགས་འདུ་ཇེ་ཉུང་དུ་གཏོང་བ། གྲོས་ཚོགས་ཀྱི་འཚོགས་ཡུན་ལ་ཚོད་འཛིན་བྱེད་དགོས། མགྱོགས་སྐྱེལ་དངོས་པོ་བླངས་རྗེས་ལག་པ་བཀྲུ་བ་དང་། མྱུར་སྐྱེལ་ཟོག་སྒྲོམ་དང་ཡང་ན་ཐུག་རེག་མེད་པའི་རྣམ་པ་བརྒྱུད་ནས་མགྱོགས་སྐྱེལ་དངོས་པོ་ལེན་དགོས། གནམ་གཤིས་འཁྱགས་དུས་ཕྱི་རོལ་དུ་འགྲོ་ན། རང་གི་གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱེད་དགོས་ཤིང་། ལྷག་པར་དུ་བྱིས་པ་དང་ལོ་ལོན་གྱི་ལྭ་བ་ཇེ་མཐུག་ལ་བཏང་ནས་ཆམ་པ་ཕོག་པར་སྔོན་འགོག་བྱེད་དགོས། མི་ཚང་མས“རིམས་འགོག་བྱེད་ཐབས་བཞི་པོ”འདི་སེམས་ལ་བརྟན་པོར་ངེས་དགོས་པ་དང་། རང་ཉིད་སྲུང་སྐྱོང་ཡག་པོ་བྱས་ན། ད་གཟོད་མི་གཞན་པར་ཡང་སྲུང་སྐྱོང་བྱེད་ཐུབ་ལ། ལོ་གསར་པ་ཡང་དགའ་དགའ་སྐྱིད་སྐྱིད་ངང་རོལ་ཆོག་པ་རེད།།


  • ལེ་ཚན་སྔོན་མ།:ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།