བདེ་ཆེན་གྱིས་བསྒྱུར། 2022-02-15
ཉེ་ཆར། གསར་འགོད་པས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱིས2022ལོའི་སྤྱི་ཟླ་དང་པོའི་ཚེས31ཉིན་ནས་བཟུང་ཡུལ་སྐོར་སྣེ་ལེན་བྱེད་མགོ་ཚུགས་པ་དང་། སྣེ་ལེན་ཞུ་ཚད་ཇེ་མང་དུ་སོང་བས། སྤྱི་ཟླ2པའི་ཚེས6ཉིན་གྱི་ཆུ་ཚོད12བར་ཁུལ་ཡོངས་ཀྱིས་ཡུལ་སྐོར་བ་ཁྱོན་བསྡོམས་ཁྲི22.1253ལ་སྣེ་ལེན་བྱས་ཏེ། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར2.434ལ་ཟིན་པ་རེད།
དར་མདོ་དང་། ལྕགས་ཟམ་ཁ། རོང་བྲག། རྟའུ་བཅས་ཀྱིས་ཡུལ་སྐོར་བ་ཁྲི16.015ལ་སྣེ་ལེན་བྱས་ཏེ་བརྒྱ་ཆ72.24ལ་ཟིན་པ་དང་། ཁམས་བྱང་དང་ཁམས་ལྷོས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་དེ་སྣེ་ལེན་བསྡོམས་འབོར་གྱི་བརྒྱ་ཆ27.76ལ་ཟིན་པ་རེད། དུང་དཀར་ལུང་པའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི2.15ལ་སྣེ་ལེན་བྱས་ཏེ། སྒོ་འཛིན་ཡོང་འབབ་སྒོར་ཁྲི92.14རག་ཡོད། ཉི་སྟེན་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.0847ལ་སྣེ་ལེན་བྱས་ཏེ། སྒོ་འཛིན་ཡོང་འབབ་སྒོར་ཁྲི4.395རག་ཡོད། གྱ་གྱུ་བོད་གྲོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.5905ལ་སྣེ་ལེན་བྱས་ཏེ། སྒོ་འཛིན་ཡོང་འབབ་སྒོར་ཁྲི3.25རག་ཡོད། ལྕགས་ཟམ་ཁ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི2.69ལ་སྣེ་ལེན་བྱས་ཏེ། སྒོ་འཛིན་ཡོང་འབབ་སྒོར་ཁྲི22.54རག་ཡོད། མི་རྒོད་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི0.8057ལ་སྣེ་ལེན་བྱས་ཏེ། སྒོ་འཛིན་ཡོང་འབབ་སྒོར་ཁྲི27.8869རག་ཡོད། རྡོ་གསེག་སྤྱི་གླིང་གིས་ཡུལ་སྐོར་བ་ཁྲི0.1287ལ་སྣེ་ལེན་བྱས་ཏེ། སྒོ་འཛིན་ཡོང་འབབ་སྒོར་ཁྲི3.807རག་ཡོད་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10