ཐུབ་ཀྱིས་བྲིས། 2022-02-16
སྤྱི་ཟླ2པའི་ཚེས15ཉིན་གྱི་ཆུ་ཚོད14དང་སྐར་མ20བར་ལ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྤེལ་ནས་ཉིན12སོང་བ་དང་། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་ལ་གསེར་གྱི་རྟགས་མ6དང་། དངུལ་གྱི་རྟགས་མ4། ཟངས་ཀྱི་རྟགས་མ2བཅས་བསྡོམས་པས་གཟེངས་རྟགས12ཐོབ་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་ཐེངས་དང་པོར་འགྲན་ཞུགས་རྣམ་གྲངས་ཆེ་རིགས7དང་བྱེ་བྲག་གི་རིགས15ཡི་ཁྲོད་དུ་ཞུགས་ཡོད་ཅིང་། དེའི་ནང་གི་ཚན་ཆུང35དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཐོག་མར་ཞུགས་ཡོད་པ་རེད།
ཐེངས་འདིའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ནི་གྲོན་ཆུང་ཡིན་ལ་ཉེན་ཁ་མེད་པ་དང་། ངོ་མཚར་ཆེ་བའི་ཁྱད་ཆོས་ལྡན་པའི་ཐོག་ཀྲུང་གོའི་ལུགས་རྙིང་དཔྱིད་གསར་དུས་ཆེན་དང་འཁེལ་བར་བརྟེན། དཔྱིད་གསར་གྱི་ཆ་ཡིག་སྦྱར་བ་དང་ཆུ་མོག་ཟ་བ། དེ་བཞིན་འཛམ་གླིང་ན་སྐད་གྲགས་ཆོད་པའི་བཀྲ་ཤིས་གཡང་རྟེན་པེང་ཏུན་ཏུན་སོགས་ཀྲུང་གོའི་རིག་གནས་ཀྱི་གྲུབ་ཆ་ཕུན་སུམ་ཚོགས་པོ་འཛོམས་ཡོད་པ་རེད།
ད་སྔའི་བར་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་གསེར་གྱི་གཟེངས་རྟགས་ཆེས་མང་ཤོས་ཐོབ་མཁན་ནི་ནོ་ཝེ་རྒྱབ་ཁབ་ཡིན་ཞིང་། གསེར་གྱི་རྟགས་མ12ཐོབ་ཡོད། དེའི་རྗེས་འཇར་པན་རྒྱལ་ཁབ་ཡིན་ལ། གསེར་གྱི་རྟགས་མ9ཐོབ་ཡོད། དེའི་རྗེས་ཨ་རི་རྒྱལ་ཁབ་ཡིན་ལ། གསེར་གྱི་རྟགས་མ7ཐོབ་ཡོད། དེའི་རྗེས་ཨོ་ཏེ་ལི་དང་ཧོ་ནན།ཀྲུང་གོ་བཅས་ཡིན་ཞིང་། སོ་སོར་གསེར་གྱི་རྟགས་མ6ཐོབ་ཡོད་པ་རེད།
གཤམ་ལ་རང་རེའི་རྒྱལ་ཁབ་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་གྱི་ལུས་རྩལ་འགྲན་ཞུགས་པ་སོ་སོའི་བརྗིད་ཉམས་ལ་ལྟད་མོ་ཞིག་ལྟ།
ཚེས15ཉིན་ལ། སུའུ་དབྱི་མིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཤུད་པང་ཡ་གཅིག་གི་གངས་ཤུད་སྐྱེས་པའི་མཆོང་འཕུར་ཆེན་པོའི་ཁྲོད་དུ་གསེར་གྱི་རྟགས་མ་བླངས་པ་དང་། ཁོང་ནི་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཀྲུང་གོའི་ལོ་ན་ཆེས་ཆུང་བའི་གསེར་གྱི་རྟགས་མ་ལེན་མཁན་ཡིན་ཞིང་ཀྲུང་གོའི་གསེར་གྱི་རྟགས་མ་དྲུག་པ་ཡིན་པ་རེད།
ཚེས14ཉིན་ལ། ཀྲུང་གོའི་འགྲན་ཞུགས་པ་ཞུས་མུའུ་ཐའོ་ཡིས་རང་དབང་ཅན་གྱི་གངས་ཤུད་བུད་མེད་མཁའ་རྩལ་མཇུག་འགྲན་ཁྲོད་དུ་གསེར་གྱི་རྟགས་མ་བླངས་ཤིང་དེ་ནི་ཀྲུང་གོའི་གསེར་གྱི་རྟགས་མ་ལྔ་པ་ཡིན་པ་རེད།
ཚེས12ཉིན་ལ།ཀྲུང་གོའི་འགྲན་ཞུགས་པ་ཀའོ་ཐིང་ཡུས་ཀྱིས་མྱུར་ཚད་འཁྱག་ཤུད་སྐྱེས་པའི་སྨི500ཡི་མཇུག་འགྲན་ཁྲོད་དུ་གསེར་གྱི་རྟགས་མ་བླངས་ཤིང་དེ་ནི་ཀྲུང་གོའི་གསེར་གྱི་རྟགས་མ་བཞི་པ་ཡིན་པ་རེད།
ཚེས8ཉིན་ལ། ཀུའུ་ཨེ་ལིན་རང་དབང་ཅན་གྱི་གངས་ཤུད་མཆོང་སྟེགས་འགྲན་བསྡུར་ཁྲོད་དུ་ཞུགས་ནས་གསེར་གྱི་རྟགས་མ་བླངས་ཤིང་།དེ་ནི་ཀྲུང་གོའི་གསེར་གྱི་རྟགས་མ་གསུམ་པ་ཡིན་པ་རེད།
ཚེས7ཉིན་ལ། ཐག་ཐུང་མྱུར་ཤུད་སྐྱེས་པའི་སྨི1000ཡི་མཇུག་འགྲན་ཁྲོད་དུ་ཀྲུང་གོའི་འགྲན་ཞུགས་པ་རེན་ཙི་ཝེ་ཡིས་གསེར་གྱི་རྟགས་མ་བླངས་ཤིང་། དེ་ནི་ཀྲུང་གོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་གཉིས་པ་ཡིན་པ་རེད།
ཚེས5ཉིན་ལ། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་འགྲན་ཞུགས་པ་ཆུས་ཁྲུན་ཡུས་དང་ཧྥན་ཁོ་ཞིན། ཀྲང་ཡུས་ཐིང་། ཝུའུ་ཏ་ཅིན། རེན་ཙི་ཝེ་བཅས་ཐག་ཐུང་མྱུར་ཤུད་འགྲན་བསྡུར་མཉམ་འདྲེས་མཐུད་རྒྱུག་སྨི2000འགྲན་རྩོད་ཁྲོད་དུ་ཞུགས་ནས་གསེར་གྱི་རྟགས་མ་བླངས་ཤིང་། དེ་ནི་ཀྲུང་གོའི་གསེར་གྱི་རྟགས་མ་ཐོག་མ་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10