ལྷ་འཛོམས་ཀྱིས་བསྒྱུར། 2022-02-16
སྤྱི་ཟླ2པའི་ཚེས4ཉིན་ནི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བྱེད་སྒོ་སྤེལ་བའི་ཉིན་མོ་ཡིན་པས། སྔ་དྲོའི་ཆུ་ཚོད8དང་སྐར་མ55ཡི་ཐོག་པེ་ཅིང་དབྱི་ཧོ་སྐྱེད་ཚལ་དུ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱ་ཡུལ་དུ་ཁམས་པའི་ཕོ་རྒོད་ཅིག་ལ་མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། སི་ཁྲོན་དཀར་མཛེས་ཁུལ་ནས་ཡོངས་བའི་གངས་ཅན་སྦྲག་ལམ་ཕོ་ཉ་སྟེ་འཆི་མེད་རྡོ་རྗེས་ཨོ་རྩལ་དཔལ་འབར་མཐོན་པོར་བསྒྲེངས་ཤིང་གོམ་སྟབས་བརྟན་ལ་ངོ་གདོང་དུ་སྤོབས་སེམས་ཀྱིས་རབ་ཏུ་ཁེངས་ཡོད། ཁུན་མིང་གཙང་པོའི་ངོགས་སུ་མེ་སོན་ཁྱད་མཚར་བརྒྱུད་སྤྲོད་བྱས་ཏེ་གཟི་བརྗིད་ཀྱི་དཔལ་ལ་རོལ་བའི་དུས་སྐབས་ཤིག་གི་དཔང་པོ་བྱས།
གངས་ལྗོངས་དཀར་མཛེས་ཁུལ་ནས་གངས་འཁྱགས་པེ་ཅིང་བར་འཆི་མེད་རྡོ་རྗེས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར་གྱི་འཐུས་མི་ཞིག་ཡིན་པའི་ངོས་ནས་དམིགས་བསལ་གྱི་དཔལ་འབར་བརྒྱུད་སྤྲོད་བྱེད་པའི་ཁྲོད་དཀར་མཛེས་ཁུལ་གྱི་མི་རིགས་ཁག་གིས་འབད་འཐབ་ཀྱི་རྗེས་ཤུལ་མངོན་པར་བྱས་ཡོད།
ཉིན་དེར་འཆི་མེད་རྡོ་རྗེ་ནི་པེ་ཅིང་འགྲན་ཁུལ་དབྱི་ཧོ་སྐྱེད་ཚལ་བརྒྱུད་སྤྲོད་ཡུལ་གྱི་ཨང15པ་དེ་ཡིན་པས་མ་ཚད། ད་དུང་རང་ཁུལ་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འཁྱེར་མཁན་ཉག་ཅིག་དེ་ཡང་ཡིན་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10