ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

ཡེ་མགོན་དང་བདེ་སྐྱིད་ཀྱིས་བསྒྱུར།        2022-01-21

ཕེང་ཆིང་ཧྭ་དང་ཧོང་ཆང་ཚོགས་འདུར་ཞུགས།ཝང་ཉིང་གིས་དམངས་ཆེན་རྒྱུན་ཨུའི་ལས་དོན་སྙན་སེང་ཞུས།ཝང་ཧྲུའུ་ཅང་དང་ཧྥུང་ཅན་གྱིས་ཁག་བགོས་ནས་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་ཞུས།

སྤྱི་ཟླ་དང་པོའི་ཚེས19ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ལྔ་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་རེད། ཚོགས་འདུའི་ཐོག་སི་ཁྲོན་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་འདེམས་བསྐོ་བྱ་ཐབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་།ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་དང་།ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སེང་ལ་ཉན་པ་རེད།

ཚོགས་ཆེན་དུ་ཞུགས་དགོས་པའི་འཐུས་མི་888ཡིན་པ་དང་དངོས་སུ་ཞུགས་པའི་འཐུས་མི814ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཕེང་ཆིང་ཧྭ་དང་ཐེངས་འདིའི་ཚང་འཛོམས་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ཁྲེན་ཝུན་ཧྭ།ཐེན་ཞའོ་ཝེ།ལེའོ་ཀྲུང་པིན།ཀྲང་རུང་།དབྱང་ཅོན།ལི་ཝེ་གོ། ཧྲུའུ་ཏ་ཁྲུན།ལུང་ཝུའེ།སུན་ཡུན།མཱ་ཧུང་།ཅ་ཆིང་།ཁྲེན་ཡུན་ཁྲོན།མའོ་དབྱི་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད། ཁྲེན་ཝུན་ཧྭ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཞིང་དཔོན་ཧོང་ཆང་ཚོགས་འདུར་ཞུགས་པ་རེད། ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཉིང་གིས་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་གནང་བ་རེད།

ཝང་ཉིང་གིས་གསུངས་དོན།ལོ་གཅིག་རིང་ལ་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་པ་དང་།ཞིང་ཆེན་ཏང་ཨུའི་འགྱུར་མེད་སྟོབས་ལྡན་གྱིས་འགོ་ཁྲིད་འོག། ལྟ་བ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་དང་ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། ས་གནས་ཀྱི་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་ཤུགས་ཆེ་རུ་བཏང་ཡོད། ཁྲིམས་སྐྱོང་སི་ཁྲོན་འཛུགས་སྐྱོང་བྱེད་པར་སྐུལ་འདེད། ཁྲིམས་ལྟར་ལྟ་སྐུལ་འགན་འཁྲི་བསྒྲུབས་ནས་ཞིང་ཆེན་ཡོངས་ཀྱི་ལས་ཀའི་ཁྱོན་ཡོངས་ལ་ཞབས་འདེགས་ཕྱི་བསྒྲུབས་པ།མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་འཐུས་མིས་འགན་འཁྲི་སྒྲུབ་པའི་ཕན་འབྲས་དངོས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་ཡོད།རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཏན་ཏིག་བཏང་སྟེ་སྤྱི་ཡོངས་ཀྱི་ཕན་ནུས་ཁྱོན་ཡོངས་ནས་མཐོར་འདེད་བཏང་བར་བརྟེན། ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་བཞི་པས་གཏན་འཁེལ་བྱས་པའི་ལས་དོན་ལས་འགན་ཁག་བདེ་བླག་ངང་ལེགས་འགྲུབ་བྱས་ཏེ་སི་ཁྲོན་བཅོས་སྐྱོང་དར་རྒྱས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བྱས་རྗེས་གསར་པ་བཞག་ཡོད། ལོ་ཧྲིལ་པོར་ཞིང་ཆེན་རིམ་པའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ43ལ་གྲོས་ཞིབ་བྱས་ནས་ཁྲིམས་སྲོལ35གྲོས་འཆམ་བྱུང་བ།གྲོང་ཁྱེར་དང་རང་སྐྱོང་ཁུལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་མི་རིགས་རང་སྐྱོང་ས་གནས་ཀྱི་ཁེར་སྤྱོད་སྲོལ་ཡིག43ལ་ཞིབ་བཤེར་ཆོག་མཆན་སྤྲད་ཡོད། ཆེད་དོན་ལས་ཀའི་སྙན་སེང་དང་ཁྲིམས་བསྟར་ཞིབ་བཤེར་སྙན་སེང་ཁྱོན་བསྡོམས51ལ་ཉན་འཇོག་བྱས་ཏེ་གྲོས་ཞིབ་བྱས་པ་དང་།བཅའ་ཁྲིམས་དང་ཁྲིམས་སྲོལ9ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱས་ཡོད། “ངས་མང་ཚོགས་ལ་དངོས་དོན་སྒྲུབ་པའི”ལག་ལེན་བྱེད་སྒོའི་ནང“མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བྱ་སྤྱོད་སྤེལ་བ”དང་།“དམངས་འཚོའི་དོན་དངོས་ལ་ངས་ལྟ་སྐུལ་བྱེད་པ”“ཡུལ་སྡེ་དར་རྒྱས་གཏོང་བར་ངས་ནུས་པ་འདོན་པ”བཅས་ཀྱི་ཞིབ་ཕྲའི་བྱ་སྤྱོད་ཆེན་པོ་གསུམ་གསར་གཏོད་བྱས་ཏེ།ཞིང་ཆེན་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲི20ལྷག་ཙམ་གཞི་རིམ་དུ་བསྐྱོད་ནས་མང་ཚོགས་ལ་དོན་དངོས་བསྒྲུབ་རྒྱུར་ཡོངས་ཁྱབ་ཏུ་སྐུལ་སློང་བྱས་མཐར།སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་དཀའ་གནད་ཁག་གཅིག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

ད་ལོའི་ལས་ཀ་གཙོ་བོའི་སྐོར། ཝང་ཉིང་གིས་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་གླིང་ཁུལ་འཛུགས་སྐྱོང་ལ་སྐུལ་འདེད་གཏང་རྒྱུར་དམིགས་ནས “ཕྱོགས་གཅིག་སྣེ་མང་།ས་ཁུལ་ལྔ་མཐུན་སྦྱོར” “ཕྱོགས་བཞིར་རྒྱ་སྐྱེད།ས་ཁོངས་ཡོངས་སྒོ་འབྱེད”བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་ཁྲིམས་འཛུགས་པ།ལྟ་སྐུལ།འཐུས་མི་སོགས་ཀྱི་ལས་ཀའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་།བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བ།

ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ།“ལས་ཁུངས་བཞིར”ཤུགས་སྣོན་ཏན་ཏིག་རྒྱག་པ།དུས་རབས་གསར་པའི་ས་གནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བཅས་བྱས་ནས་སི་ཁྲོན་བཅོས་སྐྱོང་དར་རྒྱས་སླར་ཡང་སྐས་རིམ་གསར་པར་སླེབས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་སྒོ་ཀུན་ནས་འཛུགས་སྐྱོང་བྱེད་པའི་རྒྱལ་ཁ་གསར་པར་བརྩོན་ལེན་བྱ་ཆེད་མི་དམངས་འཐུས་ཚོགས་སྟོབས་ཤུགས་ཀྱི་བྱས་རྗེས་འཇོག་དགོས།

ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ཝང་ཧྲུའུ་ཅང་གིས་ཚོགས་ཆེན་ལ་ལས་དོན་སྙན་སེང་འབུལ་སྐབས། 2021ལོར་ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ཁང་གིས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་ཚང་མའི་ཁྲོད་ནས་དྲང་བདེན་དྲང་གཞག་ཐུབ་པའི་དམིགས་འབེན་ལ་དམ་པོར་དམིགས་ནས། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱས་པ། གཞུང་དྲང་བཅས་མཐའ་འཁྱོངས་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ལྷག་བསམ་རྣམ་དག་གིས་བསྒྲུབས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་དང་འགན་ལེན་བྱས་པ་དང་། བདེ་འཇགས་ཀྱི་སི་ཁྲོན་ཁྲིམས་སྐྱོང་དང་སི་ཁྲོན་འཛུགས་སྐྱོང་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། མང་ཚོགས་ཀྱི་སྣ་མང་ཁྲིམས་འཛིན་གྱི་དགོས་མཁོ་གསར་པར་དུས་ཐོག་ཏུ་ཨ་ལན་སློག་པ་དང་གཞི་རྩའི་ཆ་ནས་ལག་བསྟར་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ཡོད། ཁྲིམས་འཛིན་གྱི་ཕྱོགས་བསྡུས་ལེ་ལག་ཆ་ཚང་བའི་བཅོས་སྒྱུར་ཟབ་ཏུ་བཏང་བ། ལྷག་བསམ་རྣམ་དག་དང་དྭངས་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཁྲིམས་ཁང་གི་དཔུང་སྡེ་འཛུགས་སྐྱོང་བྱས་པ་རེད། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་རིགས་ཁྲི161.63བདག་སྤྲོད་བྱས་པ་དང་གྱོད་དོན་ཁྲི154.45ཞིབ་བཤེར་དང་རྩིས་སྤྲོད་ལེན་བྱས་ནས་ལོ་གོང་མའི་དུས་མཉམ་དང་བསྡུར་ན་ཁག་བགོས་ནས་བརྒྱ་ཆ20.46དང་བརྒྱ་ཆ18.07འཕར་ཡོད་པ་རེད། ན་ནིང་ལོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་མགོ་འཛུགས་ས་མཐོན་པོའི་ངང་སི་ཁྲོན་ལྟེ་གནས་ཀྱི་ཁྲིམས་དོན་གླིང་ཁུལ་འཛུགས་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ནས། སི་ཁྲོན་གླིང་ཁུལ་གསར་པའི་ཁྲིམས་ཁང་དང་དངུལ་རྩ། དྲྭ་སྦྲེལ་ཁྲིམས་ཁང་སོགས་འདྲི་གཅོད་སྒྲིག་གཞིས་འཁོར་སྐྱོད་བྱས་ནས་ཆེས་མཐོའི་ཁྲིམས་ཁང་གི་སྐོར་སྐྱོད་ཁྲིམས་ར་ཐེངས་ལྔ་པ་ཁྲེང་ཏུའུ་འདྲི་གཅོད་ས་ཚུགས་དང་རྒྱལ་སྤྱིའི་ཚོང་དོན་ཁྲིམས་ར་འཛུགས་རྒྱུར་བརྩོན་ལེན་བྱས་པ་ཡིན། སི་ཁྲོན་གྱི་ཤིང་ཏོག་དང་སི་ཁྲོན་གྱི་སྔོ་ཚལ། སི་ཁྲོན་གྱི་ཇ་སོགས་ཀྱི་ཧེ་བག་ཆེ་བའི་ཚོང་རྟགས་དང་ས་ཁམས་མཚོན་རྟགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏང་རྒྱུར་ཞབས་འདེགས་ཞུ་ཡོད། ད་ལོར་ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཐོག་མཐའ་བར་གསུམ་དུ་རྒྱུན་རྣམ་ཅན་གྱི་ངོ་བོའི་རང་བཞིན་དྲུག་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུང་པ་རེད།

ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་ཧྥུང་ཅན་གྱིས་ཚོགས་ཆེན་ལ་སྙན་སེང་འབུལ་སྐབས། 2021ལོར་ཞིང་ཆེན་ཡོངས་ཀྱི་ཞབ་དཔྱོད་ལས་ཁུངས་ཀྱིས《ཀྲུང་གུང་ཀྲུང་དབྱང་གི་དུས་རབས་གསར་པའི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་རྒྱུའི་སྐོར་གྱི་བསམ་འཆར》དོན་འཁྱོལ་ནན་ཏན་བྱས་ནས། ཉེས་དོན་དང་དམངས་དོན། སྲིད་འཛིན། སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་བཅས་ཀྱི་འགན་ནུས་འཁུར་རྒྱུ་ཁྱོན་ཡོངས་ནས་ལག་བསྟར་བཏང་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བདེ་འཇགས་དང་འཕེལ་རྒྱས་ལ་འགན་སྲུང་བྱས་ཡོད། ལོ་ཧྲིལ་པོར་གྱོད་གཞི་རིགས་སྣ་ཚོགས་ཁྲི22.79སྒྲུབ་གཉེར་བྱས་པ་འདི་དུས་མཚུངས་ལས་བརྒྱ་ཆ21.9འཕར་ཡོད་པ་རེད། 2022ལོར་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ཁང་གི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་བྱ་རྒྱུར་རྒྱུན་འཁྱོངས་བྱས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ། ཞིང་ཆེན་ཏང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་སོགས་ཀྱི་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།རིགས་སྣ་ཚོགས་ཀྱི་ཉེས་གསོག་ཁྲིམས་ལྟར་རྡུང་རྡེག་བཏང་ནས་རྒྱལ་སྲིད་དར་ཞིང་འབངས་རྣམས་བདེ་བར་འགོད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་དགོས། ཞིབ་དཔྱོད་ཀྱི་འགན་ནུས་འདོན་སྤེལ་བྱས་ནས་བརྟན་ཐོག་ཡར་འཕེལ་ཡོང་རྒྱུར་རོགས་རམ་བྱས་ཏེ། བརྟན་པོ་དང་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་སྲུང་སྐྱོང་བྱ་དགོས་པ་དང་། བཅའ་ཁྲིམས་ཀྱི་ལྟ་སྐུལ་ནུས་པ་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་དྲང་བདེན་དྲང་གཞག་གི་ཁྲིམས་འཛིན་ཁོར་ཡུག་ལ་སྲུང་སྐྱོང་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་ཨུའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་དགོས་ཞེས་གསུང་པ་རེད།།



  • ལེ་ཚན་སྔོན་མ།:《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གསུམ་པའི་གྲངས་ཉུང་མི་རིགས་ཀྱི་ ཡིག་རིགས་5ཡི་པར་གཞི་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།