ཨ་ཆུང་ཞལ་འབག་བཟོ་རྩལ་ལ་དཔྱད་པའི་གཏམ་ཐོར་བུ་བ།

པདྨ་ནོར་བུས་བྲིས།        2022-02-15

   ཨ་ཆུང་ཞལ་འབག་བཟོ་རྩལ་ལ་དཔྱད་པའི་གཏམ་ཐོར་བུ་བ།

  ཨ་ཆུང་ཞལ་འབག་བཟོ་རྩལ་ལས། ཞལ་འབག་གི་རིགས་ལ་འཆམ་གྱི་ཞལ་འབག་དང་། དཔྱང་འགེལ་ཞལ་འབག  ཨ་ལྕེ་ལྷ་མོའི་ཞལ་འབག་བཅས་དབྱེ་བ་གསུམ་དང་།  གསེར་འབག་དང་། དངུལ་འབག ཟངས་འབག་སོགས་ཞུ་བའི་ཁམས་ཀྱི་རིན་པོ་ཆེའི་རིགས་ཀྱི་རྒྱུ་ལས་གྲུབ་པའི་ཞལ་འབག་དང་། གཡུ་དང་། བྱུ་རུ། མུ་ཏིག་སོགས་མི་ཞུ་བའི་ཁམས་ཀྱི་རིན་པོ་ཆེ་བསྟར་ལ་བརྒྱུས་པའི་ཞལ་འབག དེ་མིན་ཤིང་དང་། ཤོག་སེར། སེང་རས། དར་སེང་།  ཕྱིང་བལ་སོགས་ཀྱི་རྒྱུ་ལས་གྲུབ་པའི་འབག་སོགས་ཡོད་པར་འཁོད་འདུག  

    ཁོ་བོས་འདིར་བཀོད་པ་ནི་འཆམ་གྱི་ཞལ་འབག་དང་འབྲེལ་བའི་ཨ་ཆུང་གིས་བཅས་པའི་ཞལ་འབག་གཞི་བྱས་ནས་བོད་ཡུལ་གྱི་འཆམ་འབག་ལ་གཞིགས་པའི་རྩོམ་ཐུང་ཞིག་ཡིན་ལ། བོད་ཡུལ་འཆམ་གྱི་ཞལ་འབག་མང་ཆེ་བ་གེ་སར་དང་། གླིང་གི་དཔའ་རྟུལ་ཕུ་ནུ། ཡུལ་ལྷ་དང་གཞི་བདག་གི་སྐོར།  ཆོས་སྐྱོང་སྲུང་མའི་འབག་སོགས་རིགས་མི་འདྲ་བ་དུ་མ་ཞིག་ཡོད་པ་མཐོང་། ཞལ་འབག་དེ་དག་གི་ཁྲོད་དུ་ཐོད་སྐམ་ཅན། ཀེང་མགོ་ཅན། ནོར་ཏོག་ཅན། ཁ་མེར་ཅན།  རྡོ་རྗེའི་དབུ་རྒྱན་དང་། ཨོག་ཚོམ།  སྨིན་མ་ཡོད་པའི་དྲག་པོ་མྱིག་ཤ་ཅན་དང་།   ཐོད་སྐམ་དང་སྨར་སྨིན་ལྡན་པའི་ཁྲོ་བོ་ཁ་ཕོ་བཟླས་པ། མཆེ་བ་ངོམ་པ། སྤྱན་གསུམ་པ་སོགས་དྲག་པོ་དང་ཁྲོ་བོའི་ཞལ་འབག རིགས་ལྔ་དང་མེ་ཏོག་གིས་དབུ་རྒྱན་སྤྲས་པའི་མོ་སྨན་དང་ཞི་བའི་ཞལ་འབག  དར་སྣས་དཀྱུས་དཀྲིས་དང་།  རུ་དར་བཙུགས་པའི་གླིག་གི་དཔའ་རྟུལ་དང་གཞི་བདག་གི་འཁོར་ཚོགས་སོགས་ཞི་མ་ཁྲོ་ཡི་ཞལ་འབག དེ་མིན་རལ་པ་ཅན་དང་། སྨ་ར་ཡོད་པ་སོགས་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པའི་ཞལ་འབག་འདི་དག་ནི་གནའ་བོའི་ཆེས་ཡིད་དབང་འཕྲོག་པའི་གདོད་མའི་མིའི་རིགས་ཀྱི་རྩོམ་ཆོས་གསོན་པོ་དག་དུས་རབས་དང་གོམ་པ་མཉམ་བགྲོད་ཀྱིས་བཅས་ཡོད་པ་ཞིག་ཡིན་ངེས། ས་དང་བསེ་རས་ཀྱིས་བཟོ་བསྐྲུན་བྱས་པའི་ཕུལ་བྱུང་གི་ཞལ་འབག་འདི་དག་གིས། མིའི་རིགས་ཀྱི་སྒྱུ་རྩལ་རྩོམ་ཆོས་ཁྲོད་དུ་ས་བཅད་ཆེན་པོ་ཞིག་བཟུང་ཡོད།  འདི་ནི་གནས་བོའི་ལག་ཤེས་ཀྱི་སྙིང་བཅུད་དང་།  དེང་རབས་རིག་དངོས་ཀྱི་དྭངས་མ་ལྟ་བུ་ཞིག་ཀྱང་ཡིན་སྲིད། ཞལ་འབག་ཁ་ཤས་ནི་གཙུག་ཏོར་ཅན་དང་ནོར་ཏོག་ཅན།  ལ་ཐོད་ཅན། ལྟག་སྤུད་ཅན་སོགས་ཡོད་པ་འདིས་མིའི་རིགས་ལ་རྣམ་པ་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་མཚོན་གྱིན་ཡོད་པ་འདྲ།   དེ་བཞིན་ངོ་གདོང་དཀར་དམར་སོགས་ཀྱིས་ཞི་དྲག་གི་ཉམས་འབུར་དུ་ཐོན་འདུག། ཁ་དོག་དང་གཟུགས་དབྱིབས་ཀྱིས་མཚོན་པའི་མི་དང་སྲོག་ཆགས་ཀྱི་ཞལ་འབག་འདི་དག་གིས།  ཆེས་སྤྱིར་བཏང་བའི་མི་ལ་ཡ་མཚར་བའི་སྣང་བ་ཞིག་ཀྱང་སྟེར་སྲིད།  དེ་ནི་ཞལ་འབག་གི་སྒྲོམ་གཞི་གྲུབ་སྟངས་དང་།  གདོད་མའི་མིའི་རིགས་ཀྱི་བསམ་བློའི་འདུ་ཤེས་ཤིག་གི་ངོ་གདོང་མཚོན་གྱིན་ཡོད་པ་རེད། ཚོན་རིས་དང་འབུར་བཞེངས་གང་གི་ཐད་ནས་བལྟས་ཀྱང་།  ཨ་ཆུང་བཟོ་རྩལ་གྱིས་ལྟ་བ་པོའི་མིག་ལ་སྤྲོ་བ་ཞིག་སྟེར་ཐུབ།  དེ་ནི་ཕྱི་ནང་གི་རྒྱན་སྤྲས་སམ་དབྱིབས་ཚུགས་གཉིས་ཀ་དོ་མཉམ་པོ་ཞིག་ཏུ་སོང་ཡོད་པས་ཡིན་ངེས།

   《ཨ་ཆུང་ཞལ་འབག་བཟོ་རྩལ》ཞེས་པའི་དཔེ་དེབ་ནང་དུ་ཁྲོ་བོའི་ཞལ་འབག་དང་། ཞི་བའི་ཞལ་འབག ཞི་མ་ཁྲོ། དྲག་པོའི་ཞལ་འབག་སོགས་པར་རིས་སུམ་བརྒྱ་བདུན་བཅུ་ལྷག་ཤོག་ངོས་སུམ་བརྒྱ་ལྔ་བཅུ་ལྔ་གཅིག་ནང་དུ་བཀོད་འདུག  པར་རིས་དེ་དག་གི་ནང་དུ་རིགས་མི་འདྲ་བའི་ཞལ་འབག་གཉིས་བརྒྱ་ལ་ཉེ་བ་ཞིག་ཡོད་འདུག  དེ་དག་ས་བཅད་བཅུ་གསུམ་དུ་བགོས་ནས་བཤད་ཡོད་པ་ནི།  བོད་ཀྱི་ཞལ་འབག་ལག་ལེན་རྣམ་བཤད་དང་།  ཐིག་ཡིག་རབ་གསལ་ཉི་མ། གླིང་རྗེ་གེ་སར་རྒྱལ་པོའི་ཞལ་འབག  གླིང་གི་མོ་སྨན་གྱི་སྐོར། གླིག་ལྷའི་སྐོར།  གླིང་གི་དཔལ་རྟུལ་ཞི་བའི་སྐོར།  གླིང་གི་དཔའ་རྟུལ་རྒྱས་པའི་སྐོར།  གླིང་གི་དཔའ་རྟུལ་དབང་གི་སྐོར།  གླིང་གི་དཔའ་རྟུལ་དྲག་པོའི་སྐོར།  རླུང་རྟའི་སྐོར།  གུ་རུ་མཚན་བརྒྱད་ཀྱི་སྐོར། ཚེས་བཅུའི་གར་འཆམ་དང་། ཕུར་ཆེན་གར་འཆམ་གྱི་སྐོར་སོགས་རྫོགས་ཆེན་དགོན་པའི་འཆམ་གྱི་སྐོར་གཙོ་བོ་བྱས་ནས་བཅའ་བཟོ་བྱས་ཡོད་པ་ཞིག་རེད།  ཞལ་འབག་འདི་དག་དགོན་ཁག་མི་གཅིག་པའི་ས་གནས་སོ་སོར་ཡོད་ཀྱང་།  འཆམ་འདི་རྫོགས་ཆེན་དགོན་པའི་འཆམ་དང་འབྲེལ་བ་ཡོད་པ་ཞིག་རེད་འདུག  ཞལ་འབག་འདི་དག་རྫོགས་ཆེན་དགོན་པའི་ཞལ་འབག་ལ་ལེགས་ཟློས་བྱས་ནས་དགོན་ཁག་མི་གཅིག་པ་སོ་སོར་མཆེད་སོང་བ་འདྲ་བོ་ཞིག་ཆགས་འདུག  དེའང་ལོས་ཡིན་ཏེ་རྫོགས་ཆེན་གེ་སར་འབག་འཆམ་ནི་བོད་ཡུལ་གྱི་ལོ་རྒྱུས་ཆེས་རིང་བའི་གེ་སར་གར་འཆམ་དང་། འབག་འཆམ་ཐོག་མ་དར་ས་དེ་ཡིན་པས་རེད།  བོད་ཡུལ་གྱི་གེ་སར་གར་འཆམ་དང་འབག་འཆམ་གཉིས་ཀྱི་ཐོག་མ་དར་ས་དེ་ནི་རྫོགས་ཆེན་དགོན་པ་ཡིན་པ་མ་ཚད་འཛམ་གླིང་དུ་གེ་སར་འཆམ་གྱི་སྲོལ་ཐོག་མ་བཏོད་མཁན་དེའང་རྫོགས་ཆེན་ཡིན་ཞེས་བཤད་ན་འདྲ་ཆགས་པོ་འདུག   བོད་ཡུལ་ནི་གེ་སར་ལོ་རྒྱུས་དང་གེ་སར་འཆམ་གྱི་ཐོག་མའི་འབྱུང་ཁུངས་ཡིན་སྟབས། འཛམ་གླིང་ན་གེ་སར་གར་འཆམ་གྱི་སྟོང་ཆ་ཞིག་ལུས་ཡོད་པ་དེ་ནི་རྫོགས་ཆེན་དགོན་པས་ཁ་སྐོང་བྱས་ཡོད་པ་རེད་ཅེས་བཤད་ཀྱང་ཆོག། 

    ཨ་ཆུང་ཞལ་འབག་གི་ཁྲོད་དུ་གསེར་དངུལ་གྱི་ཀེང་མགོ་དང་སྨ་ར་ཡོད་པའི་ཕུར་བ་རྡོ་རྗེ་གཞོན་ནུའི་གསེར་འབག་དང་།  གནོད་སྦྱིན་ཙིའུ་དམར་པོའི་གསེར་འབག  གླིང་རྗེ་གེ་སར་རྒྱལ་པོའི་ཞལ་འབག་དེ་ཚོ་མཇལ་ཐེངས་རེ་ལ།  འདི་དག་ནི་རིན་ཐང་བཞལ་དུ་མེད་པའི་རིག་དངོས་རྩ་ཆེན་ཞིག་ཅི་ལ་མིན་འདོད།  ཞལ་འབག་བཟོ་རྩལ་འདི་ནི་མ་མཐའ་ཡང་ལོ་ངོ་བརྒྱ་སྟོང་མང་བོའི་ལག་ཤེས་ཀྱི་བརྒྱུད་རིམ་ཁྲོད་ནས་ངོ་མཚར་གྱི་གཏམ་རྒྱུད་དག་དང་འབྲེལ་བའི་ཤེས་བྱ་གསོན་པོ་ཞིག་ཡིན་སྟབས།  ཞལ་འབག་བཟོ་རྩལ་དང་འབྲེལ་བའི་གཏམ་རྒྱུད་ལ་ལོ་རྒྱུས་ཀྱི་གསང་བ་དང་།  དངོས་ཡོད་འཚོལ་བའི་བདེན་དོན་གྱི་སྟོང་ཆ་ཞིག་ཀྱང་ལུས་ཡོད་སྲིད། 

    ཁོ་བོ་བཟོ་རྩལ་ལ་དགའ་བ་ཙམ་ལས་བཟོ་རྩལ་ལ་རྒྱུས་མངའ་ཆེ་བའི་མི་ཞིག་མིན་ཡང་།  ལྷ་བཟོ་ཨ་ཆུང་ལགས་ལ་དངོས་སུ་བཅར་འདྲི་བྱས་པ་སྒྲ་བླངས་ཏེ་གོ་བདེ་བའི་ཐ་སྙད་དག་བཀོད་ནས་བྲིས་པ་ཡིན་པས།  བཟོ་རིག་ལག་ལེན་གྱི་ཁོངས་སུ་གཏོགས་པའི་ཞལ་འབག་བཟོ་རྩལ་བ་ཞིག་ལ་དགོས་ངེས་ཀྱི་ལེགས་པའི་ཆ་ཤས་ཕྲན་བུ་རེ་ཡོད་སྲིད།

ཨ་ཆུང་ཞལ་འབག་བཟོ་རྩལ་ལ་དཔྱད་པའི་གཏམ་ཐོར་བུ་བ།
ཨ་ཆུང་ཞལ་འབག་བཟོ་རྩལ་ལ་དཔྱད་པའི་གཏམ་ཐོར་བུ་བ།
གནོད་སྦྱིན་རྩིའུ་དམར་པོའི་གསེར་འབག

དང་པོ། འཆམ་གྱི་ཞལ་འབག་གི་རྒྱུ་ཆ་དར་སེང་སེང་རས་བཤད་པ།

   ལྷ་བཟོ་ཨ་ཆུང་གིས་འཆམ་དཔོན་གྱི་འབག་ལ་རིན་ཐང་དང་རྩིས་མཐོང་མཐོན་པོ་ཡོད་དགོས་སྟབས།  འཆམ་དཔོན་གྱི་ཞལ་འབག་དར་སེང་གིས་ལས་ན་རིན་ཐང་ཆེ་བ་དང་། བལྟས་ན་ཡག་པོ་ཡོད་ཅེས་པ་དང་། ཕལ་བའི་འཆམ་དང་འཆམ་གཞུག་དེ་དག་གི་འབག་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པས་འཆམ་དཔོན་གྱི་འབག་ཅེས་མིང་བཏག་ཡོད་པ་རེད་ཟེར།  འཆམ་དཔོན་གྱི་ཞལ་འབག་གི་རས་ཀྱང་འཆམ་གཞུག་གི་འབག་དང་འདྲ་མ་རེད།  ཕལ་བའི་འབག་ནི་གུར་རས་དང་དོས་རས་སོགས་རས་རྐྱང་ལྷོད་པོས་ལས་ཡོད་པ་མང་ལ། གུར་རས་དང་དོས་རས་རྣམས་ནི་འཇིམ་འབག་གིས་བཅས་པའི་པར་གཞི་ངོས་སུ་སྦྱར་དུས་ཕྱོགས་གཅིག་ཏུ་མི་འདུས་བར་འབུར་གཤོང་སོང་སླ་བས་གུར་རས་དང་དོས་རས་སོགས་ཀྱིས་ཞལ་འབག་མང་ཆེ་བ་ལས་སྲོལ་ཡོད་པ་རེད་ཅེས་གསུངས། 

   ཨ་ཆུང་གིས་མུ་མཐུད་དེ་དར་འབག་དང་གསེར་འབག་བཅའ་ལུགས་བཤད་སྐབས། འཆམ་དཔོན་གྱི་འབག་ལ་ཕུར་བ་རྡོ་རྗེ་གཞོན་ནུ་དང་།  རྩིའུ་དམར་གཉིས་ཀྱི་ཁ་མེར་མྱིག་མེར་སོགས་ཟངས་གསེར་ཀྱིས་མགར་ནས་དར་འབག་ཞེས་དར་རས་སམ་དར་སེང་གིས་ལས་པ་ཡིན་ལ། དར་འབག་ནི་འཆམ་དཔོན་གྱི་འབག་དང་། ཁྱིམ་གྱི་ཀ་འབག་སོགས་ཧ་ཅང་རྒྱས་པའི་ཞལ་འབག་ལ་དར་འབག་འདི་ལས་སྲོལ་ཡོད།  དར་འབག་ནི་ཕལ་བའི་འབག་གི་བསྡུ་ཁ་དང་། རྒྱུ་ཆ་མི་འདྲ་སྟབས་ཆེད་དམིགས་སམ་ཆེད་བསྟོད་ཀྱིས་ལས་པའི་ཞལ་འབག་ཅིག་ཡིན། དར་འབག་ལས་ཚར་བའི་རྗེས་སུ་གྲང་གསེར་གྱིས་ཚོན་རྩི་བྱུག་ནས་དབུར་བརྒྱབ་པ་ཞེས་གཟི་སོགས་རིན་པོ་ཆེ་ཡིས་བརྡར་ནས་འཕུར་འཕུར抛光བྱས་ཏེ་འོད་འདོན་པ།   དེ་ནས་ཚོན་རྩི་རྒྱག་དུས་རྩིའུ་དམར་ཞལ་ངོ་དམར་པོ་ཡིན་པས་ཐོག་མར་ཁ་ཆེ་ཤ་སྐམ་ཆུ་ཡིས་སྦྱོང་ནས་མདངས་དམར་སེར་བླངས་པ་དང་། ༼  ཇོ་བོའི་རིག་ལྔ་སོགས་མདོག་དམར་སེར་ཁ་ཆེ་ཤ་སྐམ་གྱིས་ལེན་གྱིན་ཡོད༽ དེ་ནས་ཐང་གའི་གོས་རིས་དམར་པོ་དང་།  མེ་ཏོག་གི་མདོག་དམར་སེར་སོགས་དམར་པོ་དང་ལི་ཁྲིའི་རིགས་རྣམས་རྒྱ་སྐྱེགས་ཀྱིས་མདངས་ལེན་ཀྱིན་ཡོད་སྟབས། ཞི་མཁན་མེད་ན་རྒྱ་སྐྱེགས་ཆུ་དང་འདྲ་ཞེས་པ་བཞིན་ཞུ་མཁན་གྱི་ལོ་མས་རྒྱ་སྐྱེགས་ཕབས་ནས། ཤ་མདངས་ལེན་པ་དང་།  མདངས་བརྒྱབ་པ་ཡིན་ཞེས་པ་དང་།  བལྟས་ན་མདོག་དམར་བོ་ཡིན་ཡང་གཏིང་ནས་གསེར་ཞག་འཚུབ་ཀྱིན་ཡོད་པས་མདངས་ཧ་ཅང་ཡག་པོ་ཡོད་འདུག་ཅེས་པ་དང་། ཕུར་བ་རྡོ་རྗེ་གཞོན་ནུའི་ཞལ་ངོ་སྔོན་པོ་ཡིན་པས་ཐོག་མར་གྲང་གསེར་བྱུག་པ་དང་། དེ་ནས་རམས་ཀྱིས་ཤ་མདངས་བརྒྱབ་པས་ཞལ་ངོ་སྔོན་པོ་ཡིན། རམས་ནི་ཐང་གའི་གོས་རིས་སྔོན་པོ་དང་ལྗང་ཁུ། མེ་ཏོག་གི་ཟར་ལོ་དང་།  ཤིང་ལོ། ནམ་མཁའ་སོགས་ཀྱི་མདངས་ལེན་པའི་རྩི་ཤིང་རིགས་ཀྱི་ཚོན་རྩི་ཞིག་ཡིན་ཞེས་པ་དང་།  དེའང་གཏིང་ན་གསེར་ཞག་འཚུབ་ཀྱིན་ཡོད་པས་མདངས་ཧ་ཅང་ཡག་པོ་ཡོད་ཅེས་བཤད། ཡང་ཁོང་གིས་གསེར་འབག་ལས་པའི་ངག་རྒྱུན་འདི་འདྲ་ཞིག་བཤད་རྒྱུ་འདུག་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྐུ་དུས་སུ་ཕུར་བ་རྡོ་རྗེ་དྲགས་དོན་དང་།  ཕུར་བ་རྡོ་རྗེ་གཞོན་ནུ་གཉིས་ཀྱི་ཞལ་འབག་བརྗེས་ནས་བཅའ་དུས། ལྷ་བཟོ་རིག་འཛིན་ངག་དབང་ཟེར་བ་ཞིག་ཡོད་རེད། དེ་ནི་དགེ་རྒན་ཐུབ་བསྟན་འོད་གསལ་གྱི་དགེ་རྒན་ཡིན།  རིག་འཛིན་ངག་དབང་ལ་རྡོ་རྗེ་དྲགས་དོན་གྱི་ཞལ་འབག་བཅའ་རུ་བཅུག་པ་དང་།  ལྷ་བཟོ་མཆོག་གྲུབ་ལ་རྡོ་རྗེ་གཞོན་ནུའི་ཞལ་འབག་བཅའ་རུ་བཅུག་པ་རེད། ལྷ་བཟོ་མཆོག་གྲུབ་ཀྱང་སྐབས་དེར་མིང་གྲགས་ཡོད་པའི་ལྷ་བཟོ་ཞིག་རེད། ཁོང་གིས་བྲིས་པའི་ཕྱག་བྲིས་ཁ་ཤས་ད་དུ་མཇལ་རྒྱུ་འདུག་ཅེས་པ་དང་། རིག་འཛིན་ངག་དབང་གིས་ཕུར་བ་རྡོ་རྗེ་དྲགས་དོན་དམར་སེར་གསེར་ཞགས་འཚུབ་པ་ཞིག་བཅས་ཡོད་པས་ཐུགས་ཧ་ཅང་དགྱེས་ཀྱང་།  ལྷ་བཟོ་མཆོག་གྲུབ་ཀྱིས་སྤྱིར་བཏང་གི་ཚོན་རྩི་ལས་གསེར་འབག་བཅའ་ཐུབ་མེད་སྟབས་དེ་འདྲ་ཐུགས་དགྱེས་པོ་མ་བྱུང་བས་ལྷ་བཟོ་རིག་འཛིན་ངག་དབང་ལ་ཁོང་གིས་ངེས་པ་དུ་གསེར་འབག་གི་ལག་ལེན་འདི་གཞན་ལ་སློབ་དགོས་པའི་སྐུལ་མ་ཡང་ཡང་བྱས་མཐར་གསེར་འབག་གི་ལག་ལེན་དམར་ཁྲིད་ ཨ་ཆུང་ཞལ་འབག་བཟོ་རྩལ་ལས། ཞལ་འབག་གི་རིགས་ལ་འཆམ་གྱི་ཞལ་འབག་དང་། དཔྱང་འགེལ་ཞལ་འབག  ཨ་ལྕེ་ལྷ་མོའི་ཞལ་འབག་བཅས་དབྱེ་བ་གསུམ་དང་།  གསེར་འབག་དང་། དངུལ་འབག ཟངས་འབག་སོགས་ཞུ་བའི་ཁམས་ཀྱི་རིན་པོ་ཆེའི་རིགས་ཀྱི་རྒྱུ་ལས་གྲུབ་པའི་ཞལ་འབག་དང་། གཡུ་དང་། བྱུ་རུ། མུ་ཏིག་སོགས་མི་ཞུ་བའི་ཁམས་ཀྱི་རིན་པོ་ཆེ་བསྟར་ལ་བརྒྱུས་པའི་ཞལ་འབག དེ་མིན་ཤིང་དང་། ཤོག་སེར། སེང་རས། དར་སེང་།  ཕྱིང་བལ་སོགས་ཀྱི་རྒྱུ་ལས་གྲུབ་པའི་འབག་སོགས་ཡོད་པར་འཁོད་འདུག  

ཁོ་བོས་འདིར་བཀོད་པ་ནི་འཆམ་གྱི་ཞལ་འབག་དང་འབྲེལ་བའི་ཨ་ཆུང་གིས་བཅས་པའི་ཞལ་འབག་གཞི་བྱས་ནས་བོད་ཡུལ་གྱི་འཆམ་འབག་ལ་གཞིགས་པའི་རྩོམ་ཐུང་ཞིག་ཡིན་ལ། བོད་ཡུལ་འཆམ་གྱི་ཞལ་འབག་མང་ཆེ་བ་གེ་སར་དང་། གླིང་གི་དཔའ་རྟུལ་ཕུ་ནུ། ཡུལ་ལྷ་དང་གཞི་བདག་གི་སྐོར།  ཆོས་སྐྱོང་སྲུང་མའི་འབག་སོགས་རིགས་མི་འདྲ་བ་དུ་མ་ཞིག་ཡོད་པ་མཐོང་། ཞལ་འབག་དེ་དག་གི་ཁྲོད་དུ་ཐོད་སྐམ་ཅན། ཀེང་མགོ་ཅན། ནོར་ཏོག་ཅན། ཁ་མེར་ཅན།  རྡོ་རྗེའི་དབུ་རྒྱན་དང་། ཨོག་ཚོམ།  སྨིན་མ་ཡོད་པའི་དྲག་པོ་མྱིག་ཤ་ཅན་དང་།   ཐོད་སྐམ་དང་སྨར་སྨིན་ལྡན་པའི་ཁྲོ་བོ་ཁ་ཕོ་བཟླས་པ། མཆེ་བ་ངོམ་པ། སྤྱན་གསུམ་པ་སོགས་དྲག་པོ་དང་ཁྲོ་བོའི་ཞལ་འབག རིགས་ལྔ་དང་མེ་ཏོག་གིས་དབུ་རྒྱན་སྤྲས་པའི་མོ་སྨན་དང་ཞི་བའི་ཞལ་འབག  དར་སྣས་དཀྱུས་དཀྲིས་དང་།  རུ་དར་བཙུགས་པའི་གླིག་གི་དཔའ་རྟུལ་དང་གཞི་བདག་གི་འཁོར་ཚོགས་སོགས་ཞི་མ་ཁྲོ་ཡི་ཞལ་འབག དེ་མིན་རལ་པ་ཅན་དང་། སྨ་ར་ཡོད་པ་སོགས་སྒྱུ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པའི་ཞལ་འབག་འདི་དག་ནི་གནའ་བོའི་ཆེས་ཡིད་དབང་འཕྲོག་པའི་གདོད་མའི་མིའི་རིགས་ཀྱི་རྩོམ་ཆོས་གསོན་པོ་དག་དུས་རབས་དང་གོམ་པ་མཉམ་བགྲོད་ཀྱིས་བཅས་ཡོད་པ་ཞིག་ཡིན་ངེས། ས་དང་བསེ་རས་ཀྱིས་བཟོ་བསྐྲུན་བྱས་པའི་ཕུལ་བྱུང་གི་ཞལ་འབག་འདི་དག་གིས། མིའི་རིགས་ཀྱི་སྒྱུ་རྩལ་རྩོམ་ཆོས་ཁྲོད་དུ་ས་བཅད་ཆེན་པོ་ཞིག་བཟུང་ཡོད།  འདི་ནི་གནས་བོའི་ལག་ཤེས་ཀྱི་སྙིང་བཅུད་དང་།  དེང་རབས་རིག་དངོས་ཀྱི་དྭངས་མ་ལྟ་བུ་ཞིག་ཀྱང་ཡིན་སྲིད། ཞལ་འབག་ཁ་ཤས་ནི་གཙུག་ཏོར་ཅན་དང་ནོར་ཏོག་ཅན།  ལ་ཐོད་ཅན། ལྟག་སྤུད་ཅན་སོགས་ཡོད་པ་འདིས་མིའི་རིགས་ལ་རྣམ་པ་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པ་མཚོན་གྱིན་ཡོད་པ་འདྲ།   དེ་བཞིན་ངོ་གདོང་དཀར་དམར་སོགས་ཀྱིས་ཞི་དྲག་གི་ཉམས་འབུར་དུ་ཐོན་འདུག། ཁ་དོག་དང་གཟུགས་དབྱིབས་ཀྱིས་མཚོན་པའི་མི་དང་སྲོག་ཆགས་ཀྱི་ཞལ་འབག་འདི་དག་གིས།  ཆེས་སྤྱིར་བཏང་བའི་མི་ལ་ཡ་མཚར་བའི་སྣང་བ་ཞིག་ཀྱང་སྟེར་སྲིད།  དེ་ནི་ཞལ་འབག་གི་སྒྲོམ་གཞི་གྲུབ་སྟངས་དང་།  གདོད་མའི་མིའི་རིགས་ཀྱི་བསམ་བློའི་འདུ་ཤེས་ཤིག་གི་ངོ་གདོང་མཚོན་གྱིན་ཡོད་པ་རེད། ཚོན་རིས་དང་འབུར་བཞེངས་གང་གི་ཐད་ནས་བལྟས་ཀྱང་།  ཨ་ཆུང་བཟོ་རྩལ་གྱིས་ལྟ་བ་པོའི་མིག་ལ་སྤྲོ་བ་ཞིག་སྟེར་ཐུབ།  དེ་ནི་ཕྱི་ནང་གི་རྒྱན་སྤྲས་སམ་དབྱིབས་ཚུགས་གཉིས་ཀ་དོ་མཉམ་པོ་ཞིག་ཏུ་སོང་ཡོད་པས་ཡིན་ངེས།

ཨ་ཆུང་ཞལ་འབག་བཟོ་རྩལ་ལ་དཔྱད་པའི་གཏམ་ཐོར་བུ་བ།

ཐོག་སྐམ་དང་སྨར་སྨིན་ལྡན་པའི་ཁྲོ་བོའི་ཞལ་འབག་གི་རིགས།

  《ཨ་ཆུང་ཞལ་འབག་བཟོ་རྩལ》ཞེས་པའི་དཔེ་དེབ་ནང་དུ་ཁྲོ་བོའི་ཞལ་འབག་དང་། ཞི་བའི་ཞལ་འབག ཞི་མ་ཁྲོ། དྲག་པོའི་ཞལ་འབག་སོགས་པར་རིས་སུམ་བརྒྱ་བདུན་བཅུ་ལྷག་ཤོག་ངོས་སུམ་བརྒྱ་ལྔ་བཅུ་ལྔ་གཅིག་ནང་དུ་བཀོད་འདུག  པར་རིས་དེ་དག་གི་ནང་དུ་རིགས་མི་འདྲ་བའི་ཞལ་འབག་གཉིས་བརྒྱ་ལ་ཉེ་བ་ཞིག་ཡོད་འདུག  དེ་དག་ས་བཅད་བཅུ་གསུམ་དུ་བགོས་ནས་བཤད་ཡོད་པ་ནི།  བོད་ཀྱི་ཞལ་འབག་ལག་ལེན་རྣམ་བཤད་དང་།  ཐིག་ཡིག་རབ་གསལ་ཉི་མ། གླིང་རྗེ་གེ་སར་རྒྱལ་པོའི་ཞལ་འབག  གླིང་གི་མོ་སྨན་གྱི་སྐོར། གླིག་ལྷའི་སྐོར།  གླིང་གི་དཔལ་རྟུལ་ཞི་བའི་སྐོར།  གླིང་གི་དཔའ་རྟུལ་རྒྱས་པའི་སྐོར།  གླིང་གི་དཔའ་རྟུལ་དབང་གི་སྐོར།  གླིང་གི་དཔའ་རྟུལ་དྲག་པོའི་སྐོར།  རླུང་རྟའི་སྐོར།  གུ་རུ་མཚན་བརྒྱད་ཀྱི་སྐོར། ཚེས་བཅུའི་གར་འཆམ་དང་། ཕུར་ཆེན་གར་འཆམ་གྱི་སྐོར་སོགས་རྫོགས་ཆེན་དགོན་པའི་འཆམ་གྱི་སྐོར་གཙོ་བོ་བྱས་ནས་བཅའ་བཟོ་བྱས་ཡོད་པ་ཞིག་རེད།  ཞལ་འབག་འདི་དག་དགོན་ཁག་མི་གཅིག་པའི་ས་གནས་སོ་སོར་ཡོད་ཀྱང་།  འཆམ་འདི་རྫོགས་ཆེན་དགོན་པའི་འཆམ་དང་འབྲེལ་བ་ཡོད་པ་ཞིག་རེད་འདུག  ཞལ་འབག་འདི་དག་རྫོགས་ཆེན་དགོན་པའི་ཞལ་འབག་ལ་ལེགས་ཟློས་བྱས་ནས་དགོན་ཁག་མི་གཅིག་པ་སོ་སོར་མཆེད་སོང་བ་འདྲ་བོ་ཞིག་ཆགས་འདུག  དེའང་ལོས་ཡིན་ཏེ་རྫོགས་ཆེན་གེ་སར་འབག་འཆམ་ནི་བོད་ཡུལ་གྱི་ལོ་རྒྱུས་ཆེས་རིང་བའི་གེ་སར་གར་འཆམ་དང་། འབག་འཆམ་ཐོག་མ་དར་ས་དེ་ཡིན་པས་རེད།  བོད་ཡུལ་གྱི་གེ་སར་གར་འཆམ་དང་འབག་འཆམ་གཉིས་ཀྱི་ཐོག་མ་དར་ས་དེ་ནི་རྫོགས་ཆེན་དགོན་པ་ཡིན་པ་མ་ཚད་འཛམ་གླིང་དུ་གེ་སར་འཆམ་གྱི་སྲོལ་ཐོག་མ་བཏོད་མཁན་དེའང་རྫོགས་ཆེན་ཡིན་ཞེས་བཤད་ན་འདྲ་ཆགས་པོ་འདུག   བོད་ཡུལ་ནི་གེ་སར་ལོ་རྒྱུས་དང་གེ་སར་འཆམ་གྱི་ཐོག་མའི་འབྱུང་ཁུངས་ཡིན་སྟབས། འཛམ་གླིང་ན་གེ་སར་གར་འཆམ་གྱི་སྟོང་ཆ་ཞིག་ལུས་ཡོད་པ་དེ་ནི་རྫོགས་ཆེན་དགོན་པས་ཁ་སྐོང་བྱས་ཡོད་པ་རེད་ཅེས་བཤད་ཀྱང་ཆོག། 

   ཨ་ཆུང་ཞལ་འབག་གི་ཁྲོད་དུ་གསེར་དངུལ་གྱི་ཀེང་མགོ་དང་སྨ་ར་ཡོད་པའི་ཕུར་བ་རྡོ་རྗེ་གཞོན་ནུའི་གསེར་འབག་དང་།  གནོད་སྦྱིན་ཙིའུ་དམར་པོའི་གསེར་འབག  གླིང་རྗེ་གེ་སར་རྒྱལ་པོའི་ཞལ་འབག་དེ་ཚོ་མཇལ་ཐེངས་རེ་ལ།  འདི་དག་ནི་རིན་ཐང་བཞལ་དུ་མེད་པའི་རིག་དངོས་རྩ་ཆེན་ཞིག་ཅི་ལ་མིན་འདོད།  ཞལ་འབག་བཟོ་རྩལ་འདི་ནི་མ་མཐའ་ཡང་ལོ་ངོ་བརྒྱ་སྟོང་མང་བོའི་ལག་ཤེས་ཀྱི་བརྒྱུད་རིམ་ཁྲོད་ནས་ངོ་མཚར་གྱི་གཏམ་རྒྱུད་དག་དང་འབྲེལ་བའི་ཤེས་བྱ་གསོན་པོ་ཞིག་ཡིན་སྟབས།  ཞལ་འབག་བཟོ་རྩལ་དང་འབྲེལ་བའི་གཏམ་རྒྱུད་ལ་ལོ་རྒྱུས་ཀྱི་གསང་བ་དང་།  དངོས་ཡོད་འཚོལ་བའི་བདེན་དོན་གྱི་སྟོང་ཆ་ཞིག་ཀྱང་ལུས་ཡོད་སྲིད། 

   ཁོ་བོ་བཟོ་རྩལ་ལ་དགའ་བ་ཙམ་ལས་བཟོ་རྩལ་ལ་རྒྱུས་མངའ་ཆེ་བའི་མི་ཞིག་མིན་ཡང་།  ལྷ་བཟོ་ཨ་ཆུང་ལགས་ལ་དངོས་སུ་བཅར་འདྲི་བྱས་པ་སྒྲ་བླངས་ཏེ་གོ་བདེ་བའི་ཐ་སྙད་དག་བཀོད་ནས་བྲིས་པ་ཡིན་པས།  བཟོ་རིག་ལག་ལེན་གྱི་ཁོངས་སུ་གཏོགས་པའི་ཞལ་འབག་བཟོ་རྩལ་བ་ཞིག་ལ་དགོས་ངེས་ཀྱི་ལེགས་པའི་ཆ་ཤས་ཕྲན་བུ་རེ་ཡོད་སྲིད།

དང་པོ། འཆམ་གྱི་ཞལ་འབག་གི་རྒྱུ་ཆ་དར་སེང་སེང་རས་བཤད་པ།

ལྷ་བཟོ་ཨ་ཆུང་གིས་འཆམ་དཔོན་གྱི་འབག་ལ་རིན་ཐང་དང་རྩིས་མཐོང་མཐོན་པོ་ཡོད་དགོས་སྟབས།  འཆམ་དཔོན་གྱི་ཞལ་འབག་དར་སེང་གིས་ལས་ན་རིན་ཐང་ཆེ་བ་དང་། བལྟས་ན་ཡག་པོ་ཡོད་ཅེས་པ་དང་། ཕལ་བའི་འཆམ་དང་འཆམ་གཞུག་དེ་དག་གི་འབག་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་པས་འཆམ་དཔོན་གྱི་འབག་ཅེས་མིང་བཏག་ཡོད་པ་རེད་ཟེར།  འཆམ་དཔོན་གྱི་ཞལ་འབག་གི་རས་ཀྱང་འཆམ་གཞུག་གི་འབག་དང་འདྲ་མ་རེད།  ཕལ་བའི་འབག་ནི་གུར་རས་དང་དོས་རས་སོགས་རས་རྐྱང་ལྷོད་པོས་ལས་ཡོད་པ་མང་ལ། གུར་རས་དང་དོས་རས་རྣམས་ནི་འཇིམ་འབག་གིས་བཅས་པའི་པར་གཞི་ངོས་སུ་སྦྱར་དུས་ཕྱོགས་གཅིག་ཏུ་མི་འདུས་བར་འབུར་གཤོང་སོང་སླ་བས་གུར་རས་དང་དོས་རས་སོགས་ཀྱིས་ཞལ་འབག་མང་ཆེ་བ་ལས་སྲོལ་ཡོད་པ་རེད་ཅེས་གསུངས། 

ཨ་ཆུང་གིས་མུ་མཐུད་དེ་དར་འབག་དང་གསེར་འབག་བཅའ་ལུགས་བཤད་སྐབས། འཆམ་དཔོན་གྱི་འབག་ལ་ཕུར་བ་རྡོ་རྗེ་གཞོན་ནུ་དང་།  རྩིའུ་དམར་གཉིས་ཀྱི་ཁ་མེར་མྱིག་མེར་སོགས་ཟངས་གསེར་ཀྱིས་མགར་ནས་དར་འབག་ཞེས་དར་རས་སམ་དར་སེང་གིས་ལས་པ་ཡིན་ལ། དར་འབག་ནི་འཆམ་དཔོན་གྱི་འབག་དང་། ཁྱིམ་གྱི་ཀ་འབག་སོགས་ཧ་ཅང་རྒྱས་པའི་ཞལ་འབག་ལ་དར་འབག་འདི་ལས་སྲོལ་ཡོད།  དར་འབག་ནི་ཕལ་བའི་འབག་གི་བསྡུ་ཁ་དང་། རྒྱུ་ཆ་མི་འདྲ་སྟབས་ཆེད་དམིགས་སམ་ཆེད་བསྟོད་ཀྱིས་ལས་པའི་ཞལ་འབག་ཅིག་ཡིན། དར་འབག་ལས་ཚར་བའི་རྗེས་སུ་གྲང་གསེར་གྱིས་ཚོན་རྩི་བྱུག་ནས་དབུར་བརྒྱབ་པ་ཞེས་གཟི་སོགས་རིན་པོ་ཆེ་ཡིས་བརྡར་ནས་འཕུར་འཕུར抛光བྱས་ཏེ་འོད་འདོན་པ།   དེ་ནས་ཚོན་རྩི་རྒྱག་དུས་རྩིའུ་དམར་ཞལ་ངོ་དམར་པོ་ཡིན་པས་ཐོག་མར་ཁ་ཆེ་ཤ་སྐམ་ཆུ་ཡིས་སྦྱོང་ནས་མདངས་དམར་སེར་བླངས་པ་དང་། ༼  ཇོ་བོའི་རིག་ལྔ་སོགས་མདོག་དམར་སེར་ཁ་ཆེ་ཤ་སྐམ་གྱིས་ལེན་གྱིན་ཡོད༽ དེ་ནས་ཐང་གའི་གོས་རིས་དམར་པོ་དང་།  མེ་ཏོག་གི་མདོག་དམར་སེར་སོགས་དམར་པོ་དང་ལི་ཁྲིའི་རིགས་རྣམས་རྒྱ་སྐྱེགས་ཀྱིས་མདངས་ལེན་ཀྱིན་ཡོད་སྟབས། ཞི་མཁན་མེད་ན་རྒྱ་སྐྱེགས་ཆུ་དང་འདྲ་ཞེས་པ་བཞིན་ཞུ་མཁན་གྱི་ལོ་མས་རྒྱ་སྐྱེགས་ཕབས་ནས། ཤ་མདངས་ལེན་པ་དང་།  མདངས་བརྒྱབ་པ་ཡིན་ཞེས་པ་དང་།  བལྟས་ན་མདོག་དམར་བོ་ཡིན་ཡང་གཏིང་ནས་གསེར་ཞག་འཚུབ་ཀྱིན་ཡོད་པས་མདངས་ཧ་ཅང་ཡག་པོ་ཡོད་འདུག་ཅེས་པ་དང་། ཕུར་བ་རྡོ་རྗེ་གཞོན་ནུའི་ཞལ་ངོ་སྔོན་པོ་ཡིན་པས་ཐོག་མར་གྲང་གསེར་བྱུག་པ་དང་། དེ་ནས་རམས་ཀྱིས་ཤ་མདངས་བརྒྱབ་པས་ཞལ་ངོ་སྔོན་པོ་ཡིན། རམས་ནི་ཐང་གའི་གོས་རིས་སྔོན་པོ་དང་ལྗང་ཁུ། མེ་ཏོག་གི་ཟར་ལོ་དང་།  ཤིང་ལོ། ནམ་མཁའ་སོགས་ཀྱི་མདངས་ལེན་པའི་རྩི་ཤིང་རིགས་ཀྱི་ཚོན་རྩི་ཞིག་ཡིན་ཞེས་པ་དང་།  དེའང་གཏིང་ན་གསེར་ཞག་འཚུབ་ཀྱིན་ཡོད་པས་མདངས་ཧ་ཅང་ཡག་པོ་ཡོད་ཅེས་བཤད། ཡང་ཁོང་གིས་གསེར་འབག་ལས་པའི་ངག་རྒྱུན་འདི་འདྲ་ཞིག་བཤད་རྒྱུ་འདུག་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྐུ་དུས་སུ་ཕུར་བ་རྡོ་རྗེ་དྲགས་དོན་དང་།  ཕུར་བ་རྡོ་རྗེ་གཞོན་ནུ་གཉིས་ཀྱི་ཞལ་འབག་བརྗེས་ནས་བཅའ་དུས། ལྷ་བཟོ་རིག་འཛིན་ངག་དབང་ཟེར་བ་ཞིག་ཡོད་རེད། དེ་ནི་དགེ་རྒན་ཐུབ་བསྟན་འོད་གསལ་གྱི་དགེ་རྒན་ཡིན།  རིག་འཛིན་ངག་དབང་ལ་རྡོ་རྗེ་དྲགས་དོན་གྱི་ཞལ་འབག་བཅའ་རུ་བཅུག་པ་དང་།  ལྷ་བཟོ་མཆོག་གྲུབ་ལ་རྡོ་རྗེ་གཞོན་ནུའི་ཞལ་འབག་བཅའ་རུ་བཅུག་པ་རེད། ལྷ་བཟོ་མཆོག་གྲུབ་ཀྱང་སྐབས་དེར་མིང་གྲགས་ཡོད་པའི་ལྷ་བཟོ་ཞིག་རེད། ཁོང་གིས་བྲིས་པའི་ཕྱག་བྲིས་ཁ་ཤས་ད་དུ་མཇལ་རྒྱུ་འདུག་ཅེས་པ་དང་། རིག་འཛིན་ངག་དབང་གིས་ཕུར་བ་རྡོ་རྗེ་དྲགས་དོན་དམར་སེར་གསེར་ཞགས་འཚུབ་པ་ཞིག་བཅས་ཡོད་པས་ཐུགས་ཧ་ཅང་དགྱེས་ཀྱང་།  ལྷ་བཟོ་མཆོག་གྲུབ་ཀྱིས་སྤྱིར་བཏང་གི་ཚོན་རྩི་ལས་གསེར་འབག་བཅའ་ཐུབ་མེད་སྟབས་དེ་འདྲ་ཐུགས་དགྱེས་པོ་མ་བྱུང་བས་ལྷ་བཟོ་རིག་འཛིན་ངག་དབང་ལ་ཁོང་གིས་ངེས་པ་དུ་གསེར་འབག་གི་ལག་ལེན་འདི་གཞན་ལ་སློབ་དགོས་པའི་སྐུལ་མ་ཡང་ཡང་བྱས་མཐར་གསེར་འབག་གི་ལག་ལེན་དམར་ཁྲིད་བྱས་པ་ཨ་ཆུང་གི་ཕ་ཡབ་ཤེས་རབ་ཆོས་འཕེལ་སོགས་ནས་གསེར་འབག་གི་ལག་ལེན་འདི་ཁོང་ལ་བརྒྱུད་པ་རེད་བཅས་གསུངས།   

གཉིས་པ།  ཞལ་འབག་དང་སྐུ་བརྙན་གཉིས་ཀྱི་ཁྱད་པར་བཤད་པ།   

   སྐུ་བརྙན་ནི་བཅས་ཚར་བའི་རྗེས་སུ་ཚུགས་ཀ་དང་སྒྲོས་ཉམས་སོགས་རང་སོར་གནས་ཡོད་ཀྱང་།  ཞལ་འབག་ནི་འཇིམ་བག་གིས་བཅས་པའི་དཔེ་གཞི་ལ་སེང་རས་སྦྱར་བའི་རྗེས་སུ་ཐོག་མའི་ཚུགས་ཀ་རང་སོར་དུ་གནས་མི་ཐུབ།  ཞལ་འབག་གང་འདྲ་ཞིག་བཅའ་འདོད་ན་ཐོག་མའི་འབག་གི་ཞལ་ངོའི་འབུར་གཤོང་གཉིས་ཚད་དང་མཐུན་པ་ཞིག་མ་བྱས་ཚེ།  སེང་རས་སྦྱར་རྗེས་གཤོང་རྣམས་རུབ་ནས་འབུར་རྣམས་རིལ་བོར་འགྲོ་སྲིད་པས་སྒང་གཤོང་གི་ཚད་རན་པ་ཞིག་བྱེད་པ་གལ་ཆེ། འདམ་བག་གིས་བཅས་པའི་དཔེ་གཞི་ཐོག་ཏུ་ཞལ་འབག་ལ་རས་སྲབ་ན་དགུ་ནས་བཅུའི་བར་སྦྱར་དགོས་ལ།  རས་མཐུག་ན་དྲུག་བདུན་ཙམ་སྦྱར་དགོས་པས་སྔོན་མའི་དཔེ་གཞིའི་འདམ་བག་གི་ཚུགས་ཀ་དེ་སེང་རས་སྦྱར་རྗེས་འབག་ཚུགས་ཉམས་པའམ། གཤོང་དང་སྲུབས་རྣམས་དམ་པོར་གྱུར་ནས་རུབ་པ་དང་།  འབུར་རྣམས་སྒང་བོར་དོད་པ་སོགས་སྔོན་མའི་ཚུགས་ཀ་དེ་རང་སོར་གནས་མི་ཐུབ། རྒྱུ་མཚན་དེའི་དབང་གིས་འཇིམ་བག་གིས་དཔེ་གཞི་ཐོག་མར་བཅའ་དུས་ནས་གཤུར་སམ་སྲུབས་རྣམས་ཆེ་ཙམ་བྱེད་དགོས་པ་དང་། འབུར་སམ་སྒང་རྣམས་ཚད་རན་པོ་ཞིག་མ་བྱས་ཚེ། མིག་གི་ལིང་ཏོག་སོགས་འབུར་བོར་ཆགས་པ་དང་།  མིག་གི་ཡ་ལྤགས་སོགས་རུབ་ནས་མཐུག་པོར་ཆགས་ཡོང་བས་འབུར་རྣམས་ཅུང་སྲབ་དུ་བཅུག་པ་དང་། གཤོང་རྣམས་ཆེ་རུ་འཇུག་དགོས། དཔེར་ན་མིག་གི་ལོང་ཏོག་དང་། སྣ། སོ་སོགས་ཅུང་སྲབ་ལ་ཆུང་དུ་འཇུག་དགོས། སྣའི་ཟུར་གྱི་སྣ་ཁུག་དང་མིག་ལྤགས་སོགས་ཀྱི་གཤོང་རྣམས་ཆེ་ཙམ་བྱས་ནས་བསེ་རས་སྦྱར་སའི་བྲི་ཐད་བཞག་དགོས་པ་དང་། ཚད་ཟིན་པའི་ཐོག་བཅའ་དགོས་པ་ནི་ཧ་ཅང་གལ་ཆེན།     

ཨ་ཆུང་ཞལ་འབག་བཟོ་རྩལ་ལ་དཔྱད་པའི་གཏམ་ཐོར་བུ་བ།
སྨ་ར་དང་ཨོག་ཚོམ་སྐྱེས་པའི་རྒན་པོའི་ཞལ་འབག

གསུམ་པ།  ཞལ་འབག་དང་སྐུ་བརྙན་གྱི་སའི་བཟང་ངན་བཤད་པ།  

   སྐུ་བརྙན་སོགས་ནི་ཇི་སྲིད་འཚོ་བ་ཡི་བར་དུ་བཞག་དགོས་སྟབས། སྲ་མོ་དང་། གས་ཆག་མི་འགྲོ་བའི་ཆེད་དུ་ཤོག་བུ་ལས་སྟངས་དང་འདྲ་བར་རེ་ལྕག་པའི་རྩ་བ་བརྡུངས་ནས་བསྲེས་ཏེ་སའི་གས་སྲུབ་མེད་པ་བྱས་ན་ཆག་སྐྱོན་དུ་མི་འགྲོ་ལ་སྲ་ཚད་མཐོ་བའི་ཁྱད་ཆོས་ཡོད་རེད་ཅེས་པ་དང་།  རྩེད་མོའི་ཉམས་དང་བཅས་སྔོན་མར་ང་ཚོས་ལྷ་བཅས་ནས་འགྲོ་དུས་ལྡེ་མེ་ནུས་ནས་བཅས་པས་རེ་ལྕག་པའི་རྩ་བས་དུག་ཕོག་སྟེ་ཕོ་བའང་བཤལ་མྱོང་ཞེས་དང་།   ཕྱིས་སུ་སྲིན་བལ་འགྱིག་མ་འདྲེས་པ་གསེད་ནས་འདམ་བག་དང་བསྲེ་ལ་བཅའ་སྲོལ་ཡོད་པ་རེད། དེ་དང་མཉམ་དུ་སྨན་རྫས་འདྲ་མིན་བསྲེས་ནའང་ཆོག་པ་དང་། འབག་རྣམས་བཅས་ནས་སེང་རས་སྦྱར་རྗེས་དཔེ་གཞིའི་ཞལ་འབག་བསྐམས་ཏེ་བརྡུང་ནས་འབག་ནང་ནས་ཕྱིར་འཐོར་དུ་འཇུག་དགོས་པས། ས་རྣམས་འཐོར་སླ་བའི་ཕྱིར་དུ་ནང་དུ་སྲིན་བལ་སོགས་ཅི་ཡང་མ་བསྲེ་ན་འགྲིག་ཅེས་གསུངས། 

འཇིམ་བག་གིས་བཅས་པའི་པར་གཞི་དང་བསེ་རས་གཉིས་འབྱར་མི་འགྲོ་ཕྱིར་ཐོག་མར་ཤོག་སེར་ཕྲེང་གཅིག་པར་གཞི་ངོས་སུ་སྦྱར་ནས་ལྷན་དགོས། ཤོག་སེར་སྤྱིན་ཆུ་རྐྱང་པ་ཞིག་གིས་སྦྱར་ན་རས་དང་འཇིམ་བག་འབྱར་མི་འགྲོ་བའི་ཕན་པ་ཡོད་པ་མ་ཚད། རས་ངོས་སུ་པར་གཞིའི་ས་འདམ་མི་འབྱར་བར་ཞལ་འབག་གི་ནང་འབག་གཙང་མ་ཡོང་བར་ཕན་པ་ཡོད། པར་གཞིའི་ངོས་སུ་ཤོག་སེར་མ་སྦྱར་བར་ཐོག་མ་ཉིད་ནས་སེང་རས་གྲོ་འདག་གིས་སྦྱར་ན། འཇིམ་བག་གིས་བཅས་པའི་པར་གཞིའི་ངོས་སུ་བསེ་རས་འབྱར་ནས་གོག་དཀའ་བ་དང་། གཡག་ར་སོགས་ཀྱིས་བརྡུང་ཡང་འབའ་འབུར་ལུས་པ་དང་། ས་རོ་འབྱར་བ། རས་འབག་གི་སྣེ་མོ་ཁ་ཤས་ནས་རས་ཕྲེང་གཅིག་གཉིས་ཁ་བྱེ་བ་སོགས་ཀྱི་གནས་ཚུལ་འབྱུང་གིན་ཡོད་པས་ངེས་པར་དུ་ཤོག་སེར་སྦྱར་དགོས། 

བཞི་པ། རྫོགས་ཆེན་ཞལ་འབག་ལ་དཔེ་བྱས་ནས་བཅས་པའི་གླིང་གི་དཔའ་རྟུལ། 

    ཨུ་གུར་དགོན་པའི་ནང་དུ་གླིང་གི་དཔའ་རྟུལ་ཁ་ཤས་དང་།  རྡོ་གྲུབ་ཆེན་དགོན་དུ་གླིང་གི་དཔའ་རྟུལ་ཆ་ཚང་ཞིག་བཞེངས་མྱོང་ཡང་ཚང་མ་རྫོགས་ཆེན་དགོན་པའི་འབག་ཇི་ལྟར་བ་ལས་པ་ཡིན།  ས་གནས་གཞན་དུ་གླིང་གི་ཞལ་འབག་དེ་འདྲ་དར་ཁྱབ་ཏུ་སོང་མེད་པས་དཔེ་ལྟ་སའང་དཀོན་པོ་རེད།  རྫོགས་ཆེན་དགོན་དུ་སྔོན་མ་ནས་གླིང་གི་ཞལ་འབག་ཆ་ཚང་ཞིག་ཡོད་པ་རེད། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྐུ་དུས་ནས་གླིང་གི་དཔའ་རྟུལ་རྣམས་ཀྱི་ཞལ་འབག་གསར་གཏོད་དང་གསར་རྩོམ་བྱས་ནས་བཅའ་རུ་འཇུག་པ་དང་། འཆམ་གོས་དྲུབས་པ། གླིང་གི་དཔའ་རྟུལ་སོགས་ཀྱི་འཆམ་ཡང་དེ་དུས་ནས་དར་ཡོད་པ་ཞིག་རེད།  སོག་གི་རྟ་དམར་སྟོབས་ཆེན་འཆམ་རྒྱུར་ལྷག་ཏེ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་སྐུ་མདུན་དུ་ཡོང་ནས་ཁོ་རང་གླིང་གི་དཔའ་རྟུལ་རྣམས་ཀྱི་གྲས་སུ་མི་འཇོག་པའི་རྒྱུ་མཚན་དྲིས་པས།  ཕྱི་ཉིན་ནས་དཔའ་རྟུལ་རྣམས་ཀྱི་གྲས་སུ་བཞག་པའི་གཏམ་རྒྱུད་བཤད་རྒྱུ་ཡོད་པ་ནང་བཞིན། གླིང་གི་དཔའ་རྟུལ་གྱི་འཆམ་ཐོག་མ་དར་ས་རྫོགས་ཆེན་ཡིན་སྟབས།  དེ་བཞིན་དགོན་ཁག་སོ་སོར་བཅས་ཡོད་པའི་ཞལ་འབག་ཚང་མ་རྫོགས་ཆེན་ཞལ་འབག་ལ་དཔེ་བལྟས་ནས་བཅས་པ་ཡིན།  དེ་དུས་དེང་སང་འདྲ་བའི་པར་ཆས་དང་ཁ་པར་སོགས་ཀྱིས་པར་ལེན་པའི་ཆ་རྐྱེན་མེད་ཀྱང་། མྱིག་གིས་ཚོད་ཚོད་བྱས་ནས་བཅས་པ་ཡིན་ཞེས་དང་། དེ་བཞིན་ཚེས་བཅུ་སྐོར་གྱི་གསེར་ཚོགས་གཉིས་དང་། གུ་རུ་མཚན་བརྒྱད་ཅིག་སྔོན་མ་ཨ་རྐྱང་རྟོགས་ལྡན་དགོན་དུ་བཅས་མྱོང་ལ། དེ་བཞིན་གིང་ཆེན་བཅུ་དྲུག་སོགས་གང་བཅས་ཀྱང་ཚང་མ་རྫོགས་ཆེན་གྱི་ཞལ་འབག་གཞི་བྱས་ནས་བཅས་པ་ཡིན་ཞེས་གསུངས།  འཆམ་སྦྱོང་མཁན་མང་ཆེ་བ་རྫོགས་ཆེན་ལ་ཡོང་ནས་སྦྱོང་གིན་ཡོད་པ་དང་། འབག་ཀྱང་རྫོགས་ཆེན་ནས་དར་སྔ་ཤོས་རེད་བཅས་གསུངས་བྱུང་།  

ལྔ་བ། ཞལ་འབག་གི་ཚོན་རྩི་མདངས་ལུགས། 

    ཞལ་འབག་གི་ཚོན་མདོག་ནི་ཤིང་ཚོན་དང་ལྷ་ཚོན་མདངས་ལུགས་དང་ཅུང་འདྲ་གིན་མི་འདུག  ཤིང་ཚོན་དང་ལྷ་ཚོན་གྱི་ཚོན་མདོག་དྭངས་ལ་གསལ་བ་དང་། གཡིས་ཡིས་མི་སྒྲུབ་པ་མདངས་དགོས་ཀྱང་། ཞལ་འབག་ལ་དེ་འདྲ་དྭངས་ཆེ་ན་འཆམ་རའི་ཐོག་འཆམ་དུས་གསར་བ་གསར་རྐྱང་གི་ཉམས་དང་གཡིས་ཡིས་འོད་ཤག་ཤག་འདྲ་བོ་ཞིག་ཡོང་གིན་འདུག དེ་བས་མཚོན་དུད་ཤས་ཆེ་བ་དང་། གཡིས་དུད་པོ་ཞི་རྒྱབ་ན་ཉམས་དོད་པོ་འདུག་པ་དང་། 

ཞི་དྲག་གི་ཚོན་མདངས་ལུགས་ལ། ཁྲོ་བོ་དང་དྲག་པོའི་སྤྱན་མིག་གི་ལིང་ཏོག་སེར་པོ་དང་གསེར་ཡིན་དགོས་པ་དང་། ལྷ་སྐུ་སོགས་ལ་ལི་ཁྲི་དང་ཇ་སེར་གྱི་མདོག་དགོས་ས་ཡང་ཡོད། ཞི་བའི་ལྷ་རྣམས་ཀྱི་མིག་རྩར་འཇམ་པོ་ཡིན་དགོས་པ་དང་། ཞི་མ་ཁྲོ་ལ་དེ་བས་ཚོན་མདངས་བཙན་ཙམ་དང་།  ཁྲོ་བོ་ལ་མིག་ཤ་དམར་པོ་དང་དམར་ནག་གང་རུང་གིས་མདངས་ཆོག མིག་རྩར་གཉིས་མདངས་བྱེད་པ་དང་མདངས་རྩ་རྒོད་པོ་སོགས་མདངས་ཆོག ཁྲོ་བོའི་ཞལ་ངོའི་ཤ་ལོག་རྣམས་ལ་ཤ་མདངས་ཀྱི་ཚོན་རིས་དང་། དྲགས་པོའི་ཞལ་འབག་ལ་ཤ་ཟ་ལྟར་ཁྲོས་པ། དྲོང་སྲོང་ལྟར་ཁྲོས་པ། སྲིན་པོ་ལྟར་ཁྲོས་པ་སོགས་ཡོད། 

ཨ་ཆུང་ཞལ་འབག་བཟོ་རྩལ་ལ་དཔྱད་པའི་གཏམ་ཐོར་བུ་བ།
བརྒྱ་དཔོན་གསར་གྱི་ཨ་རྒམ།

དྲུག་པ། འབག་མགོའི་གིང་མགོ་དང་ཁ་མེར་མྱིག་མེར། 

   དྲག་པོ་དང་ཞི་མ་དྲག་ལ་ཁ་མེར་མྱིག་མེར་ཡོད། ཁ་མེར་མྱིག་མེར་ལ་ཡང་རྒྱས་བསྡུས་ཀྱི་ལག་ལེན་དང་། རྒྱུ་ཆ་བཟང་ངན་གཉིས་ཀྱིས་ལས་ཡོད། ཁྲོ་བོའི་འབག་མགོའི་གིང་མགོ་དང་། ཁ་མེར་མྱིག་མེར། ནོར་ཏོག་ཀྱི་རྒྱུ་ཆ་ཡག་ཤོས། གིང་མགོ་དཀར་པོ་ཡིན་པས་དངུལ་གྱིས་མགར་དགོས་པ་དང་། ཁ་མེར་མྱིག་མེར་སེར་པོ་ཡིན་པས་ཟངས་གསེར་གྱིས་མགར་ནས་ཚ་གསེར་རྒྱག་དགོས། བར་ཞིང་གི་གིང་མགོ་དང་ཁ་མེར་མྱིག་མེར་སོགས་ཀྱི་རྒྱུ་ཆ་ནི། ཤིང་རུལ་གྱི་ཕྱེ་མ་སྐམ་འདུལ་བྱས་ནས་ཚགས་སུ་དྲངས་བ་བརྒྱ་ཆ་དྲུག་ཅུ་ནས་བདུན་བཅུའི་བར་དང་། ས་ཕྱེ་བརྒྱ་ཆ་ཉི་ཤུ་རྩ་དགུ་ཙམ་ཚགས་སུ་དྲངས་བ་རྣམས་མཉམ་དུ་བསྲེས་ནས་འདམ་བག་ལྟར་བརྫིས་ཤིང་། ཤིང་གིས་གདན་པ་རྩེ་ཕྲ་གཞོག་ལ་ས་ཡིས་པར་ཁང་ལས། སའི་པར་ཁང་ནང་དུ་མེ་རི་དང་དཔལ་བེའུ་སོགས་བརྐོས་རིས་འབྲི་ལ་རི་མོ་ལེན་པར་བྱ། དེ་ནས་རྡོ་གཞི་ཀ་ཕྱེ་མ་ཞིབ་མོ་རས་ཐུམ་བྱས་ནས་སའི་པར་ཁང་ནང་དུ་ཚགས་སུ་དྲངས་ནས་ཕྲེང་གཅིག་བརྡབ་ན་རྡོ་གཞི་ཀ་ཡིས་རླན་མི་ལེན་པ་དང་འཇམ་པོ་ཡིན་པས་པར་ཁང་དུ་ཁ་མེར་སོགས་མི་འབྱར་བའི་ཕན་པ་ཡོད།  གྲོ་འདག་ཅེས་པ་གྲོ་དང་སྤྱིན་གཉིས་མཉམ་དུ་སྐོལ་བའི་འདམ་ཁུས་གོང་གི་ཕྱེ་མ་རྣམས་མཉམ་དུ་སྦྲུ་ལ། དེའི་ནང་དུ་དབང་ལམ་དམ་རྩི་ཡོད་པས་བཏབ། དེ་ནས་སའི་པར་ཁང་ནང་དུ་པར། པར་རྗེས་འབག་ངོས་སུ་སྦྱར་སའི་ངོས་དེ་ཚགས་རས་བརླན་པའི་ཤིང་ལེབ་ཐོག་སྟེང་། དེའི་ཐོག་ཏུ་ཕྲེང་སྒྲིག་ནས་ཆུ་ཚོད་བཞི་ཙམ་ཉི་སྐམ་བྱ། དེ་ནས་ཐོག་ངོས་སྐམ་ལ་རང་ཚུགས་ཐུབ་དུས། ལག་པས་རེག་ལ་འོག་གི་ཚགས་རས་བརླན་པའི་ངོས་དེ་སྤྱིན་རྒོད་སྐོལ་ལ་ཞལ་འབག་གི་ཐོག་ངོས་སུ་སྦྱར་དགོས། དེ་ནས་གས་སྲབས་སྲུང་ལ་བརྡར་ནས་དཀར་འདོན་བྱེད། རྒྱས་པར་ལ་གྲོ་འདག་སླ་མོས་གསེར་ཤོག་སྦྱར་བ་དང་།  བསྡུས་པར་རག་འདུལ་ཕྱེ་མ་སྦྱོང་ནས་བྱུག་པས་ཆོག 

༡༽ གྲང་གསེར་ཞེས་པ་ནི་ཆང་དང་ཞོ་སོགས་སྐྱུར་གྱིས་ཆུ་འདུལ་བྱས་པའི་གསེར་ལ་ཟེར།  གྲང་གསེར་ནི་གསེར་ཐང་དང་སྐུ་འདྲའི་ཞལ་ངོ་སོགས་ལ་པིར་གྱིས་བྱུག་པའི་གསེར་ཞུན་ལ་གོ 

༢༽ ཚ་གསེར་དངུལ་ཆུས་དྲོད་འདུལ་བྱས་པའི་གསེར་ལ་ཟེར།  དེ་ནི་རྒྱན་ཆ་སོགས་ལ་སྤྱོད་པའི་གསེར་དེའོ། 

༣༽ ཚགས་རས་དགོས་པའི་རྒྱུ་མཚན་ནི་ངོས་བརླན་ནས་འབག་ངོས་སུ་འབྱར་སླ་བ་དང་། ཧ་ཅང་སྐམ་པོ་མ་ཡིན་པ་ཕར་ཚུར་བཀུག་ན་འགུགས་སླ་བ་སོགས་ཀྱི་དགེ་མཚན་ཡོད།  

༤༽ ཆུ་ཚོད་བཞི་ལ་སྐམ་དུ་འཇུག་པ་ནི་ཐོག་ངོས་ལག་པས་རེག་ན་མེ་རུ་སོགས་ཀྱི་རི་མོ་མི་འགྱུར་བའི་དགོས་པ་ཡིན། 

༥༽ དབང་ལག་ནི་དམ་རྩི་། 

༦༽ ཤིང་ཕྱེ་ནི་འབག་ཡང་བ་ཆེད་དུ་བསྲེ་དགོས་པ་ཡིན།

 


  • ལེ་ཚན་སྔོན་མ།:ཇོ་རུ་མ་བུ་རྫ་ཆུའི་ཆུ་རྒྱུད་དུ་ཡུན་རིང་བཞུགས་པའི་ལོ་རྒྱུས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།