ལྷ་འཛོམས་ཀྱིས་བསྒྱུར། 2022-02-21
སྤྱི་ཟླ2ཚེས14ནས་ཚེས15ཉིན་བར། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་དར་མདོར་འཚོགས་པ།འདི་ནི་ཚོགས་ཆེན་གྱི་ཚོགས་ར་རེད།
སྤྱི་ཟླ2ཚེས14ནས་ཚེས15ཉིན་བར། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་དར་མདོར་འཚོགས་ཤིང་།ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་བློ་རྩ་བརྟན་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་དང་། ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་དང་།ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་རྒྱུན་འཁྱོངས་བྱེད་པ། རང་ངོས་ཀྱི་གསར་བརྗེའི་སྙིང་སྟོབས་ནམ་ཡང་རྒྱུན་འཛིན་བྱས་ནས་དུས་ནམ་ཡང་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལས་རྒྱལ་ཁ་གསར་པ་འཐོབ་རྒྱུར་སྐུལ་འདེད་རྒྱུན་ཆད་མེད་པར་གཏང་དགོས་ཞེས་གསུངས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྙིང་དོན་བརྒྱུད་བསྒྲགས་གནང་བ་རེད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ལེ་ཅན་ཕིང་ཚོགས་འདུར་ཞུགས་པ་རེད།
གྲོས་ཚོགས་ཐོག་བསྟན་དོན། འདས་པའི་ལོ་གཅིག་གི་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག། ཞིང་ཆེན་ཏང་ཨུའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག། ཞིང་ཆེན་སྒྲིག་ཁྲིམས་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས་ཞིབ་ཕྲའི་མཛུབ་ཁྲིད་གནང་འོག་ཁུལ་ཨུས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱ་རྒྱུ་མི་སེམས་སུ་ཟུག་པ་དང་། རུལ་སུངས་དང་རྔན་ཟ་ལ་ཆད་གཅོད་ནན་པོ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་མི་ལས་བྱེད་པའི་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ་ནུས་ལྡན་བྱེད་པ། ཏང་གི་ལས་བྱེད་པ་ཡག་པོའི་ཚད་གཞི་ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ཕན་འབྲས་གསར་པ་ཐོབ་ཡོད། འོན་ཀྱང་རིག་པ་དྭངས་གསལ་གྱི་སྒོ་ནས་ངོས་འཛིན་བྱ་དགོས་པ་ཞིག་ལ། ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་ཞིག་ཡིན་པས་ངེས་པར་དུ་ཡིག་རྒྱུགས་ནང་ཞུགས་པ་ལྟ་བུའི་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱས་ཏེ། ཞུམ་མེད་ཀྱི་བློ་སྟོབས་དང་རྒྱལ་ཁ་ཐོབ་ངེས་ཀྱི་དད་སེམས་ཆེ་རུ་ཏན་ཏིག་བཏང་ནས་ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པ་དང་ཏང་གི་དྭངས་གཙང་རང་བཞིན་ཉམས་ཞན་དུ་གཏོང་བའི་གནད་དོན་མཐའ་དག་ལ་འཐབ་རྩོད་མཐའ་གཅིག་ཏུ་བྱ་དགོས།
གྲོས་ཚོགས་ཐོག་ནན་གསུང་གནང་དོན། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་དམིགས་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་བྱེད་པ་དང་རང་རྟོགས་ངང“སྲུང་སྐྱོང་གཉིས”ཐུབ་པ་བྱ་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་ཆེ་རུ་གཏོང་བ། གསར་བརྗེའི་ཁྲག་རྒྱུན་འཛིན་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་། རིམ་པ་ཁག་གི་ཏང་མི་ལས་བྱེད་པས་ཏང་ལ་མཐའ་གཅིག་ཏུ་བློ་དཀར་སེམས་དཀར་བྱ་རྒྱུའི་ཁྲིད་སྟོན་བཅས་བྱ་དགོས། “རྒྱལ་དོན་དང་རྒྱལ་ཇུས་ཆེན་པོ”ལ་དམིགས་ནས་ཆབ་སྲིད་ལྟ་སྐུལ་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏང་དགོས། ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དེ་ལག་བསྟར་གང་དུ་བྱེད་ཚེ་ཆབ་སྲིད་ལྟ་སྐུལ་གྱི་ལས་དོན་ཡང་དེ་རུ་སྤེལ་ཐུབ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་བ་དང་།“དཔེ་སྟོན་ཁུལ་གཉིས་དང་རྟེན་གནས་གསུམ”གསར་སྐྲུན་བྱེད་པ།“འཐབ་ཇུས་ཆེན་པོ་ལྔ”ལག་ལེན་བསྟར་བ་སོགས་ཀྱི་གཙོ་གནད་ལས་འགན་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་བརྒྱབ་སྟེ་བཀོད་སྒྲིག་ཁག་དོན་འཁྱོལ་དང་མཇུག་མཐར་ཕན་འབྲས་ཐོན་པའི་འགན་ལེན་བྱ་དགོས། རྒྱུད་རིམ་ལྡན་པས་བཅོས་སྐྱོང་བྱ་རྒྱུར་དམིགས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ་དང་རུལ་སུངས་བྱེད་མི་འདོད་པ་གཞི་གཅིག་ཅན་དུ་སྐུལ་འདེད་གཏང་དགོས། རྔན་ཟ་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་དང་། མངོན་མེད་རང་བཞིན་གྱི་གནད་དོན། རང་གཤིས་ཅན་གྱི་གནད་དོན་བཅས་ཀྱི་ཐོག་ནས་མངོན་པའི་ལམ་ལུགས་ཀྱི་སྐྱོན་ཆ་དང་། དོ་དམ་གྱི་ཞན་ཆ། ལྟ་སྐུལ་གྱི་མི་ཐེབས་ས་བཅས་ལེགས་སྒྲིག་ནན་ཏན་བྱས་ཏེ་དཔེ་མཚོན་གྱིས་དཔྱད་གཞིར་འཛིན་པ་དང་།དཔེ་མཚོན་གྱིས་བཅོས་བསྒྱུར་ལ་སྐུལ་འདེད་དང་དཔེ་མཚོན་གྱིས་བཅོས་སྒྲིག་ལ་སྐུལ་འདེད་བཅས་གཏིང་ཟབ་བཏང་ནས་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་སྲ་བརྟན་དང་འཕེལ་བ་བྱ་དགོས། མི་དམངས་ཀྱི་ལངས་ཕྱོགས་བརྟན་ཚུགས་བྱས་ནས་སྙིང་རུས་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་ཏེ་སྲོལ་གསར་གཏོད་དགོས། མང་ཚོགས་ཀྱི་བསམ་འཆར་མང་བའི་གནད་དོན་མངོན་གསལ་ཅན་རྩད་ཞིབ་ཐག་གཅོད་ནན་པོ་དང་མངོན་མེད་གཞན་འགྱུར་གྱི་གནད་དོན་དམ་འཛིན་ལྷོད་མེད་བྱེད་པ། དཔེ་མཚོན་གྱི་གནད་དོན་ཚང་མ་མིང་བཏོན་ནས་བརྡ་ཁྱབ་དང་དམར་འདོན་བཅས་བྱས་ཏེ་ཏང་སྲོལ་དང་སྲིད་སྲོལ་དང་ལས་རིགས་ཀྱི་སྤྱོད་ཚུལ་རྒྱུན་མཐུད་ནས་ལེགས་སུ་ཕྱིན་པར་སྐུལ་འདེད་གཏང་དགོས། རྩ་བའི་ཇུས་ཆེན་ལ་དམིགས་ནས་ན་གཞོན་ལས་བྱེད་པར་སློབ་གསོ་དང་དོ་དམ་ལྟ་སྐུལ་བཅས་བྱེད་པར་ཤུགས་བརྒྱག་དགོས། དོ་དམ་དང་གཅེས་སྐྱོང་གལ་ཆེ་མཉམ་འཛིན་རྒྱུན་འཁྱོངས་བྱས་ནས་ན་གཞོན་ལས་བྱེད་པར་ཏང་ལ་བློ་དཀར་སེམས་དཀར་དང་། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་ལས་འགན་བློ་ལ་བརྟན་པོར་ངེས་ཤིང་། དབང་ཆར་ལྟ་སྟངས་ཡང་དག་འཛིན་ཞིང་དུས་རྟག་ཏུ་རང་བཀུར་རང་རྟོགས་བཅས་བྱས་ནས་རུལ་རྒོལ་འགྱུར་འགོག་གི་བསམ་བློའི་སྲུང་ར་བརྟན་དུ་གཏོང་བ་བཅས་ཀྱི་སློབ་གསོ་དང་ཁྲིད་སྟོན་བྱ་དགོས། ལས་ཕྱོད་མཐོ་རུ་གཏང་རྒྱུར་དམིགས་ཏེ་དབང་ཆར་ལྟ་སྐུལ་བྱེད་པའི་ལམ་ལུགས་དང་སྒྲིག་ཁྲིམས་ལག་བསྟར་དང་ཁྲིམས་འཛིན་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏང་དགོས། ཏང་ཨུ(ཏང་ཙུའུ)རིམ་པ་ཁག་གིས་བྱེད་པོའི་འགན་འཁྲི་འཁུར་བ། ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིས་འགན་འཁྲི་འཁུར་མཁན་དང་པོའི་འགན་འཁྲི་ནན་ཏན་གྱིས་སྒྲུབ་པ་དང་། ཚན་པའི་ཁོངས་མིས་“ལས་གནས་གཅིག་ལ་འགན་འཁྲི་གཉིས་”ལག་ལེན་ཡག་པོ་བསྟར་བ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་འགན་འཁྲི་ལག་བསྟར་ནན་པོ་བྱས་ནས་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་སྲིད་འཛིན་ལྟ་སྐུལ། ཁྲིམས་འཛིན་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ་སོགས་དང་སྒྲིག་ཁྲིམས་ལྟ་ཞིབ་ཀྱི་ལྟ་སྐུལ་ཟུང་འབྲེལ་དམ་ཚགས་བྱེད་པར་དོ་སྣང་བྱས་ཏེ།ཁྲིམས་སྐྱོང་གི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ནུས་སུ་བསྒྱུར་དགོས། ལས་མགོ་རྩོམ་པ་ལ་དམིགས་ཏེ་སྲོལ་གཙང་ལུགས་དྲང་གི་སྤྱོད་ཚུལ་རྒྱུན་མཐུད་ངང་སྐྱེད་སྲིང་བྱ་དགོས། “སྤྱོད་ཚུལ་ལེགས་སྐྱོང་ལོའི་”བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་ཏེ་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་། བརྟག་ཞིབ་གཏིང་ཟབ་བྱེད་པ། འགན་འཁུར་ཕོད་པ། ཧུར་བསྲི་གྲོན་ཆུང་། ཕན་ཚུན་ལྟ་སྐུལ་བཅས་ཀྱི་སྤྱོད་ཚུལ་དར་སྤེལ་བཏང་སྟེ་རིམ་ཁག་ཏང་རྩ་འཛུགས་ཀྱི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་རྒྱུན་མི་ཆད་པར་ཆེ་རུ་གཏང་དགོས།
གྲོས་ཚོགས་ཐོག།ཁུལ་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་བསམ་བློ་གསར་པ་དང་བྱ་སྤྱོད་གསར་པ་ལག་ལེན་བསྟར་ནས་ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་ལྷག་བསམ་རྣམ་དག། སྒྲིག་བཤེར་ལྟ་ཞིབ་བྱ་གཞག་ལ་ལྷག་བསམ་རྣམ་དག་བཅས་བྱས་ཏེ“ངོ་ཤེས་སྤྱི་ཚོགས”ཀྱི་འཆིང་རྒྱ་དང་།“འཇིག་རྟེན་གྱི་འགྲོ་ལུགས”གྱི་འཆིང་རྒྱ།“ངོ་སོའི་ལྟ་རྟོག”གི་སེམས་ནད་བཅས་ཐར་བར་བྱས་ནས“སྲུང་སྐྱོང་གཉིས”དེ་སྒྲིག་སྐྱོང་ལྟ་སྐུལ་དང་འགན་འཁྲི་བདའ་འདེད་ཀྱི་གནད་ཐུག་ས་ཁག་ཏུ་དོན་འཁྱོལ་བྱ་དགོས། མགོ་འཛུགས་ས་གསར་པའི་ཐོག་ནས་ནུས་པ་གསར་པ་ཆེ་རུ་གཏོང་བ་དང་།རང་རྟོགས་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དེ་ལས་ཀའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱེད་པ། མཐོང་རྒྱ་ཆེ་རུ་གཏོང་ཞིང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་སློབ་སྦྱོང་ཁྲོད་ལག་ལེན་གྱི་འཇོན་ཐང་ཆེ་རུ་གཏོང་བ་དང་ལས་ཀའི་སྤུས་ཚད་དང་ཕན་འབྲས་རྒྱུན་མི་ཆད་པར་ཆེ་རུ་གཏང་དགོས།
གྲོས་ཚོགས་ཐོག། ད་ལོའི་ལས་འགན་ཁག་ལྗིད་རྫོབ་ཆེ་ལ། རྒྱ་ཆེ་བའི་ཏང་མི་ལས་བྱེད་པ་དང་། ལྷག་པར་དུ་རྫོང་རིམ་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པས་སྒྲིག་སྲོལ་ཤེས་པ་དང་སྒྲིག་ཁྲིམས་བསྲུང་དགོས། འཕྲལ་དུ་བྱ་སྤྱོད་སྤེལ་ནས་བསམ་བློ་དང་སེམས་ཤུགས་དེ་ལས་ཀའི་ཁྲོད་མགྱོགས་མྱུར་བསྒྱུར་ཏེ། མགོ་ཚུགས་དུས་སུ་འབད་བརྩོན་བྱེད་པ་དང་མགོ་འཛུགས་དུས་ནས་བརྩོན་ལེན་བྱ་དགོས་པའི་རྣམ་པ་ཐོག་ནས་ལོ་ཧྲིལ་པོའི་ལས་ཀའི་རྣམ་པ་གསར་པ་མགྱོགས་མྱུར་བསྐྲུན་དགོས། ད་ལོའི་ལས་འགན་ཁག་ལེགས་སྒྲུབ་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་སྟེ་གྲུབ་འབྲས་ཕུལ་བྱུང་གི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་དགོས་ཞེས་གསུངས་པ་རེད།
གྲོས་ཚོགས་ཐོག།ཁུལ་ཨུའི་རྒྱུན་ཨུ། ཁུལ་སྒྲིག་ཨུའི་ཧྲུའུ་ཅི་དང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཅིན་ཝུའུ་ཡིས་ཁུལ་སྒྲིག་བཤེར་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ལས་དོན་སྙན་སེང་གནང་བ་དང་འབྲེལ་མཇུག་གྲོལ་ཚོགས་འདུའི་ཐོག་གསུང་བཤད་ཀྱང་གནང་བ་རེད།
དར་མདོར་ཡོད་པའི་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་མགོ་ཁྲིད་དང་། ཁུལ་ཁྲིམས་ཁང་གི་ཁྲིམས་དཔོན། སི་ཁྲོན་མི་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་བཅས་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་ཡོད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10