པཎ་ཆེན་སྐུ་ཕྲེང་བཅུ་པ་རང་ཁུལ་དུ་རྟོག་ཞིབ་གནང་དུ་ཕེབས་ཚུལ།

    དུང་དཀར་ཚིག་མཛོད་ཆེན་མོ།    2021-05-25

    1986ལོའི་སྤྱི་ཟླ8པའི་ཚེས4ཉིན་ནས་སྤྱི་ཟླ10པའི་ཚེས9ཉིན་བར། དེའི་སྐབས་སུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་མཚན་འཛིན་ཚོགས་གཙོའི་འགན་འཞེས་བཞིན་པའི་པཎ་ཆེན་སྐུ་ཕྲེང་བཅུ་པ་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་མཚན་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་མངགས་མཅོལ་ལྟར། ལམ་ཐག་ལེ་དབར་སུམ་སྟོང་ལྷག་ཙམ་བརྒྱུད་ནས་རང་ཁུལ་གྱི་རྫོང་ཁག12ལ་རྟོག་ཞིབ་གནང་བ་རེད། དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་བའི་སྐབས་སུ་ས་གནས་སོ་སོའི་མི་དམངས་ཀྱིས་གཟབ་རྒྱས་ལྡན་པའི་སྣེ་ལེན་དང་སྤྲོལ་སེམས་འཕེལ་བའི་དགའ་བསུ་ཞུས་པ་རེད།།

ཡེ་མགོན་གྱིས་བསྒྱུར།


  • ལེ་ཚན་སྔོན་མ།:ཇོ་བོ་རགས་ཁ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།