གོ་རོ་མ་སྡེ་བའི་ལོ་རྒྱུས།

རིག་འཛིན་བསྟན་སྲུང་།        2021-06-16

   

གོ་རོ་མ་སྡེ་བའི་ལོ་རྒྱུས།


   དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་ནི་དར་མདོ་གྲོང་ཁྱེར་ནས་སྤྱི་ལེ༡༡༣ཡོད་པའི་ནུབ་བྱང་ཕྱོགས་སུ་གནས་ཡོད་ཅིང་། མི་ཉག་ལི་ཆུའི་སྟོད་རྒྱུད་ལ་གཏོགས་པ་ཡིན། ཤར་ཕྱོགས་སུ་དར་མདོ་གྲོང་ཁྱེར་གྱི་ཞོལ་ཁུལ་གྲོང་རྡལ་དང་གཡག་རྭ་ཤང་ངམ་ཡུལ་ཤོག་གིས་མཚམས་བྱས་ཡོད་པ་དང་། ལྷོ་ཕྱོགས་མགོ་ལོག་ཐོག་པ་དང་རྫོང་ཞབས་ཀྱི་ཝ་ཁྲལ་གྲོང་པ་གཉིས་དང་འབྲེལ་ཡོད། ནུབ་ཕྱོགས་ཀྱི་འབྲེལ་མཚམས་སུ་ཉག་ཆུ་རྫོང་ཡོད་ལ། བྱང་ཕྱོགས་སུ་རྟའུ་རྫོང་དང་འབྲེལ་ཡོད། ཤང་ཡོངས་ཀྱི་རྒྱ་ཁྱོན་གྱི་སྤྱི་སྡོམ་ནི་སྤྱི་ལེ་གྲུ་བཞི་མ712.37ཡིན་ལ། བྱང་གི་འཕྲེད་ཐིག30.19ཡིན་པ་དང་ཤངགི་གཞུང་ཐིག101.31ཡིན། མཚོའི་འཕགས་སྨི370མཐོའོ། 

    ཡུལ་ཤོག་དེ་ནི་ས་མཐོ་ཞིང་དྲོད་ཚད་དམའ་བས། རི་མཐོན་པོའི་གྲང་བའི་ས་ཁུལ་གྱི་ཁོངས་སུ་གཏོགས་པ་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད3.4Cཡིན་ཏེ། འབྲོག་ལས་ཀྱི་རང་བྱུང་གནོད་སྐྱོན་གཙོ་བོ་སད་དང་ཁ་བ། གྲང་བ་བཅས་ཡིན་ལ། ཕྱུགས་རྩྭ་ནི་སྐྱེ་བར་ཕྱི་ཞིང་སྐམ་མགྱོགས་ཏེ། ཟླ་བ་བཞི་པའི་དཀྱིལ་ཙམ་དུ་སྔོ་ཞིང་ཟླ་བཅུ་གཅིག་པའི་མགོར་སེར་ཞིང་སྐམ་པ་ཡིན། ཁྱད་པར་དུ་དགུན་ཁ་དང་དཔྱིད་ཀ་ལ་ཁ་བ་ཡུན་རིང་པོར་ཆགས་ཡོད་པས། ཕྱུགས་ཟོག་མང་པོར་ཤི་སྐྱོན་ཕོག་བཞིན་ཡོད་པ་རེད།

    སྤྱིར་གོ་རོ་མ་ནི་ལྷ་སྒང་གྲོང་རྡལ་གྱི་མངའ་འོག་གི་སྡེ་པ་ཞིག་ཡིན། སྡེ་འདི་ནི་ལྷ་སྒང་ནས་སྤྱི་ལེ་གཅིག་ཙམ་གྱི་ལམ་ཁར་ཡོད། སྡེ་འདིའི་ཁྱིམ་ཚང་གི་དུད་གྲངས261དང་མི་གྲངས1066ཡོད།

   སྡེ་བའི་འབྱུང་ཁུངས།

   སྤྱིར་གོ་རོ་མ་ཞེས་པའི་དོན་ནི་མི་ཉག་ས་སྡེ་ཕྱོགས་ཀྱི་ཡུལ་སྐད་ཅིག་ཡིན་ཏེ་དེའི་གོ་རོ་ཞེས་པ་ནི་ལུང་བ་ཆུང་ཆུང་ཞེས་པའི་དོན་ཡིན། གནའ་སྔ་མོ་ཁྱིམ་ཚང་བཞི་མ་གཏོགས་མེད་སྐབས་རུ་སྤོ་འདུག་བྱེད་ས་གཙོ་བོ་གོ་རོ་ནང་ཞེས་པའི་ལུང་པ་ཆུང་ཆུང་དེ་ཡིན་ཞིང་དེ་ནི་ས་མིང་སྡེ་ལ་ཐོགས་པ་དང་། གོ་རོ་མའི་མ་ནི་ལུང་བ་དེའི་བདག་པོ་ཡིན་པས་བདག་སྒྲ་ཡིན། དེང་སང་གི་ལོ་ཆུང་ཚོས་སྒྲ་སྙན་པའི་ཆེད་དུ་གངས་རི་མ་ཞེས་འབྲི་སྲོལ་ཞིག་ཀྱང་གསར་དུ་དར་ཡོད། གོ་རོ་མའི་སྡེ་པ་འདི་ནི་བོད་ཀྱི་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གི་ཁོངས་གཏོགས་ཤར་སྟོད་བཞག་བྲ་དཀར་མོའི་མདུན་ཞོལ་དུ་གནས་ཡོད། དེའང་གོ་རོ་མའི་ཚོ་བའམ་སྡེ་པ་འདི་ཐོག་མར་དུད་ཚང་ཆེན་པོ་བཞི་ལས་གྲུབ་པ་ཞིག་ཡིན་ཏེ།

   ༡  རག་ཤུལ་ཚེ་རིང་དོན་གྲུབ་ཀྱི་བུ་ཚེ་དབང་གི་བུ་རྒྱུད་ཀྱི་ཁྱིམ་ཆེན་ནི་ཚངས་པོ་སོགས་ཀྱི་ཕ་རྡོར་ཁོ་ཚང་དང་། སྦྲ་ཆུང་རྡོ་རུས་ཚང་།ཕག་རུས་ཚང་།སྨན་པ་ལྷ་རྒྱལ་ཚང་།སྨེ་བ་རིན་ཁོ་ཚང་།གཏེར་ཁོ་ཚང་།མདོ་སྡེ་ཚང་།ཕུ་ཁོ་ཚང་།ཚེ་རིང་ལྷ་མོ་ཚང་།ཚེ་རིང་རྒྱ་མཚོ་ཚང་སོགས་དུད་ཚང་མང་པོ་ཡོད་དོ།།

   ༢ སྲི་ལུ་དམ་ཆོས་ཀྱི་བུ་ཨུ་རྒྱན་གྱི་བུ་མོ་ནི་མགོན་པོ་ཡོན་ཏན་གྱི་མ་ཚེ་རིང་དབང་མོ་ཚང་དང་། རྣམ་རྒྱལ་སོགས་ཀྱི་མ་ཆོས་མཚོ་ཚང་། ཡ་མ་ཚེ་ལོ་སོགས་ཀྱི་མ་གཡང་སྐྱིད་ཚང་། རྒྱ་མ་སོགས་ཀྱི་ཕ་གསང་བདག་ཚང་། ཨུ་རྒྱན་གྱི་སྤུན་ཡ། ཚུལ་ཁྲིམས་དང་ཚེ་རིང་། སྒྲོལ་མ། འཆི་མེད་ལྷ་མོ་བཅས་ཀྱི་ཕ་རྒན་སྲི་ལུ་འོད་རྒྱ་ཚང་སོགས་ཡིན་ནོ།།

   ༣ རྒྱ་རི་ཕུན་ཚོགས་ཀྱི་བུ་མོ་སྒྲོལ་དཀར་གྱི་བུ་འབྱུང་གནས་ཚང་། ལེགས་ལྡན་ཚང་། འབྱུང་གནས་དང་ལེགས་ལྡན་སོགས་ཀྱི་ཕ་ནུ་ཟག་འཇིགས་བཟང་ཡིན། སྒྲོལ་དཀར་གྱི་མིང་པོ་ནི་ཡི་དམ་དང་ཆོས་སྐྱོང་སོགས་ཀྱི་ཕ་རྒྱ་རུས་བློ་དགའ་ཚང་ཡིན། རང་གྲུབ་ཚང་བཅས་སོ།།

   ༤  སྟག་རོང་ནི།བུ་ཨ་ཉེས་དང་ཆོས་ཁོ། རྡོ་རྗེ། བུ་མོ་ཞུ་ཀ་དང་བསོད་ཁོ་སོགས་ཀྱི་ཕ་རིག་ལྡན་ཚང་དང་། རྡོ་དགྲའི་ཕ་མཐར་ཕྱིན་ཚང་། འགྱུར་མེད་དང་ཚེ་རིང་སྒྲོལ་དཀར་སོགས་ཀྱི་ཕ་སྟག་རོང་རྣམ་སྲས་ཚང་བཅས་སོ། 

 ཕྱིས་སུ་ཕྱོགས་གཞན་ནས་གནས་སྤོས་ནས་རིམ་པར་སྡེ་པ་ཆེན་པོ་ཞིག་ཏུ་གྱུར་ཡོད། 

ནགས་ལུང་མའི་རག་ཤུལ་རྟ་བརྒྱ་མའི་རྒྱུད་པའི་སྐོར།

    སྦྱིན་པ་དང་རིན་ཆེན་སོགས་ཀྱི་ཕ་དོན་ལྡན་སྐོར། བསོད་ནམས་དབང་ཕྱུག་གི་ཕ་ཆོས་ལྡན་སྐོར། བཀྲ་དོན་སྐོར། བཀྲ་ཤིས་དང་ཨུ་རྒྱན་ཚེ་ལྷ་སྐོར།

   ཡ་གྲོང་བའི་སྐོར་ནི། ཡ་གྲོང་ཨ་འཇིགས་སྐོར། ཁ་རས་སྐོར། ཚེ་ཁོ་ཚང་དང་། པད་མ་དབང་ཆེན་སོགས་ཀྱི་ཕ་ཨ་རིག་སྐོར། ར་འཕེལ་ཚང་དང་གནམ་སྐོར་ཚང་། ཞུས་མོ་ཆུང་ཆུང་སྐོར། བདེ་པོ་ཚང་། བཟོད་པ་ཚང་དང་ཚེ་རིང་དོན་གྲུབ་སོགས་ཀྱི་ཕ་ཕན་བདེ་ཚང་གི་སྐོར་སོགས་ཡིན་ནོ།།

    ཨ་རྒྱར་སྐོར་ནི། བཀྲ་པོ་དང་ཕུན་རྣམ་གྱི་ཕ་བསྟན་རྒྱ་ཚང་དང་།  འཇིགས་རྣམ་ཚང་བཅས་སོ།།

  ཞབས་མ་བའི་སྐོར་ནི། ཚེ་དབང་ཆོས་དར་དང་སྒྲོན་ལྷ་ཚང་བཅས་སོ།།

 མ་གྲོང་བའི་སྐོར་ནི། ཚེ་འཛིན་དབང་མོ་དང་འབྱུང་གནས་ཚང་།བསོད་ལྷ་ཚང་། ནོར་ཁོ་ཚང་བཅས་སོ།།

 རྒྱ་ཚོགས་སྐོར་ནི། ཚེ་འཛིན་གྱི་བུ་ཨུ་རྒྱན་རྡོ་རྗེ་ཚང་དང་། ཚེས་ཁྲ་དང་སྟོབས་ཆེན་གཉིས་ཀྱི་བུ་རྡོར་དོན་ཚང་དང་།    ཆོས་སྐྱོང་ཚང་བཅས་ཡིན་ནོ།།

 མོ་འགྲེ་སྐོར་ནི། རྒྱ་མ་ཚང་དང་ཡ་མ་ཚང་། དོན་ཁོ་སོགས་ཀྱི་ཕ་དཀོན་མཆོག་ཚེ་རིང་ཚང་། བླ་མ་ཚེ་རིང་རྒྱ་མཚོའི་མ་ཚེ་རིང་གཡུ་སྒྲོན་ཚང་བཅས་སོ།།

 མོ་ངན་སྐོར་ནི། གཡང་འཛོམས་སོགས་ཀྱི་ཕ་རིག་ལྡན་ཚང་དང་། སྒྲོན་དཀར་ཚང་། ཨུ་རྒྱན་ཚེ་མཚོ་ཚང་བཅས་སོ།།

 གསེར་ཆུ་ཁ་པའི་སྐོར་ནི། ཚེ་བསམ་ཚང་དང་། ཡེ་ཤེས་རྡོ་རྗེའི་ཕ་རིག་འཛིན་སྙན་གྲགས་ཚང་།  སྒྲོན་ཁོའི་བུ་མོ་བསོད་ནམས་ལྷ་མོ་ཚང་བཅས་སོ།།

 ཟུར་བའི་སྐོར་ནི། ཆོས་རྒྱལ་ཚང་དང་། ཐུགས་རྗེ་ཚང་། ལེགས་སྐྱིད་ཚང་། བདེ་སྐྱིད་ཀྱི་བུ་ཞུ་པུག་ཚང་སོགས་ཡིན་ནོ།།

 མུར་ཧ་བ་ནི། རག་ཤུལ་གྱི་རྒྱུད་པ་ཕན་བདེ་འབྱུང་གནས་ཚང་ངོ་།།

  རག་ཤུལ་སྡེ་པའི་སྐོར་ནི། རག་གཟའ་གྲུབ་པ་ཚང་། བསོ་ཕྱུག་ཚང་། ཨ་སྐྱབས་སྐོར། གདུགས་དཀར་སྐོར། ཁོ་ཚོ་ནི་སྤྱི་ལོ༡༩༣༨ལོར་ད་ལྟའི་ཉག་རོང་རྫོང་གླག་རུ་མ་ཤང་རག་ཤེས་སྡེ་པའི་ནང་ནས་ས་ཆ་འདིར་ཐོན་པ་ཞིག་ཡིན་ནོ།།

  ཨུ་མཆིས་སྐོར་ནི། མ་བཀྲ་མཚོ་དང་ཕ་རབ་དགའ་གཉིས་ཀྱི་བུ་རྒྱུད་ཡེ་ཤེས་ཚང་དང་འགྱུར་མེད་ཚང་། ཚེ་ཁོ་ཚང་། ཚོགས་ལྷ་ཚང་། ཟླ་བ་སྒྲོན་མ་ཚང་སོགས་ཡིན་ནོ།།

 སྒ་ཡི་སྐོར་ནི། འཇམ་དབྱངས་ཉི་མའི་ཕ་དཔལ་ལྡན་ཚང་། ཡོན་ཏན་ཚང་།   སྒ་ཀུན་བློ་དང་རྡོ་ཆོས་སོགས་ཀྱི་མ་རྒྱ་མ་ཚང་།   དབང་རྡོར་ཚང་།  ཡོན་ཏན་ཚང་བཅས་སོ།།

 ལྟག་ཧ་སྐོར་ནི།  བཀྲ་སྒྲོན་སོགས་ཀྱི་ཕ་བཀྲ་མགོན་ཚང་། ཨ་ཁྱུག་ཚང་། དམ་ཚིག་ཚང་། ཚེ་རི་ལྷ་མོ་ཚང་བཅས་སོ།།

 གཞན་ཡང་། ཁུ་ཁྱུ་པོས་པོས་ཚང་། ཟླ་སྒྲོན་དང་ཆོས་ལོ། པད་ཁོ་བཅས་ཀྱི་མ་ཚེ་རིང་སྐྱིད་ཚང་། རབ་བཟང་གི་བུ་འཇམ་ལོ་ཚང་དང་།  སྨན་ལྷའི་མ་ཚེ་ཁོ་ཚང་།  

 ཚོགས་གཉིས་ཀྱི་མ་སྒྲོན་ཁོ་ཚང་དང་། ཐུབ་ཁོ་སོགས་ཀྱི་ཨ་མྱེ་མགར་དབང་ཚང་། གསང་རབ་ཚང་། བ་དཀར་ཚང་སོགས་ཁྱིམ་ཚང་མང་པོ་ཡོད་ཀྱང་འདིར་ཁྱིམ་ཚང་འགའ་རེའི་མིང་འབྲི་ཐུབ་མེད་པས་དགོངས་དག་ཞུ་རྒྱུ་ཡིན།  

   

གོ་རོ་མ་སྡེ་བའི་ལོ་རྒྱུས།


  མངའ་ཁོངས་ཀྱི་ས་མིང་སྐོར།

 སྤྱིར་ད་སྐབས་མངའ་ཁོངས་ཀྱི་ས་ཆ་གཙོ་བོ་ནི་སྐོར་ཝ་ཁ་དང་། མཚོ་མེ་ཏོག རྫ་མོ་འོར་ལུ། གཡུང་ཁུག་ཆུ་ཚུན་ཆད། ཚུར་ཕྱོགས་ཀྱི་བྱ་རྒོད་དྭངས་ཆུ། གསེར་གཞོང་ཁ། རྫབ་ལུང་ཁ་སྟོད་སྨད་བར་གསུམ། སྟོད་ཕྱོགས་ཀྱི་གངས་དཀར་བསང་ཐོག གར་ཁོག་ཚུན་ཆད། སྨད་ཕྱོགས་ཀྱི་སྣག་པོའི་ཐང་སོགས་སྡེ་འདིའི་ས་ཆ་དེའི་མངའ་ཁོངས་སུ་དབྱར་དགུན་སྟོན་དཔྱིད་ཀྱི་མཚེར་ས་བྱེད་སྲོལ་ཡོད། 

  དབྱར་མཚེར་གྱི་སྐོར། སྐོར་ཝ་ཁ། མཚོ་མེ་ཏོག རྫ་མོ་འོར་ལུ། གར་ཁོག དཀར་མཛའ་ནང་། ཇག་པ་རྡོ་ལོག རྒྱལ་པོ་སུམ་མདོ་ཡན་ཆད། གངས་དཀར་བསང་ཐོག གཡུང་ཁུག་ནང་། ཟུར་གསུམ་ཁ། ལུང་སྟོང་གཡས་ལག་ཆེ་ཆུང་། སྒོ་གདན་ཐོག བྲག་མཆོད་རྟེན། ནོར་རྒྱུན་མ། བཞག་བྲ་གཡུ་མཚོ། བཞག་བྲ་ནང་། རྒྱུ་མ་རྒྱུ་ཁུག མཚོ་གསུམ་ཁ། རྒོ་སྙིང་ལེབ་ཆ་ཚང་། ལུ་འདན་མཚོ་ཁ། ས་གཡང་མཚོ་ཁ། གནམ་མཐའ་རྫ་སྒང་། ཉིན་ར་ལུ། ཏ་མའི་ལ་རྩ། ཀླད་གྲ་ཁ། བྱ་རྒོད་དྭངས་ཆུ། གསེར་གཞོང་ཁ། ལེབ་ཟུར་ཁ་བཅས་སོ།།

དཔྱིད་མཚེར་དང་སྟོན་མཚེར་བྱེད་ཡུལ།

   འབུར་རྡོལ་ཐོག རྟ་རྒྱུག་ལབ་ཙེ། ཧོང་ཧོང་ཁ། རྡོ་འཕྱུར་ར། བཀྲ་ཤིས་ཧར་ཁ། སྔོ་རིས་ནང་། ལྕགས་མདུད་གདོང་། དཀར་ཤུལ་ཐང་། རྒྱུ་སྣེ་ནང་། ནག་དྲི་ཧར་ཁ། ལ་ཟུར་གདན་ཐོག རལ་གྲི་ཧར་ཁ། ཚེར་མ་དམར་པོ། སྒ་ཁང་ནང་། ཨ་གསས་ནང་། ཚྭ་ཆུ་སླས། མཚོ་ཞབས། རྒོ་བ་ཕུག རྩྭ་ར་སླས། ས་དམར་ལ་འགོ །རྫབ་ལུང་ཁ་སྟོད་སྨད་ཆ་ཚང་། མཚམས་ཁང་དཀར་རིས་ཐོག་ཞབས་ཆ་ཚང་། དཔའ་ལ་འགོ་བ་ཕྲུག་ཁ། འབུར་རོལ་ལྷ་མོ། ཕྱག་རྗེས་ནང་། འདིའི་རྡོ་ལ་ལག་རྗེས་ལྟ་བུ་ཞིག་ཡོད་པ་དེ་གནའ་སྔ་མོར་རྒྱ་ཁོ་བླ་མས་བཞག་པའི་ཕྱག་རྗེས་ཡིན་ཟེར་སྲོལ་ཡོད། མགྲོན་པོ་གསད་ས། ཛུ་འོར་ཆེ་ཆུང་། མཛོ་མགོ་ཆེ་ཆུང་གཉིས། གཏེར་བདག་ལབ་ཙེ་ཐོག་ཞབས་ཆ་ཚང་། སྤྱང་ཚང་གདོང་། རྭ་ཅོ་གདན་ཐོག མཁའ་འགྲོ་རྩྭ་ར་སྟོད། གྲོ་བ་ཁེར་སྐྱེས་སྟོད་སོགས་སོ།།

   དགུན་མཚེར་བྱེད་ཡུལ། མཁའ་འགྲོ་རྩྭ་ར་སྨད། བ་འགྱ་སྟོད་སྨད་བར་གསུམ། ཝ་མཁར་ཆེ་ཆུང་། སྣག་པོའི་ཐང་། བཞུགས་ཁྲི་སྟེང་ཞབས་ཆ་ཚང་། རུ་བཀག་ལུང་པ་མདུན་རྒྱབ་ཆ་ཚང་། ས་ཚ་ལུང་པ། ཇོ་དར་ལུང་པ། ཁས་སྔོན་ཉག་ག་གདོང་རིལ་ཐོག་ཞབས། བོས་གཅེབ་སྟོད་སྨད། སྒུར་ཟླ་ལུང་མདོ་ཆ་ཚང་། བྲག་དམར་ཞབས། རྡོ་ར་ལེབ། རྫོགས་ཆེན་མཚེར། རྔ་མོང་ཡར་ལངས། བྲག་རིང་མ། མགར་འབུད། མ་ལུད་ལུང་པ། དྲེལ་པ་ལ་འགོ །འགུ་ཟུ་ནང་། སྤེན་མ་རི་ངོ་། གསེར་རྒྱ་སྒོ་ལུང་པ་སྟོད་སྨད་ཆ་ཚང་། རྡོ་བསགས་དགུན་མེད། གཞན་ཡང་མཆོད་རྟེན་ཐོག་དང་། ནུ་ལག་ནང་ལ་སོང་ནས་དགུན་མཚེར་བྱེད་སྲོལ་ཡོད་པར་མ་ཟད་སྔ་མོར་ཤ་དཀའ་ཡ་མཚེར་དང་ཚེར་མ་ནང་སོགས་ལ་སྟོན་བཅད་ཚར་མ་ཐག་ཏུ་རུ་སྤོས་ནས་སྟོན་དགུན་གྱི་མཚེར་ས་བྱེད་ཆོག་རྒྱུའི་འགྲོ་ལུགས་ཀྱང་ཡོད་པ་ཡིན་ནོ།།

གོ་རོ་མ་སྡེ་བའི་ལོ་རྒྱུས།

   སྡེ་པ་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་འགའ་ཡོད་ཚུལ།

   ཤེད་ཆེན་གྱི་སྐོར།  ཚེ་དབང་རིག་འཛིན་གྱིས་རྒྱབ་ཏུ་ཇ་འཁོར་དྲུག་སུམ་ཅུ་སོ་གཉིས་ཁུར་ཏེ་དར་མདོ་གྲོང་སྐེད་ནས་གྲོང་མདའ་བར་དུ་སོང་མྱོང་བ་རེད།  ཁྱོན་ཇ་རྒྱ་མ༥༡༢ཁུར་ཐུབ་ཡོད།  ཡང་མོ་འགྲེ་དཀོན་མཆོག་ཚེ་རིང་གིས་ཇ་འཁོར་དྲུག་བཅོ་བརྒྱད་ཁུར་ནས་སོང་བ་སོགས་ལྟ་བུ་ཡིན།  གནའ་ཇ་འཁོར་དྲུག་རེ་ལ་རྒྱ་མ་བཅུ་དྲུག་རེ་ཡོད་པ་ཡིན།

  ལུས་རྩལ་དང་གླུ་བྲོ་བཅས་ལ་མཁས་པའི་སྐོར།

  མི་རྒྱུག་འགྲན་བྱེད་མཁན་མགྱོགས་པ།  ཐུབ་ཆོས་སམ་ཨ་རྒས་དང་།  རག་ཤུལ་མདོ་སྡེ།  ཡ་མ་ཚེ་ལོ།  མོ་འགྲེ་རྒྱ་མ།   ཡ་གྲོང་རིན་ཆེན་རྡོ་རྗེ་དང་བསྟན་སྲུང་སོགས་ཡིན།   

   རྟ་རྩེད་བྱེད་མཁས་པ།  རག་ཤུལ་མདོ་སྡེ།   རིག་འཛིན་ནོར་བུ།  པདྨ་བཅས་ཡིན།  

   བྲོ་ལྡིང་རྒྱུར་མཁས་པ། ཚེ་རིང་ཆོས་སྒྲོན།  བསོད་ལུ།  པདྨ་དབང་ཆེན།  བསོད་ནམས་སྟོབས་ཆེན།  རག་ཤུལ་མདོ་སྡེ།  བསོད་ནམས་དབང་མོ།  རྒྱ་རི་འབྱུང་གནས།  གསེར་ཆུ་ཚེ་བསམ།  སྟག་རོང་རིག་ལྡན།  སྟག་རོང་རྡོ་དགྲ།   སྟག་རོང་བསོད་ཁོ།  བ་ དཀར་འབའ་རིས།   སྲི་ལུ་འཛམ་པོ་སོགས་ཡོད། 

    གླུ་ལེན་མཁན་ངག་བདེ་མོ།   བ་དཀར་འབའ་རིས།  རྒྱ་རི་འབྱུང་གནས།    བསོད་ནམས་དབང་མོ།  པདྨ་དབང་ཆེན།    དོན་གྲུབ།  དཀོན་མཆོག་སྒྲོན་མ།  དཔལ་ཆེན།  ཉེན་རྟོག་པ་ཨ་ཁྱུག  སྐྱུར་དྲིས།  མོ་འགྲེ་བདེ་སྐྱིད།  དབང་དྲག  འོད་གསལ།  འབྲུག་རྒྱས།  ཚེ་རིང་བསམ་འགྲུབ་སོགས་ནི་གོ་རོ་མའི་གླུ་བ་དང་གླུ་མ་ཡིན་ནོ།། 

    གཉེན་སྟོན་སྐབས་སུ་གཏམ་བཤད་མཁན་ནི།  རག་ཤུལ་མདོ་སྡེ་དང་།  རིག་འཛིན་སྙན་གྲགས།    རིག་འཛིན་བསྟན་སྲུང་།  བདེ་ལེགས།   ཡ་གྲོང་དབང་ལོ་བཅས་ཡོད་དོ།།


  • ལེ་ཚན་སྔོན་མ།:པཎ་ཆེན་སྐུ་ཕྲེང་བཅུ་པ་རང་ཁུལ་དུ་རྟོག་ཞིབ་གནང་དུ་ཕེབས་ཚུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།