བརྟན་ཐོག་ལེགས་བརྩོན་གྱིས་སྔོན་ཐོན་བརྩོན་ལེན་བྱེད།

ཀུན་དགས་བསྒྱུར།        2022-02-21

ལི་ཐང་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྣམ་པ་བཟང་པོ་མངོན།

བརྟན་ཐོག་ལེགས་བརྩོན་གྱིས་སྔོན་ཐོན་བརྩོན་ལེན་བྱེད།
ཤ་མོའི་རྟེན་གཞི།

ཀ།

སྤྱི་ཟླ་དང་པོའི་ཚེས3ཉིན། ལི་ཐང་རྫོང་མོ་ལ་གྲོང་རྡལ་དམག་ངན་གྲོང་སྡེའི་ཤ་མོ་ཐོན་ལས་རྟེན་གཞི་རུ་ཏང་ཀྲི་པུའུ་ཡིས་འཆར་ཅན་ཚོགས་འདུ་འཚོགས་ཤིང་། རྟེན་གཞིའི་འབྲེལ་ཡོད་འཕེལ་རྒྱས་སྐོར་གྲོས་བསྡུར་བྱས་ནས2021ལོའི་ཤ་མོ་རྟེན་གཞིའི་ཁེ་འབབ་བགོ་བའི་འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་བྱུང་ཡོད། གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་རྡོ་རྗེས་ང་ཚོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་བཟང་པོ་བེད་སྤྱོད་ཡག་པོ་བྱས་ནས་དེ་སྔའི་གྲོང་སྡེ་དབུལ་པོ་དེ་ཡུལ་སྡེ་དར་རྒྱས་གཏོང་བའི་མདུན་གྲལ་དུ་སྐྱོད་ཐུབ་པ་བྱ་དགོས་ཞེས་བཤད།

ཁོང་གིས་འདི་ལྟར་བཤད་པའི་གཞི་འཛིན་ས་ནི་མི་རིང་བར་ལི་ཐང་རྫོང་མི་དམངས་འཐུས་ཚོགས་ཀྱི་སྲིད་གཞུང་ལས་དོན་སྙན་སེང་ནང་འདས་ཟིན་པའི་ལོ་ལྔའི་ནང་ལི་ཐང་རྫོང་གིས་དཔལ་འབྱོར་འཕེལ་རྒྱས་ཉམས་ཞན་དུ་སོང་བའི་གནོན་ཤུགས་དང་། ཏོག་གསར་གློ་ཚད་ཀྱི་འགྲན་སློང་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བསམ་གཞི་མཐའ་འཁྱོངས་བྱས་པས་རྫོང་ཡོངས་སུ་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་དང་།དམངས་འཚོ་རྒྱུན་ཆད་མེད་པར་ལེགས་གཏོང་།སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ཀྱི་རྣམ་པ་བཟང་པོ་ཐོན་ཡོད་པ་དེ་རེད། སྤྱི་ལོ2021ལོར་སྔོན་དཔག་བྱས་ན(གཤམ་དུའང་མཚུངས)ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར20.79ལེགས་སྒྲུབ་བྱས་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ6.5འཕར་ཡོད། བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར1.5ལེགས་སྒྲུབ་བྱས་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ8འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་ལ1.01ཟིན་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ8.5འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར11.06བཏང་བ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ9.6འཕར་ཡོད། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར9.19ལེགས་སྒྲུབ་བྱས་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ8.9འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ལ44294ལ་ཟིན་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ7.5འཕར་ཡོད། གྲོང་སྡེའི་གཞིས་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར14336ལ་ཟིན་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ10.2འཕར་ཡོད། ས་གནས་ཀྱི་སྤྱི་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར1.6ལ་ཟིན་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ31.1ལ་འཕར་ཡོད་པ་རེད།

བརྟན་ཐོག་ལེགས་བརྩོན་གྱིས་སྔོན་ཐོན་བརྩོན་ལེན་བྱེད།
འགྲུལ་བས་ལི་ཐང་རྫོང་དུ་ཡུལ་སྐོར་བྱེད་བཞིན་པའི་ཚུལ།

ཁ།

ལི་ཐང་རྫོང་གིས་ཐོན་ལས་ཆེན་པོ་གསུམ་གྱི་ཁྱབ་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་ཡོད། ཐོན་ལས་གསར་པ་ཞིག་ཡིན་པའི་ཆ་ནས།ལི་ཐང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་ཞིང་། ལོ་ལྔའི་རིང་ལི་ཐང་རྫོང་གིས་རིག་གནས་དང་ཡུལ་སྐོར། ལུས་རྩལ།ཞིང་ལས་བཟོ་ཚོང་སོགས་ཕྱོགས་ལྔ་གཞི་གཅིག་མཉམ་འདྲེས་འཕེལ་རྒྱས་ཡོང་བ་མཐའ་འཁྱོངས་བྱས་ཏེ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར2.9བཏང་སྟེ་རྒྱལ་ཁབ་ཀྱིAབཞི་རིམ་པ་དངAགསུམ་རིམ་པའི་ལྗོངས་ཁུལ2བསྐྲུན་ཡོད། གཟིམ་ཁང་གནའ་བོའི་ཁྲོམ་གཞུང་དེ་ཞིང་ཆེན་རིམ་པའི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དང་ཞིང་ཆེན་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་གཞུང་གི་གྲས་སུ་ཚུད་ཡོད། ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ལས་གཞི4དང་།རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་གྲོང་སྡེ15ཡོད་པ་དེ་དཀར་མཛེས་ཁུལ་གྱི་ཨང་གཉིས་པ་ཡིན།ཞིང་ཆེན་རིམ་པའི་སྲོལ་རྒྱུན་གྲོང་སྡེ47ཡོད་པ་དེ་དཀར་མཛེས་ཁུལ་གྱི་ཨང་དང་པོ་ཡིན།རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་ས་ཚུགས5231བཙུགས་པ་དེ་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། སི་ཁྲོན་ཡུལ་སྐོར་རྫོང་གྲགས་ཅན་གྱི་འོས་འདེམས་རྫོང་དུ་ཚུད་ཡོད། བསྟན་འཛིན་འཕྲིན་སྦྱོར་གསར་པའི་སྣང་ཚུལ་ལ་དྲང་ཕྱོགས་ནས་ཁྲིད་སྟོན་བྱས་ཏེ་དྲྭ་རྒྱའི་བཞུར་ཚད་དེ་འགྲུལ་རྒྱུན་ལ་བསྒྱུར་ཡོད། རིམ་རྩིས་བྱས་ན་ཡུལ་སྐོར་བ་ཁྲི425ལྷག་ལ་སྣེ་ལེན་ཞུས་ཤིང་ཡོང་འབབ་སྒོར་དུང་ཕྱུར45རག་ཡོད།

ལི་ཐང་རྫོང་མཐོ་གྲང་འབྲོག་ཁུལ་དུ་གནས་ཀྱང་དེང་རབས་ཀྱི་ཁྱད་ལྡན་ཞིང་འབྲོག་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རྫོང་གིས་གླིང་ཁུལ་བཙུགས་པ་དང་།ཡུལ་ཤོག་གིས་རྟེན་གཞིར་དམ་འཛིན་བྱས་པ།གྲོང་སྡེས་དཔེ་སྟོན་དུད་ཚང་གསོ་བ་བཅས་ཀྱི་བསམ་ཕྱོགས་ལྟར། སྒོར་དུང་ཕྱུར5.1བཏང་ནས་མུའུ་ཁྲི14.2ཀྱི་སྔོ་ཚལ་དང་འབྲི་གཡག་དེང་རབས་ཞིང་ལས་གླིང་ཁུལ་དང་།མུའུ་ཁྲི4.6གི་ནས་དང་ཞོག་ཁོག་སོགས་ཁྱད་ལྡན་ཞིང་ལས་ཐོན་ལས་རྟེན་གཞི། གཞི་ཁྱོན500ཡན་གྱི་འབྲི་གཡག་གསོ་ཚགས་ཀྱི་ཐུན་མོང་འབྲོག་ར15བསྐྲུན་ཡོད། མཐོ་གྲང་ཤིང་འབྲས་དང་མཁའ་དབྱིངས་འབྲོག་ར་སོགས་ས་ཁོངས་ཀྱི་སྤུས་རྟགས་བསྐྲུན་ནས་ལི་ཐང་གི་འབྲི་གཡག་དང་ལུག་སོགས་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས11དང་། ཤ་མོ་སོགས་འབྱུང་འཕྲོད་ཞིང་ལས་ཐོན་རྫས2ཡིག་ཐོག་སྙན་ཞུ་བརྒྱུད་ནས་ཐོ་འགོད་བྱས་ཡོད། ཁྱད་ལྡན་ཞིང་ལས་ཐོན་རྫས་ཀོང་ཏུང་དང་།ཞང་ཀང་།ཨའོ་མོན་བཅས་མཚོ་རྒྱུད་ས་ཁུལ་གྱི་ཚོང་རར་བྲིན་འཚོང་བྱས་ཤིང་། ཚོ་གསུམ་སྔོ་ཚལ་དེང་རབས་ཞིང་ལས་གླིང་དེ་ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ས་ཁུལ་གྱི་གཞི་ཁྱོན་ཆེ་ཤོས་ཀྱི་དེང་རབས་ཞིང་ལས་གླིང་ཁུལ་དང་།སི་ཁྲོན་གྱི་ཚལ་རིགས་ཞང་ཀང་དང་ཨའོ་མོན་དུ་མཁོ་འདོན་བྱས་པའི་སི་ཁྲོན་གྱི་ཚལ་ཕྱིར་གཏོང་ཐོ་འགོད་རྟེན་གཞི་ཡིན་ཞིང་།སྔ་རྗེས་སུ་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཚན་རྩལ་དཔེ་སྟོན་རྟེན་གཞི་དང་སི་ཁྲོན་ཞིང་ཆེན་གྱི་སྐར་ལྔའི་རིམ་པའི་དེང་རབས་ཞིང་ལས་གླིང་ཁུལ་ལ་བདམས་ཐོན་བྱུང་ཡོད།

གནའ་བའི་ཚོང་འདྲེན་བརྡལ་ལམ་ཐོག་གི་ས་ཚུགས་གལ་ཆེན་ཞིག་ཡིན་པའི་ཆ་ནས་དེང་རབས་ཚོང་དོན་ཟོག་འགྲེམས་ལས་རིགས་ལའང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། ལི་ཐང་གི་དེང་རབས་ཞིང་འབྲོག་ཐོན་ལས་ལས་སྣོན་ཚོང་དོན་གླིང་བསྐྲུན་པ་དང་ཚོང་དོན་གཟའ་འཁོར་གྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཞིང་།ཀྲུའུ་ཧའེ་དང་ཁྲེང་ཏུའུ་རུ་མཁའ་དབྱིངས་གྲོང་ཁྱེར་ལི་ཐང་

ཞེས་པའི་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་གི་མྱོང་རོལ་ཁང་བཙུགས་པ་དང་ཐབས་ལམ་ཁག་གིས་རིམ་རྩིས་བྱས་ན་ཞིང་ལས་ཁྱད་ལྡན་ཐོན་རྫས་བྲིན་ཚོང་སྒོར་དུང་ཕྱུར2.91བྱས་ཡོད། ཟོག་འགྲེམས་ཁེ་ལས8ནང་འདྲེན་བྱས་ནས་རྫོང་ནང་ཁུལ་གྱི་ཟོག་འགྲེམས་སྡེབ་སྐྱེལ་གྱི་བགྲོད་ལམ་གཙོ་བོ་ཁག9བཟོས་ཡོད། མཛོད་ཉར་ཟོག་འགྲེམས་ལྟེ་གནས་བསྐྲུན་ཟིན་པས་མ་ཚད་རྫོང་དང་ཡུལ་ཤོག། གྲོང་ཚོ་བཅས་རིམ་གསུམ་ཟོག་འགྲེམས་མ་ལག་ཉིན་བཞིན་འཐུས་ཚང་དུ་བཏང་ཡོད།

རྒྱལ་ཁབ་རིམ་པའི་དྲྭ་ཐོག་ཚོང་དོན་གྲོང་སྡེར་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་བདེ་བླག་ངང་བཙུགས་པ་དང་།གྲོང་སྡེའི་དམིགས་བསལ་ཐོན་རྫས་རིགས110ལྷག་ཅིང་ཏུང་སྒོ་རྩིས་ཚོང་ཁང་སོགས་དྲྭ་སྦྲེལ་ལས་སྟེགས་སུ་བྲིན་ཚོང་ཐུབ་ཡོད།ཚོང་དང་མ་རྩ་འདྲེན་འགུགས་ཧུར་ཐག་བྱས་ནས་མཐོ་སྒང་གི་གསོ་རླུང་མཁོ་འདོན་གྱི་བདེ་ཐང་ཐོན་ལས་དང་།མཐོ་སྒང་ཤིང་འབྲས་དང་སྔོ་ཚལ་ལས་སྣོན་ཞིབ་ཚགས།ཀྲུང་གོ་དང་ནེ་པ་ལ་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་གསོ་སྦྱོང་གླིང་སོགས་ལས་གཞི་གལ་ཆེན་སྔ་རྗེས་སུ་དོན་འཁྱོལ་བྱུང་ཡོད།

ག།

ཐར་འགག་སྒྲོལ་ཐད་ཕུལ་བའི་བློ་ལ་བབ་པའི་རྒྱུགས་ཤོག་ཅིག་ཡིན་ཞིང་། རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར60ལྷག་བཏང་ནས་དམངས་འཚོ་དང་།ཐོན་ལས།སྤྱི་ཚོགས་བྱ་གཞག་སོགས་འཕེལ་རྒྱས་ཀྱི་ཞན་ཆ་གསབ་ཡོད། ལའོ་ཧྲན་དང་།ཞིན་ཏུའུ།ཅིན་ཐང་སོགས་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་ཚན་པའི་མ་དངུལ་སྒོར་དུང་ཕྱུར3.04བླངས་ནས་ལས་གཞི132བསྐྲུན་ཡོད། འགྲིམ་འགྲུལ་དངུལ་ཁང་དང་།ཀྲོའུ་ཧའེ་གྲོང་ཁྱེར།ཧང་ཀྲོའུ་ཆན་ཐང་ཆུས་སོགས་ཤར་ནུབ་རོགས་ལས་ཀྱི་ཁ་གཏད་རོགས་སྐྱོར་ཚན་པས་བཏང་བའི་མ་དངུལ་སྒོར་དུང་ཕྱུར2.66ལ་ཟིན་ནས་ལས་གཞི98བསྐྲུན་ཡོད། རྫོང་ཡོངས་སུ་དབུལ་པོར་གྱུར་ཚད་བརྒྱ་ཆ38.1ནས0བར་ཆག་པ་དང་དུས་བཀག་ལྟར་དབུལ་ཞྭ་འབུད་པའི་ལས་འགན་ལེགས་སྒྲུབ་བྱས་ཡོད།

རྫོང་ཡོངས་ཀྱི་སློབ་གྲྭ་ཚང་མའི་མང་འཕྲིན་སློབ་ཁང་དང་གྲོང་ཁུལ་སློབ་གྲྭའི་དྲ་བ་འཛིན་གྲྭའི་སློབ་ཁྲིད་ཁྱོན་ཡོངས་ལ་ཁྱབ་པ་དོན་འཁྱོལ་བྱུང་བ་དང་། ལས་སྟེགས་གཅིག་དང་མ་ལག་གཉིས་ཀྱི་སློབ་གྲྭའི་བདེ་སྲུང་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད། ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པས་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཡོང་བའི་ལས་ཀར་ཞིབ་བཤེར་རྩིས་ལེན་བྱས་པ་དང་། རྫོང་རིམ་པའི་སྨན་བཅོས་སྒྲིག་གཞི་དང་།ཡུལ་ཤོག་དང་།གྲོང་རྡལ།གྲོང་ཚོ་བཅས་ཀྱི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལས་འགན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱས་ཏེ་རིམ་པ་གཉིས་པའི་སྨན་ཁང་ཀ་པ2དང་རིམ་པ་གཉིས་པའི་ཆེད་ལས་ཚན་ཁག་གི་སྨན་ཁང་ཁ་པ1དང་ནད་ཡམས་ཚོད་འཛིན་ལྟེ་གནས1བཙུགས་པ་དང་། ཁམས་པའི་རུས་ནད་ཚན་ཁག་གི་སྨན་ཁང་བཙུགས་ནས་ཐག་ཉེ་སར་སྨན་བཅོས་བྱེད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། སྙན་ངག་དུས་ཆེན་སྐབས་བཞི་པ་དང་ལི་ཐང་གི་བརྒྱད་གཅིག་རྟ་རྒྱུག་དུས་ཆེན།མ་ལ་སུང་ལམ་ཐག་ཕྱེད་ཀ་མ།རྟ་བཞོན་ནས་མཁའ་ལམ་སྒྲོལ་བ། དཀར་མཛེས་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་སོགས་བྱེད་སྒོ་གལ་ཆེན་གཉེར་ཡོད། ཀྲུང་གོའི་བོད་རིགས་རྟ་རྒྱུག་རིག་གནས་ཀྱི་འབྱུང་ཡུལ་དེ་ཀྲུང་ཧྭ་རྟ་རྒྱུག་འགྲན་བསྡུར་ཆེ་མོའི་མ་ལག་ནང་བཅུག་ཡོད། ལས་སྟེགས་སྐྲུན་པ་དང་།ཐོན་ལས་རྒྱ་སྐྱེད།སྤྱི་ཕན་རང་བཞིན་གྱི་ལས་གནས་གསར་སྤེལ་སོགས་མཐའ་འཁྱོངས་བྱས་ནས་མི་ཁྲི1.7ལ་ལས་ཞུགས་ཐུབ་པ་བྱས་ཡོད། གནས་སྤོས་དང་ཉེན་གཡོལ་གྱིས་དུད་ཁྱིམ1478དང་མི6856ལ་ཕན་ཐོགས་ཡོད། སྒོར་དུང་ཕྱུར3.69བཏང་ནས་དུད་ཚང13282བཅོས་བསྒྱུར་དྲུག་དང་འཛུགས་སྐྲུན་གསུམ། བརྟན་བཟོ་གཅིག་བཅས་དང་བོད་རིགས་ས་ཁུལ་གྱི་སྡོད་ཁང་གསར་པ་སྐྲུན་པའི་ལས་གཞི1358ལ་ཁ་གསབ་སྤྲད་ཡོད། དེ་དག་ལས་ཞིང་འབྲོག་མང་ཚོགས་དང་ལྷག་པར་དུ་མང་ཚོགས་དབུལ་པོ་ལ་མིག་མཐོང་ལག་ཟིན་གྱི་ཁེ་ཕན་ཐོབ་ཡོད།

སྔ་རྗེས་སུ་སི་ཁྲོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་རྫོང་དང་

ཞིང་ཆེན་ཡོངས་ཀྱི་ཞིང་གསུམ་ལས་དོན་གྱི་སྔོན་ཐོན་རྫོང་སོགས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་ཡོད། 2021ལོར་ལི་ཐང་རྫོང་མི་དམངས་སྲིད་གཞུང་ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་སྔོན་ཐོན་ཐུན་མོང་གི་མཚན་སྙན་མཐོ་ཤོས་ཐོབ་ཡོད། དེ་དག་ནི་ལི་ཐང་མི་དམངས་ཀྱིས་དབུལ་

ང་།

དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་རྫོང་དེས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་བུ་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱས་ཡོད། ཁྱོན་ཡོངས་ནས་སི་ཁྲོན་ཧྲིལ་པོ་གཞི་ཁྱོན་ཆེན་པོས་སྔོ་འགྱུར་བྱ་སྤྱོད་སྤེལ་ནས་རི་ཁུལ་དུ་ཤིང་འཛུགས་དང་།ལམ་ཁར་མེ་ཏོག་འདེབས་པ།གཙང་པོ་མཚེའུ་རུ་བསྒྱུར་བའི(འདམ་ར)ལས་གྲྭའི་ཕན་འབྲས་མཐོ་རུ་བཏང་ཡོད། རིམ་རྩིས་བྱས་ན་འདམ་ར་སླར་གསོ་དང་།ཕྱུགས་བསྐྱུར་རྩྭ་གསོ།ཞིང་འབྲོག་པའི་རྩྭ་སོན་རྟེན་གཞི་འཛུགས་སྐྲུན།རང་བྱུང་རྩྭ་ཐང་མུའུ་ཁྲི37.8ལེགས་བཅོས་བྱས་ཡོད།

རྫོང་དེས་མཐོ་སྒང་གི་སྐྱེ་ཁམས་ཡུལ་སྐོར་གྲོང་ཁྱེར་བསྐྲུན་རྒྱུ་དེ་མགོ་འཛུགས་སར་བྱས་ནས་ཡིད་དབང་འཕྲོག་པའི་རྫོང་གྲོང་དང་ཉམས་འགྱུར་ལྡན་པའི་གྲོང་རྡལ། མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་རྫོང་དེ་ཁུལ་ཡོངས་ཀྱི་རྫོང་གྲོང་མཛེས་ཤོས་ལ་ཐེངས་གཉིས་བདམས་པ་དང་།འཇའ་བ་གྲོང་རྡལ་ཁུལ་ཡོངས་ཀྱི་གྲོང་རྡལ་མཛེས་ཤོས་ལ་བདམས་པ། མཐོ་སྒང་གྲོང་རྡལ་གྱི་མཚེ་མ་གྲོང་སྡེ་སོགས་གྲོང་སྡེ5ཁུལ་ཡོངས་ཀྱི་གྲོང་སྡེ་མཛེས་ཤོས་ལ་བདམས་ཐོན་བྱུང་ཡོད། སྒོར་དུང་ཕྱུར26.07བཏང་ནས་ཡུལ་ཤོག་དང་གྲོང་སྡེའི་གཞུང་ལམ་སྤྱི་ལེ1500དང་།འཐུང་ཆུའི་ལས་གཞི220དང་། གློག་དྲྭའི་ལས་གྲྭའི་ལས་གཞི78དང་། འཕྲིན་གཏོང་སྦྲེལ་ཚུགས343བཅས་བསྐྲུན་ནས་ལམ་དང་།ཆུ།གློག འཕྲིན་གཏོང་།རླུང་འཕྲིན་བརྙན་འཕྲིན་བཅས་རྨང་གཞིའི་སྒྲིག་ཆས་ཆེ་གྲས་ལྔ་ཁྱོན་ཡོངས་སུ་ཁྱབ་པར་བྱས་ཡོད། སྔ་རྗེས་སུ་ཞིང་ཆེན་རིམ་པའི་འཕྲོད་བསྟེན་རྫོང་གྲོང་དང་།ཞིང་ཆེན་རིམ་པའི་ཤེས་དཔལ་གྲོང་ཁྱེར།རྒྱལ་ཡོངས་ཀྱི་འཕྲོད་བསྟེན་རྫོང་གྲོང་བཅས་ཀྱི་མཚན་སྙན་ཐོབ་ནས་སྐྱེ་ཁམས་གྲོང་ཁྱེར་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ཡོད་པ་རེད།།



  • ལེ་ཚན་སྔོན་མ།: ཧྲེན་དབྱང་གིས་ཁུལ་སྒྲིག་བཤེར་ཨུ་ལྷན་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་གསུང་བཤད་གནང་།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་གིས་ལྕགས་ཟམ་རྫོང་དུ་བརྟག་ཞིབ་ཁྲིད་སྟོན་གནང་།
  • དོ་སྣང་ཆེ་བའི་རྩོམ།