ཇ་ཡིས་དམངས་ལ་འབྱོར་འབྲིང་འཚོ་བ་བསྐྲུན།། གླུ་སྐད་སྙན་མོ་ཇ་རིའི་རྩེ་ནས་གྲག།

མཁས་གྲུབ་ནོར་བུས་བསྒྱུར།        2021-06-16

ཇ་ཡིས་དམངས་ལ་འབྱོར་འབྲིང་འཚོ་བ་བསྐྲུན།།  གླུ་སྐད་སྙན་མོ་ཇ་རིའི་རྩེ་ནས་གྲག།

གླུ་ཡི་མིང་།

པེ་ཅིང་ཡུལ་ལ་གསེར་གྱི་ཉི་འོད་དམར

གླུ་ཚིག།

པེ་ཅིང་ཡུལ་ལ་གསེར་གྱི་ཉི་འོད་དམར། མའོ་ཀྲུའུ་ཞི་ནི་གསེར་གྱི་ཉི་འོད་རེད།ཅི་འདྲའི་དྲོད་སྐྱིད། ཅི་འདྲའི་མཉེས་བརྩེ། ང་ཚོའི་ཞིང་བྲན་གྱི་སེམས་སུ་དྲོན།ང་ཚོས་གོམ་སྟབས་བསྒྱུར་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ཆེན་ཐོག་ཏུ་སྐྱོད། ཨེ། དཔལ་བཀྲ་ཧེ། པེ་ཅིང་ཡུལ་ལ་གསེར་གྱི་ཉི་འོད་དམར། མའོ་ཙེ་ཏུང་དགོངས་པས་བསྐྱངས་ནས་སྐྱེད་སྲིང་བྱུང་།ཡར་ལངས་ཞིང་བྲན་དཔའ་ངར་ཆེར་སྐྱེད། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན། བསྟོད་གླུ་མའོ་ཀྲུའུ་ཞི་ལ་འབུལ། བསྟོད་གླུ་གུང་ཁྲན་ཏང་ལ་འབུལ། ཨེ། དཔལ་བཀྲ་ཧེ།

པེ་ཅིང་ཡུལ་ལ་གསེར་གྱི་ཉི་འོད་དམར། མའོ་ཀྲུའུ་ཞི་ནི་གསེར་གྱི་ཉི་འོད་རེད།ཅི་འདྲའི་དྲོད་སྐྱིད། ཅི་འདྲའི་མཉེས་བརྩེ། ང་ཚོའི་ཞིང་བྲན་གྱི་སེམས་སུ་དྲོན།ང་ཚོས་གོམ་སྟབས་བསྒྱུར་ནས། སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་ལམ་དུ་སྐྱོད། ཨེ། དཔལ་བཀྲ་ཧེ། པེ་ཅིང་ཡུལ་ལ་གསེར་གྱི་ཉི་འོད་དམར། མའོ་ཙེ་ཏུང་དགོངས་པས་བསྐྱངས་ནས་སྐྱེད་སྲིང་བྱུང་།ཡར་ལངས་ཞིང་བྲན་དཔའ་ངར་ཆེར་སྐྱེད། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་བསྐྲུན། བསྟོད་གླུ་མའོ་ཀྲུའུ་ཞི་ལ་འབུལ། བསྟོད་གླུ་གུང་ཁྲན་ཏང་ལ་འབུལ། ཨེ། དཔལ་བཀྲ་ཧེ།

གླུ་བརྩམས་པའི་ལོ་རྒྱུས།

པེ་ཅིང་ཡུལ་ལ་གསེར་གྱི་ཉི་འོད་དམརཞེས་པ་ནི་བོད་རིགས་ཀྱི་དམངས་སྲོལ་གླུ་གཞས་ཞིག་ཡིན་ཞིང་། བཤད་སྲོལ་ལ་གླུ་གཞས་བོད་གནའ་རབས་ཀྱི་ཆང་གཞས་ཀྱིས་གཞི་བྱས་ནས་བརྩམས་པ་རེད། གླུ་ཚིག་གསར་པ་བརྩམས་རྗེས་ཀྱིཔེ་ཅིང་ཡུལ་ལ་གསེར་གྱི་ཉི་འོད་དམརཀྲུང་གོའི་ས་གཞི་ཆེན་པོའི་ཡུལ་གྲུ་ཀུན་ཏུ་སྙན་པའི་རོལ་དབྱངས་ཁྱབ་ནས་གླུ་གཞས་ཐུང་ངུ་འདི་ལ་ནུས་སྟོབས་ལྡན་ཞིང་ཡུན་རིང་གི་གསོན་ཤུགས་ཆགས་པར་བརྟེན།མི་ཚོར་དྲིན་གཟོ་བརྗོད་ཀྱིས་མི་ལངས་པ་ཉམས་སུ་མྱོང་དུ་བཅུག་པ་རེད།ཙུང་ལི་ཀྲུའོ་ཨེན་ལའེ་ཡིས་ཆེས་རྟིང་མའི་གླུ་ཚིག་ལ་བཟོ་བཅོས་བརྒྱབ་ནས༼   ང་ཚོས་གོམ་སྟབས་བསྒྱུར་ནས་སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་ཞིང་ཁམས་སུ་སྐྱོད   ཅེས་པ་དེ༼   ང་ཚོས་གོམ་སྟབས་བསྒྱུར་ནས་སྤྱི་ཚོགས་རིང་ལུགས་ཀྱི་བདེ་སྐྱིད་ལམ་དུ་སྐྱོད   ཅེས་པར་བཅོས་ཡོད་པ་རེད།།

གླུ་ཚིག་རྩོམ་པ་པོ་དང་གླུ་འདི་ཐོག་མར་ལེན་མཁན་གྱི་ངོ་སྤྲོད་མདོར་བསྡུས།

པེ་ཅིང་ཡུལ་ལ་གསེར་གྱི་ཉི་འོད་དམརརྩོམ་མཁན་དང་རོལ་དབྱངས་རྩོམ་མཁན་མར་ཀྲུའོ་ནི1960ལོར་བོད་ལ་འབྱོར་རྗེས། རྐྱང་གཞས་གཏོང་མཁན་ཧྲང་ལིའུ་ཀྲུའུ་ཡིས་དམངས་ཁྲོད་སྒྱུ་རྩལ་མཁན་པོ་བཀྲ་ཤིས་ཟེར་བའི་མི་རྒན་ཞིག་གི་རྩ་ནས་སྦྱོང་རྒྱུ་ལོན་པའིལྷོ་ཁའི་གནའ་བོའི་ཆང་གཞསསྐད་གདངས་ཉན་རྒྱུ་ལོན་པར་དགའ་སྣང་ཆེན་པོ་སྐྱེས་ཡོད། མར་ཀྲུའོ་ཡིས་གླུ་གཞས་ཀྱི་སོར་གནས་རོལ་དབྱངས་ཐོག་འགྱུར་བཅོས་བྱས་པས་མ་ཚད།གླུ་ཚིག་ལའང་བཟོ་བཅོས་བྱས་ཡོད་པ་རེད། བཟོ་བཅོས་བྱས་རྗེས་ཧྲང་ལིའུ་ཀྲུའུ་ཡི་གླུ་འདི་ཐོག་མར་ལེན་མཁན་ལ་གྱུར་ཡོད་པ་རེད། 1964ལོར་རྒྱལ་ཡོངས་ཀྱི་རིག་རྩལ་མཉམ་འཁྲབ་པེ་ཅིང་དུ་གཉེར་ཞིང་། གཡང་སྐྱིད་ཀྱིས་གླུ་འདི་བླངས་ཡོད་པ་རེད། དེར་བརྟེན།གཡང་སྐྱིད་གླུ་འདི་ལེན་མཁན་ཨང་གཉིས་པར་གྱུར་པ་རེད།1972ལོར་ཀྲུང་དབྱང་མི་དམངས་རྒྱང་སྒྲོག་ཁང་བོད་རང་སྐྱོང་ལྗོངས་སུ་སྒྲ་ཕབ་བྱེད་དུ་ཕྱིན་སྐབས། གླུ་འདི་ཚེ་བརྟན་སྒྲོལ་མས་ལེན་རྒྱུའི་གྲོས་མགོ་བཏོན་པས་མ་ཚད། གླུ་ཚིག་དུམ་མཚམས་གཅིག་བསྣན་པ་རེད།ཚེ་བརྟན་སྒྲོལ་མས་བོད་རིགས་ཀྱི་སྲོལ་རྒྱུན་དམངས་གླུ་དང་བོད་ཀྱི་ཟློས་གར་སོགས་ལ་ཟུང་འབྲེལ་བྱས་པའི་ཉམས་འགྱུར་ཐོག་ནས་བླངས་པ་རེད། 

ཇ་ཡིས་དམངས་ལ་འབྱོར་འབྲིང་འཚོ་བ་བསྐྲུན།།  གླུ་སྐད་སྙན་མོ་ཇ་རིའི་རྩེ་ནས་གྲག།

  ཇ་ལོར་བརྟེན་ནས་དབུལ་ཐར་ལམ་བུའི་ཐོག་ཏུ་བསྐྱོད།

བརྒྱད་ཟིལ་རྫོང་ཁེ་རྡོ་གྲོང་རྡལ་ཐེན་ཤང་གདོད་མའི་ཇ་ལོའི་ཐོན་ལས་གླིང་ཁུལ་གྱི་ཇ་ལོའི་ཐོན་སྐྱེད་འཁོར་ཁང་དུ་བཟོ་པ་ཚོས་སོ་སོའི་ལས་བགོས་ལ་གཞིགས་ནས་གོ་རིམ་ལྡན་པའི་ངང་ལས་རིམ་རེ་རེ་བཞིན་སྒྲུབ་བཞིན་འདུག  གླིང་ཁུལ་དེས་ཉིན་རེར་ལོ་མ་སོས་པ་སྤྱི་རྒྱ4000ལ་ཟིན་པ་ཐག་གཅོད་བྱེད་ནུས་ཡོད་ཅིང་།ཞིབ་འཇུག་གསར་བཟོ་བྱས་པའི་བོད་ཀྱི་ཇ་དམར་ལSGSསུའེ་ཙེར་གྱི་སྒྲིག་ཆས467ཞིང་སྨན་འཕྲོ་ལུས་ཞིབ་དཔྱད་ཚད་ལེན་བྱེད་སྐབས་ཚད་ལོན་བྱུང་ཡོད་པ་རེད།

ལུའོ་ཀྲེང་མེ་ཡིས་ལུས་ཝུ་གྲོང་སྡེ་ནི་གནའ་བོའི་ཚོང་འདྲེན་རྡལ་ལམ་བརྒྱུད་ཡུལ་ཕྱོགས་སུ་གནས་ཡོད་པས་ཇ་འདེབས་འཛུགས་བྱས་པའི་ལོ་རྒྱུས་ཡུན་རིང་ལྡན་ཞིང་།ད་ཆ་ད་དུང་ལོ་བརྒྱ་ཡན་གྱི་ཇ་ཤིང་སྡོང་རྒན་ཁྲི7ལྷག་ཙམ་སོར་གནས་བྱས་ནས་ཡོད། སྔོན་ཆད་ང་ཚོས་ཇ་བཏབ་པ་ནི་ཁེར་འཐབ་ཡིན་པས་ཐོན་ཚད་དང་ཡོང་འབབ་ཡག་པོ་ཡོད་ལེ་མ་རེད།  དེར་བརྟེན་ས་གནས་དེ་གས་སྣེ་འདྲེན་ཁེ་ལས་ཐེན་ཤང་ཇའི་ལས་རིགས་ནང་འདྲེན་བྱས་ནས་གདོད་མའི་མཐོ་སྒང་ཇའི་ཐོན་ལས་གླིང་བཏོད་དེ་ཐོན་ལས་སྤུས་རྟགས་ཅན་དང་ཚད་ལྡན་ཅན་ཇེ་མགྱོགས་སུ་འཛུགས་སྐྱོང་བྱས་ཡོད་ཅེས་བཤད།

ལུའོ་ཀྲེང་མེ་ནི་སྔོན་ཆད་ཁེ་རྡོ་གྲོང་རྡལ་ལུས་ཝུ་གྲོང་སྡེའི་དུད་ཚང་དབུལ་པོའི་གྲས་ཤིང་ཡིན་པ་དང་ཁྱོ་ག་ཚེ་ལས་འདས་སྔ་བས་མོ་གཅིག་པུས་བུ་ཕྲུག་གཉིས་བསྐྱངས་ནས་འཚོ་བ་རོལ།མོ་རང་ལའང་ཤེས་རིག་ཡོན་ཏན་མེད་པ་རེད།ལོ9ཡི་གོང་དུ་མོ་དུད་ཚང་དབུལ་པོའི་གྲས་སུ་བཞག་ནས་ཇ་འདེབས་འཛུགས་བྱེད་མགོ་བཙུགས་ཡོད།

ལུའོ་ཀྲེང་མེ་ཡིས་ཇ་འཐུ་བའི་ཚད་གཞི་ནི་མྱུ་གུ་གཅིག་ལ་ལོ་མ་གཅིག་ཡིན།ལག་རྩལ་བྱང་ཆུབ་ན་ཉིན་གཅིག་ལ་རྒྱ་མ10ཡན་འཐུ་ཐུབ།ངའི་ཁྱིམ་དུ་ད་ལོའི་དུས་ཚིགས་དང་པོར་ཇ་འདེབས་ཐེངས་གཅིག་ལ་ཡོང་འབབ་སྒོར7300ལྷག་རག་བྱུང་།ངས་ཇ་བཟོ་ཁང་དུ་ལས་ཀ་ཙག་ཙིག་བྱས་པར་ཉིན་རེར་ཡོང་འབབ་སྒོར100རག་བཞིན་ཡོད།   ངས་ད་དུང་བྱ་དེ་དང་ཕག་གསོ་ཚགས་བྱེད་བཞིན་ཡོད་པས་ད་ཆ་འཚོ་བ་ཧ་ཅང་སྐྱིད་པོ་ཡིན། རྫོང་གིས་བཏོན་པའི་མུའུ་ཁྲིའི་ཇ་ལོའི་ཐོན་ལས་གླིང་ནི་འཕེལ་རྒྱས་ཀྱི་འཐབ་ཇུས་ཤིག་ཡིན་པས།ང་ཚོ་དབུལ་ཕོངས་ལས་ཐར་བྱུང་ཞེས་བཤད།

ལུའོ་ཀྲེང་མེ་ཡིས་གསར་འགོར་པར་དང་ཐོག་གི་སྐབས་སུ་གྲོང་མི་ཚོས་ཇ་ཤིང་བཅད་ནས་མ་རྨོས་ལོ་ཏོག་འདེབས་འདོད་ཡོད་པ་ལས་ཇ་ཤིང་འདེབས་འདོད་མེད་པ་རེད།བརྒྱད་ཟིལ་རྫོང་ཨུ་དང་སྲིད་གཞུང་གིས་ཇའི་ཐོན་ལས་འཐབ་ཇུས་ལག་ལེན་བསྟར་བས་ང་ཚོ་ཚང་མས་སླར་ཡང་ཇ་འདེབས་རྒྱུའི་རེ་བ་འཆང་བཞིན་ཡོད་ཅེས་བཤད། རྫོང་གྲོང་གིས་ཇའི་བཟོ་གྲྭར་ད་སྔའི་རྒྱལ་ཡོངས་ཀྱི་ས་བབ་མཐོ་ཤོས་ཀྱི་རི་སྐྱེས་ཇ་ཤིང་གི་འབྱུང་ཁུངས་དང་སྐྱེ་འཚར་ཁུལ་གྱི་ཧ་ཅང་དཀོན་པའི་ཐོན་ཁུངས་ལ་བརྟེན་ནས་གངས་ལྗོངས་དང་རི་མཐོ།སྐྱེ་ཁམས་ཀྱི་ཇའི་སྤུས་རྟགས་འདུ་ཤེས་བཅངས་ཏེ་བོད་འབྲེལ་ས་ཁུལ་གྱི་ཇ་སྤུས་དག་གཏོད་པའི་དམིགས་ཡུལ་གཏན་འཁེལ་བྱས་ནས་ཇའི་ཐོན་ལས་གཞི་ཁྱོན་ཅན་དང་།སྤུས་རྟགས་ཅན།ཐོན་ལས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ས་ཁོངས་ཀྱི་ཐོན་ལས་ཁྲོམ་རའི་འགྲན་སློང་ནུས་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏང་དགོས་པའི་བླང་བྱ་བཏོན་ཡོད།དངོས་གནས་དབུལ་སྐྱོར་དང་།གནད་སྨིན་རོགས་སྐྱོར།གཙོ་གནད་རོགས་སྐྱོར།ཕུགས་ཡུན་རོགས་སྐྱོར་བཅས་ཀྱི་ལས་ཀའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་དབུལ་ཐར་དམིགས་ཡུལ་ལ་གཞིགས་ནས་དབུལ་སྐྱོར་ལམ་སྲོལ་གསར་གཏོད་དང་།དབུལ་སྐྱོར་བྱེད་སྟངས་ལེགས་བཅོས་བྱས་པ།ཤུགས་འདོན་གནད་སྨིན་དམིགས་སུ་ཐོན་པ་བྱས་ནས་དབུལ་སྐྱོར་གནད་སྨིན་ལ་སྐུལ་འདེད་གཏོང་བར་བརྟེན།ཇའི་ཞིང་པར་ཡོང་འབབ་འཕར་རྒྱུར་སྐུལ་སྤེལ་བྱས་ཏེ་ལས་གཞིའི་གླིང་ཁུལ་དུ་ཇ་འདེབས་འཛུགས་ལ་བརྟེན་ནས་དབུལ་ཐར་བྱུང་བའི་དམིགས་ཡུལ་མངོན་འགྱུར་བྱེད་གང་ཐུབ་བྱས་ནས་ས་ཁུལ་དབུལ་པོའི་མང་ཚོགས་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད།

ཉེ་བའི་ལོ་ཤས་རིང་།བརྒྱད་ཟིལ་རྫོང་གིས་སྲིད་གཞུང་དང་ཁེ་ལས་མཉམ་ལས་བྱས་པར་བརྒྱུད། ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མངགས་ཐོའི་ཞིང་ལས་དང་།བྱ་དགའ་དང་ཁ་གསབ་རོགས་སྐྱོར།རྟེན་གཞིའི་མ་རྐང་ནང་ཁེ་སྤོགས་བགོ་བ།ལག་རྩལ་གྱི་རྒྱབ་སྐྱོར།སྲུང་སྐྱོང་རིན་གོང་གཅིག་གྱུར་སོགས་ཀྱི་སྲིད་ཇུས་ལག་ལེན་བསྟར་ནས་ས་གནས་དེ་གའི་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་དང་ཁེ་ཕན་མཉམ་ཐོབ་ཀྱི་ལམ་སྲོལ་བཙུགས་ཏེ་ཇའི་ཞིང་པ་དང་མངགས་ཐོའི་ཐོག་མིང་རྟགས་བཀོད་པ་དང་།རྩལ་ནུས་གསོ་སྦྱོང་དང་།གནས་གཏན་འཁེལ་གྱི་རོགས་སྐྱོར།ཐོན་ལས་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ནས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་ཡོད།

ལུས་ཝུ་གྲོང་སྡེས་བརྒྱད་ཟིལ་རྫོང་ཨུ་ཡིས་བཏོན་པའི་གསེར་གྱི་མེ་ཏོག་ལྔའི་ཐོག་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམིགས་ནས་ཐེན་ཤང་ཇ་ལོ་འདེབས་ཁྱོན་ཆེ་རུ་བཏང་བ་དང་།གྲོང་སྡེ་ཡོངས་ཀྱི་རིམ་རྩིས་བྱས་ན་ཇ་འདེབས་ཁྱོན་མུའུ2500ལ་ཟིན་པ་དང་ཇ་ལོའི་ལོ་མ་གསར་པའི་ལོ་འཁོར་ཡོང་འབབ་སྒོར་ཁྲི100ལྷག་ཙམ་ཟིན་ནས་དུད་ཚང་ཚང་མར་ཕྱུག་འགྱུར་ཐོན་ལས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།ཉི་གཞོན་གསོ་ཚགས་མཉམ་ལས་ཁང་གི་ཕག་གསོ་ཚགས་ཀྱི་རྒྱུན་གཏན་བགྲོད་ལམ་ཐོག་བསྐྱོད་པ་དང2020ལོར་ལས་རིགས་ཞིང་པ་གསར་པ171གསོ་སྦྱོང་བྱས་ཏེ་བརྒྱད་ཟིལ་རྫོང་རྒྱ་ཐོག་ལུང་རུང་ཧྲེང་མཉམ་ལས་ཁང་བཙུགས་པ་དང་།མུའུ30ལ་ཇ་བཏབ་པ་དང་མེ་ཏོག་དབང་ལག་མུའུ650བཏབ་པར་མ་ཟད།ཐུན་མོང་དཔལ་འབྱོར་གྱི་སྔོན་འགྲོའི་གཉེར་སྐྱོང་འཆར་འགོད་བྱས་ནས་ལོ་གསུམ་སོང་རྗེས་ཐུན་མོང་དཔལ་འབྱོར་གྱི་ཕན་འབྲས་ཐོན་རྒྱུ་ཡིན་པ་རེད།།

  དམངས་འཚོའི་བདེ་སྐྱིད་ལེགས་བཅོས་ཆེན་པོ་བྱུང་།

ངའི་བུ་མོ་ལོ་ལྟར་དགུན་གསེང་དང་དབྱར་གསེང་རིང་ཁྱིམ་དུ་ལོག་གི་ཡོད།ལོ་ལྟར་ཁོ་རང་ལ་ཧ་ལས་པའི་འགྱུར་ལྡོག་གི་སྣང་བ་འཆར་བཞིན་དུ།ཨར་འདམ་གཞུང་ལམ་སྒོ་འགྲམ་དུ་བསྐྲུན་པ་དང་།གྲོང་སྡེའི་ནང་དུ་ལམ་སྒྲོན་བསྒར་བ།ད་དུང་གད་སྙིགས་གཙང་སེལ་གྱི་སྒྲིག་ཆས་ཡོད་པ་སོགས་ང་ཚོའི་གྲོང་གསེབ་ཀྱི་འཚོ་བ་ཉིན་རེ་ལས་ཉིན་རེར་ཡག་ཏུ་འགྲོ་གི་འདུག་ཅེས་བཤད་བཞིན་ཡོདཅེས་ལུའོ་ཀྲེང་མེ་ཡིས་དེ་ལྟར་བཤད།

ལུའོ་ཀྲེང་མེ་ཡིསདེ་སྔར་གྲོང་སྡེའི་ནང་ལམ་ཡག་པོ་མེད་པ་དང་།ཐོན་ལས་ཀྱི་ལམ་བུ་དེ་བས་ཀྱང་མེད་པས་ཐོན་སྐྱེད་དང་འཚོ་བའི་མ་གནས་མཐོ་པོ་ཡོདཅེས་བཤད། སྔོན་མར་ང་ཚོའི་ཁྱིམ་གྱི་སྒོ་འགྲམ་དུ་འདམ་རྡོའི་ལམ་ཡིན་པས།དབྱར་ཁ་སླེབས་དུས་ལམ་འགྲམ་དུ་རྩྭ་ལྡུམ་མང་པོ་སྐྱེས་ཀྱི་ཡོད།ལྷག་པར་དུ་ཆར་པ་བབས་རྗེས་ལམ་དེར་འགྲོ་སྐབས་དོར་མའི་ཐོག་འདམ་རྫབ་ཀྱིས་ཁེངས་ཡོད། ངའི་ཁྱིམ་ནི་ལམ་དེའི་མཐའ་ན་ཡོད།ལམ་དེར་ཞིང་ལས་དལ་ཁོམ་དུས་སུ་ངས་རྩྭ་འབྲེག་པར་འགྲོ་གི་ཡོད།འོན་ཀྱང་ཞིང་ལས་ལ་བྲེལ་དུས་རྩྭ་འབྲེག་རྒྱུ་བརྗེད་སོང་བས།རྩྭ་ལྡུམ་དེ་དག་མི་གཅིག་གི་མཐོ་ཚད་ལ་སླེབས་ཀྱི་ཡོདཅེས་ལུའོ་ཀྲེང་མེ་ཡིས་དེ་ལྟར་བཤད་ཞོར་དུ་མགོ་བོ་གཡུག་གཡུག་བྱས་ཤིང་། ཞིང་ལུད་སྐྱེལ་འདྲེན་དང་བརྔ་བསྡུ་བྱེད་སྐབས་ཚང་མ་མིའི་རྒྱབ་ལ་བརྟེན་ནས་ཁུར་དགོས་པས་དཀའ་ལས་ཆེན་པོ་ཡོདཅེས་བཤད། ད་དུང་ཕར་ཕྱོགས་ཀྱི་སྐས་འཛེགས་དེ་མ་བཟོས་གོང་འདམ་པའི་ལམ་ཞིག་ཡིན།ཐེངས་ཤིག་ལ་ངས་ཇ་ཁུར་ནས་ལམ་ཐག་ཉེ་སར་འགྲོ་བསམ་ནས་དེའི་ཕྱོགས་སུ་སླེབས་དུས་རྐང་པ་འདྲེད་ནས་སླེས་པོ་དང་མཉམ་དུ་འགྲིལ་བྱུངཞེས་ལུའོ་ཀྲེང་མེ་ཡིས་དབུགས་རིང་འབྱིན་བཞིན་གྲོང་སྡེ་རུ་ལམ་མ་ལས་གོང་གི་གནས་ཚུལ་རེ་རེ་བཞིན་དྲངས་ནས་བཤད། སྔོན་ཆད་ལུས་ཝུ་གྲོང་སྡེའི་འགྲོ་ལམ་ཀྱག་ཀྱོག་དང་ཐལ་རྡུལ་གྱིས་ཁེངས་ཤིང་།ད་ཆ་གྲོང་སྡེའི་འགྲོ་ལམ་ཁོད་སྙོམས་ལ་ད་དུང་ལམ་ཐིག་ཧྲིལ་པོར་ཉི་ནུས་ལམ་སྒྲོན་བསྒར་ཡོད། གྲོང་སྡེའི་ནང་གི་ཕྲུ་གུ་ཚོས་ད་ཆ་གྲོང་སྡེའི་ནང་གི་རྣམ་པ་ཧ་ཅང་ཡག་པོ་འདུག་ཅེས་བཤད་བཞིན་ཡོད།

ལམ་བཟོས་རྗེས་ང་ཚོའི་འགྲོ་འོང་སྟབས་བདེ་རུ་ཕྱིན་སོང་།གྲོང་སྡེའི་ནང་གི་ཁེ་ལས་ཀྱི་ཚོང་ཡང་དེ་བས་ཡག་ཏུ་ཕྱིན་སོང་།སྔོན་ཆད་ལམ་རྒྱུད་ཀྱི་རང་བྱུང་གྲོང་སྡེར་ས་རྒོད་དུ་ལུས་པའི་ས་ཞིང་ཚང་མ་བོགས་མར་བཏང་བས་གྲོང་སྡེའི་མཉམ་སྡེབ་ཡོང་འབབ་མང་དུ་ཕྱིན་ཡོད།གྲོང་སྡེའི་ལམ་དེ་ཨར་འདམ་ལམ་དུ་གྱུར་རྗེས་ཕྲུ་གུ་ཚོ་སློབ་གྲྭར་སྐྱོད་སྐབས་འདམ་པའི་ལམ་དུ་འགྲོ་དགོས་ཀྱི་མེདཅེས་ལུའོ་ཀྲེང་མེ་ཡིས་གྲོང་སྡེའི་ནང་གི་ལོ་དེ་དག་རིང་གི་འགྱུར་ལྡོག་ཐད་བཤད་པ་ན་གྲོང་སྡེའི་ཨར་འདམ་ཅན་དང་གཞུང་ལམ་དྲ་བ་འཐུས་ཚང་དུ་སོང་བ་དེ་ཚོའི་འགྱུར་ལྡོག་རེད།

ཁེ་རྡོ་གྲོང་རྡལ་སྲིད་གཞུང་ནས་ལྷོ་ནུབ་ཏུ་རྐང་ཐང་སྨི་ལྔ་བརྒྱ་དྲུག་བརྒྱ་ཙམ་སོང་རྗེས།ཡངས་ཤིང་ཁོད་སྙོམས་པའི་ཨར་འདམ་ལམ་ཞིག་མིག་མདུན་དུ་ཤར་བ་རེད།ལམ་གྱི་གཡས་གཡོན་གཉིས་སུ་ཅུ་ལི་ཤིང་སོགས་སྐྱེད་ཚལ་གྱི་སྡོང་ཕྲུག་གྲལ་སྟར་འགྲིག་པོས་བཙུགས་ཡོད་པ་དང་།ཞིང་ལས་ཐོན་རྫས་སྐྱེལ་འདྲེན་བྱེད་པའི་གྲོང་མི་ཚོས་འཁོར་གསུམ་འཕྲུལ་རྟ་བཞོན་ནས་སྐྱོད་ཀྱིན་ཡོད་པ་རེད།

ལམ་འདི་ནི་སྔོན་ཆད་བྱེ་མ་དང་རྡོ་ཧྲུག་གི་ལམ་ཡིན་པ་དང་།འབར་འབུར་དང་ངོ་སྙོམས་མིན་པས།གནམ་དྭངས་དུས་ཐལ་རྡུལ་འཚུབ་ཏེ་ལམ་འགྲོ་བ་དང་།ཆར་པ་བབས་དུས་འདམ་རྫབ་ཀྱིས་ཁེངས་པ།ལམ་ཁའི་རྩྭ་ལྡུམ་ཕལ་ཆེར་ལམ་དཀྱིལ་དུ་སྐྱེས་ཡོད་པས།གྲོང་མི་ཚོ་ཞིང་ལས་ཐོན་རྫས་སྐྱེལ་འདྲེན་བྱེད་སྐབས་ཧ་ཅང་སྟབས་བདེ་པོ་མེདཅེས་ལུའོ་ཀྲེང་མེ་ཡིས་དེ་ལྟར་བཤད་བཞིན། གང་མྱུར་གྱིས་ལམ་ཡག་པོ་བསྐྲུན་རྒྱུ་ནི་གྲོང་མི་ཚོའི་ལོ་མང་རིང་གི་རེ་སྒུག་ཅིག་རེད།

ལམ་བདེ་ན་འབྱོར་ཕྱུག་རྒྱས་ཞེས་པའི་དཔེ་ལྟར།གྲོང་སྡེའི་ཧྲུའུ་ཅི་དང་པོས་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ནས་ཚོ་བ་དང་ཚོ་བའི་བར་གྱི་ལམ་སྤྱི་ལེ12དང་དུད་ཚང་མཉམ་འབྲེལ་གྱི་ལམ་སྤྱི་ལེ8.5བསྐྲུན་པ་དང་།ཆུ་ཡུར་སྤྱི་ལེ2དང་གད་སྙིགས་བླུག་ས18བཟོས་པ།བཙོག་ཆུའི་ཆུ་ཤུར་སྤྱི་ལེ0.65གཙང་བཟོ་བྱས་པ་དང་ཉི་ནུས་ལམ་སྒྲོན40སྒྲིག་སྦྱོར་བཅས་བྱས་ནས་གྲོང་མི་ཚོ་འགྲོ་འོང་དཀའ་བ་དང་།གྲོང་སྡེའི་རྨང་གཞིའི་སྒྲིག་བཀོད་ཐག་གཅོད་ལེགས་པོར་བྱས་པ་རེད། གྲོང་སྡེའི་ནང་ད་དུང་གད་སྙིགས་བླུགས་སྒམ120ཉོས་ནས་སྤྲད་པས་ལུས་ཝུ་གྲོང་སྡེའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་པ་རེད།

ལུའོ་ཀྲེང་མེ་ཡིསད་ལྟ་རླངས་འཁོར་རང་ཁྱིམ་གྱི་སྒོ་རའི་ནང་གཏོང་ཆོག་པ་དང་།གད་སྙིགས་བླུགས་སའི་རྫིང་བུ་ཡོད་པས་གྲོང་ཚོར་གད་སྙིགས་མཐོང་རྒྱུ་མི་འདུག  མཚན་མོར་གློག་སྒྲོན་ཡོད་པས་གྲོང་ཚོ་ཧྲིལ་པོར་བཀྲག་མདངས་འཚེར་ཞིང་མཛེས་སྡུག་ལྡན་པ་དང་། མི་ཚང་མར་སྐྱེ་སྟོབས་དང་སེམས་ཤུགས་འཕེལ་བའི་ཉམས་ཤིག་ངམ་ངང་ཤུགས་ཀྱིས་སྐྱེས་བཞིན་འདུགཅེས་བཤད། འགྱུར་ལྡོག་དེ་དག་ནི་དྲིན་ཆེན་པོ་ཏང་གི་སྲིད་ཇུས་བཟང་པོ་ལ་བརྟེན་ནས་བྱུང་བ་རེད།

ང་ཚོའི་གྲོང་ཚོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ཇ་ཞིང་ནང་ལྟ་སྐོར་འགྲོ་སའི་རྐང་ལམ་དང་མཛེས་ལྗོངས་ལ་ལྟ་སའི་སྟེགས་བུ་སོགས་བསྐྲུན་ནས་ཡུལ་སྐོར་བ་ཡོང་བར་ཡིད་དབང་འགུག་པའི་རྣམ་པ་ཡག་པོ་བསྐྲུན་ཡོདཅེས་ལུའོ་ཀྲེང་མེ་ཡིས་དེ་ལྟར་ངོ་སྤྲོད་བྱས་པ་དང་།ཇ་ལོའི་གླིང་ཁུལ་དུམིས་བཟོས་ཡུལ་ལྗོངསཁག་གཅིག་བཏོད་དེ་ཇ་ཞིང་མཛེས་ལྗོངས་ཁུལ་དུ་བསྒྱུར་ནས་ཡུལ་སྐོར་བའི་ཉམས་ལེན་བྱེད་ཚད་མཐོ་རུ་བཏང་ཐོག་ཕྱིན་ཆད་ཀྱི་གྲོང་གསེབ་ཡུལ་སྐོར་དང་གྲོང་གསེབ་དར་རྒྱས་ཡོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།

  བདེ་སྐྱིད་ནི་འབད་འཐབ་བྱས་ནས་བྱུང་བ་ཞིག་ཡིན།

ལུའོ་ཀྲེང་མེ་ཡིས་གསར་འགོད་པར་ཏང་དང་རྒྱལ་ཁབ་ཀྱི་རོགས་རམ་མེད་ན་ངས་ད་ལྟའི་འཚོ་བ་འདྲ་རོལ་ག་ལ་ཐུབ། མ་གཞིར་ཇ་འདེབས་པའི་ཐོག་མའི་དུས་སུ་ཁོ་ལ་གཅིག་ནས་མ་དངུལ་མེད་པ་དང་གཉིས་ནས་ལག་རྩལ་མེད་པ། གལ་སྲིད་དབུལ་སྐྱོར་འབོར་ཆུང་དངུལ་བུན་དང་ཚན་རྩལ་རོགས་སྐྱོར་མེད་ཚེ་མོའི་སྐད་ཆའི་ཐོག་ནས་བཤད་ན་གོམ་པ་གང་ཡང་སྤོ་མི་ཐུབ་པ་རེད་ཅེས་བཤད་པ་རེད།

འདས་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས། མོ་ཡིས་ཁྱོ་ག་ཚེ་ལས་འདས་པའི་དབང་གིས་རང་ཉིད་གཅིག་པུས་སློབ་གྲྭ་རུ་འགྲོ་བཞིན་པའི་ཕྲུ་གུ་གཉིས་གསོ་དགོས་པས་འཚོ་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་བཤད་ཅིང་། རྒྱལ་ཁབ་ཀྱིས་དབུལ་སྐྱོར་གནད་སྨིན་བྱས་ཏེ་མོ་གཙོ་གནད་རོགས་སྐྱོར་བྱ་ཡུལ་དུ་བཞག་ཡོད་མོད། འོན་ཀྱང་མོར་བྱ་བ་གང་ཞིག་སྒྲུབ་དགོས་པ་དང་།བྱ་བ་ཅི་ཞིག་བསྒྲུབ་ཐུབ་རྒྱུའི་གདེང་ཚོད་གཏན་ནས་མེད། ཕྲུ་གུའི་སློབ་གསོ་རོགས་དངུལ་གྱི་དངུལ་བུན་གཡར་བའི་ཆེད་དུ་ཁྱིམ་ནང་གི་ཞིང་ཚང་མར་ཇ་འདེབས་འཛུགས་བྱས་པ་དེའང་སེམས་ཁྲལ་ཆེན་པོ་ཞིག་རེད། རོགས་སྐྱོར་ལས་བྱེད་པ་ཚོས་མོའི་གནས་ཚུལ་ལ་གཞིགས་ཏེ་མོ་དང་མཉམ་དུ་དབུལ་ཐར་འཆར་གཞི་བཀོད་ནས་མོ་ལ་བློ་ཁོག་ཆེན་པོས་ལས་དོན་བསྒྲུབ་རྒྱུའི་སྐུལ་མ་བྱས་པ་རེད།

སླད་ཕྱིན། རྫོང་དང་ཡུལ་ཤོག་གི་རྩ་འཛུགས་ཀྱི་གསོ་སྐྱོང་འདུ་འགོད་སྒྲོག་འགྲེལ་ཉན་པར་བརྒྱུད། མོ་ཡིས་སྒྲོག་འགྲེལ་པ་ཚོས་བབ་ཆགས་ཀྱི་སྐད་ཆའི་ཐོག་ནས་བཤད་པའི་གནས་ལུགས་དག་རང་ཉིད་ཀྱི་ཐོག་ཏུ་བཞག་ནས་ཚོད་དཔག་བྱས་པ་ལྟར་ན། རོགས་སྐྱོར་སྲིད་ཇུས་ཁོ་ནར་བརྟེན་ནས་མིག་མདུན་གྱི་འཚོ་བ་ལེགས་སུ་ཕྱིན་པ་མ་གཏོགས་ཡུན་རིང་པོ་འཚོ་བ་ཡག་པོ་རོལ་ཐུབ་ཀྱི་མེད་པ་ཤེས། རང་ཁྱིམ་གྱིས་སྔོན་ཆད་སྲིད་གཞུང་གི་རོགས་སྐྱོབ་མང་པོ་དང་ཁ་གསབ་རོགས་དངུལ་ལོངས་སུ་སྤྱད་ཀྱང་སྔར་བཞིན་དབུལ་ཕོངས་ཀྱི་གནས་ལས་ཐར་བའི་རྩ་བའི་རྒྱུ་རྐྱེན་མེད་པ་བཟོ་མ་ཐུབ་པས་དོན་དངོས་སུ་དབུལ་ཐར་བྱུང་མེད། སྲིད་ཇུས་ནི་ཁྲིད་སྟོན་ཞིག་དང་རྒྱབ་རྩ་ཞིག་ཡིན་ལ། རང་གི་དཀའ་སྤྱད་འབད་བརྩོན་བྱས་ཏེ་ཕྱུག་པོར་ཆགས་པ་ནི་གནད་འགག་རེད།

ལུའོ་ཀྲེང་མེ་ཡིས་དབུལ་སྐྱོར་བྱེད་པར་སྲིད་གཞུང་གིས་ཁྱོད་ལ་རོགས་སྐྱོར་བྱས་ཏེ་ཡར་ལངས་བཅུག་པ། གལ་སྲིད་རང་ཉིད་གོ་མ་ཆོད་ན་སླར་ཡང་དབུལ་པོ་འགྱུར་བ་མིན་ནམ། ལོ་དེ་དག་ནང་ཇ་ལོ་བཏབ་ནས་འཚོ་བ་ལེགས་སུ་ཕྱིན་པར་མ་ཟད། སེམས་ཁམས་ཀྱང་སྐྱིད་པོ་བྱུང་ཡོད་ཅེས་བཤད།

ཇ་ལོ་བཏབ་རྗེས་འཚོ་བ་ཡག་ཏུ་ཕྱིན་དུས་མོ་ཡིས་ད་དུང་བྱ་གསོས་ཡོད། མོ་ཡིས་ངས་གསོས་པའི་བྱ་དེ་ནི་གཞི་ནས་རི་བྱ་ངོ་མ་ཡིན་པ་དང་ཉིན་མོར་བྱ་ཚོ་ཇ་ཞིང་ནང་མངགས་ཤིང་འབུ་ཟོས་བཅུག བྱ་སྐྱག་ད་དུང་ཐད་ཀར་སྐྱེ་ལྡན་ལུད་རྫས་བྱས་ཆོག གལ་ཆེ་ཤོས་ནི་རི་བྱ་དེའི་རིན་གོང་མཐོན་པོ་རག་གི་རེད། རིན་གོང་ཡག་པའི་སྐབས་སུ་བྱ་རྒྱ་མ་གང་ལ་སྒོར28བྱས་ནས་འཚོང་གི་ཡོད། ཧུར་བརྩོན་ཅན་གྱི་མི་ཞིག་ཡིན་ཚེ་འཚོ་བར་དཀའ་སྡུག་ཡོང་གི་མི་འདུག

ངའི་ཕྲུ་གུ་གཉིས་ཀ་སློབ་གྲྭའི་ནང་སློབ་སྦྱོང་བྱེད་ཀྱི་ཡོད། གང་ས་གང་དུ་དངུལ་གཏོང་ཡུལ་རེད། སྒོར་མོ་ལེན་ཐབས་མང་པོ་མ་བྱེད་ན་དཀའ་མོ་རེད།  ད་ལྟ་བུ་མོ་ཆེ་བས་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་ཡོད། བུ་ཆུང་བ་མཐོ་རྒྱུགས་ལ་ཞུགས་དགོས་ཀྱི་ཡོད། ཁོ་ཚོ་ཚང་མ་བསམ་ཡོད་ཅན་ཡིན། ལོ་ལྟར་གུང་གསེང་ནང་ཁྱིམ་དུ་ལོག་ནས་ང་ལ་ལས་རོགས་བྱེད་བཞིན་ཡོད། མོ་ཡིས་ངས་རྒྱུན་དུ་ཕྲུ་གུ་ཚོར་རིག་གནས་ཡག་པོ་སྦྱངས་ནས་མི་ཡག་པོ་ཞིག་བྱ་དགོས་པའི་སློབ་གསོ་གཏོང་གི་ཡོད། ནར་སོན་རྗེས་མི་ཡག་པོ་ཞིག་བྱ་དགོས་པར་མ་ཟད། ད་དུང་རྒྱལ་ཁབ་དང་ཕ་ཡུལ་ལ་འཇོན་ནུས་འདོན་ཅི་ཐུབ་བྱ་དགོས་ཞེས་སློབ་གསོ་བྱེད་བཞིན་ཡོད་ཅེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་བསྐྲུན་ནས་ཡུལ་སྡེ་དར་རྒྱས་ཀྱི་མྱུར་བགྲོད་ལམ་བུ་བཏོད།
  • ལེ་ཚན་རྗེས་མ།:གསར་བརྗེའི་གྲོང་ཁྱེར་གྱི་འཕེལ་འགྱུར་ཆེན་པོ།
  • དོ་སྣང་ཆེ་བའི་རྩོམ།