རང་ཁུལ་གྱིས་བྱ་ཐབས་གསུམ་ལ་སྤྱད་དེ་ས་ཆུ་སྲུང་འཛིན་གྱི་ལས་དོན་ལ་སྐུལ་འདེད་བཏང་།

ལྷ་འཛོམས་ཀྱིས་བསྒྱུར།        2022-02-16

ན་ནིང་ནས་བཟུང་། རང་ཁུལ་གྱིས་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་ནུས་སྔར་བས་ཆེ་རུ་བཏང་བ་དང་། ཁྲིམས་ལྟར་སྲིད་འཛིན་པའི་ཆུ་ཚད་མཐོ་རུ་བཏང་བ། ལྟ་སྐུལ་དོ་དམ་བྱ་ཐབས་ལ་ཤུགས་བརྒྱབ་པ་བཅས་བྱས་ནས་ས་ཆུ་སྲུང་འཛིན་གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

རང་བྱུང་ནགས་ཚལ་སྲུང་སྐྱོང་དང་ཆུ་ཁོངས་བཅོས་སྐྱོང་དང་སྲུང་སྐྱོང་སོགས་གཙོ་གནད་ལས་གྲྭའི་ལས་གཞི་ནུས་ཤུགས་ཡོད་རྒུས་ལག་བསྟར་བྱས་ནས་འབབ་རྒྱུད་ཆུང་གྲས་ཚན་པར་བྱས་ཏེ་གནད་སྨིན་བཅོས་སྐྱོང་ལག་བསྟར་བྱས་པ་དང་སྐྱེ་ཁམས་སྲུང་སྐྱོང་འགན་ལེན་ནུས་པ་ཆེ་རུ་བཏང་ཡོད། 2021ལོར་མ་དངུལ་སྒོར་ཁྲི1741བཏང་ནས་འབབ་རྒྱུད་ཆུང་གྲས་སྤྱི་ལེ་གྲུ་བཞི་མ54.25བཅོས་སྐྱོང་བྱས་ཡོད། ས་ཆུ་ཤོར་བ་བཅོས་སྐྱོང་སྤྱི་ལེ་གྲུ་བཞི་མ977བྱས་ནས་དམིགས་འབེན་ལས་འགན་གྱི་བརྒྱ་ཆ100.5ལེགས་གྲུབ་བྱུང་ཡོད།

2021ལོར་ཁྱོན་ཡོངས་ལ་ལྟ་སྐུལ་ཞིབ་བཤེར་གྱི་རེས་སྐོར4བྱས་པ་དང་། རིམ་རྩིས་བྱས་ན་རིགས་ཁག་གི་ཆུ་དང་འབྲེལ་བ་ཡོད་པའི་གནད་དོན306ཤེས་ནས་དེའི་ནང་གནད་དོན279ལ་བཅོས་སྒྲིག་བྱེད་པ་དང203གཙང་དག་ཐུབ་ཡོད། ཆུ་འབྲེལ་གྱོད་གཞི15ཞིབ་བཤེར་ཐག་གཅོད་བྱས་ནས་དངུལ་ཆད་སྒོར་ཁྲི249.107ལ་ཟིན་ཡོད། 2021ལོའི་གོང་གི་ས་ཆུ་སྲུང་འཛིན་གྱི་གུན་གསབ་དངུལ་སྒོར་ཁྲི147གསབ་བསྡུ་བྱས་ཡོད། 2021ལོའི་རྗེས་ཀྱི་ས་ཆུ་སྲུང་འཛིན་གྱི་སྐྱིན་ཚབ་སྒོར་ཁྲི2718.45ཚབ་བསྡུ་བྱས་ཡོད།

སྲུང་སྐར་རྒྱང་ཚོར་དང་མི་མེད་འཕྲུལ་འཁོར། སྒུལ་བདེའི་བསྒྲིགས་སྣེ་སོགས་སྔོན་ཐོན་བྱ་ཐབས་སྤྱད་དེ་ས་ཆུ་སྲུང་འཛིན་ཆ་འཕྲིན་ཅན་གྱི་ས་ཁོངས་སུ་ལྟ་སྐུལ་དོ་དམ་དཔེ་རིས་ལ་བསྐྱར་ཞིབ་བྱས་ཡོད། 2021ལོར་ཡུལ་དངོས་སུ་བསྐྱར་ཞིབ་པར་རིས975བཟོས་ནས་ཁྲིམས་འགལ་སྒྲིག་འགལ་གྱི་ལས་གཞི77ལ་ཞིབ་བཤེར་ཐག་གཅོད་བྱས་པ་དང་ཞིབ་བཤེར་ཐག་གཅོད་བྱེད་ཚད་བརྒྱ་ཆ100ལ་ཟིན་ཡོད།


  • ལེ་ཚན་སྔོན་མ།:རང་ཁུལ་དང་དབྱི་པིང་གྲོང་ཁྱེར་གྱིས་ས་ཁོངས་བརྒལ་བའི་གླིང་ཁུལ་གྱི་མཉམ་ལས་གྲོས་མཐུན་བཞག།
  • ལེ་ཚན་རྗེས་མ།:འཆི་མེད་རྡོ་རྗེས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱས།
  • དོ་སྣང་ཆེ་བའི་རྩོམ།