ཁྲེང་ཏུའུ་ལ་ས་གནས་རང་གི་ནད་པ“6+3”གསར་དུ་བྱུང་འདུག

    སི་ཁྲོན་ཉིན་རེའི་ཚགས་པར་ལས་བཏུས་ནས་བསྒྱུར།    2022-02-22

ཁྲེང་ཏུའུ་ས་གནས་རང་གི་ནད་པ་གསར་པའི་གནས་ཚུལ།

   སྤྱི་ཟླ2པའི་ཚེས21ཉིན་གྱི་ཕྱི་དྲོར། ཁྲེང་ཏུའུ་གྲོང་ཁྱེར་གྱི་རིམས་ནད་འགོག་ཟོན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ཕྱི་ཕྱོགས་སུ་ཐེངས་འདིའི་རིམས་ནད་ཀྱི་གནས་ཚུལ་གསར་ཤོས་ཁྱབ་བསྒྲགས་བྱས་པ་རེད།

  ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་དང་ཁྲེང་ཏུའུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅི་དབྱང་ཞའོ་ཀོང་གིས་ངོ་སྤྲོད་བྱས་དོན། སྤྱི་ཟླ2པའི་ཚེས20ཉིན་གྱི་ཆུ་ཚོད0ནས་ཚེས21ཉིན་གྱི་ཆུ་ཚོད12བར། ཁྲེང་ཏུའུ་གྲོང་ཁྱེར་ས་གནས་རང་གི་ཏོག་གསར་གློ་ཚད་ཀྱི་ནད་པ་གསར་པ9བྱུང་འདུག  དེའི་ནང་ནད་པ6གཏན་ཁེལ་བྱས་པ་དང་ནད་རྟགས་མེད་པའི་ནད་པ3བྱུང་བ་རེད།


མིག་སྔའི་བར་ཁྲེང་ཏུའུ་གྲོང་ཁྱེར་དུ་ཉེན་ཁ་འབྲིང་བའི་ས་ཁུལ6ཡོད་པ་སྟེ།

གཅིག། ཀའོ་ཞིན་ཆུས་ཀྱི་ཁྲང་ཁྲེང་ཞིན་ཡོན་གཞིས་ཁུལ།

གཉིས།ཅིན་ཉིའུ་ཆུས་ཀྱི་ཧྲ་ཧོ་ཡུན་ཅིང་ཝན་གཞིས་ཁུལ།

གསུམ།ཐེན་ཧྥུ་གྲོང་གསར་ཆུས་ཀྱི་ཁའེ་ཧྭ་ལིང་ཅིང་གཞིས་ཁུལ།

བཞི།ཐེན་ཧྥུ་གྲོང་གསར་ཆུས་ཀྱི་ཧྥུ་ལུང་སྡེ་ཁུལ་ལིང་ཅིང་ཡོན་གཞིས་ཁུལ།

ལྔ།  ཅིན་ཐང་རྫོང་གི་སྐྱེ་ཁམས་ཆུ་གྲོང་ལན་ཨན་གཞིས་ཁུལ།

དྲུག།  ཝུན་ཅང་ཆུས་ཀྱི་ལིང་ཅིན་དཔོན་ཚང་གཞིས་ཁུལ། 


གསར་དུ་བྱུང་བའི་ནད་རྟགས་གཏན་ཁེལ་བྱས་པའི་ནད་པ2ཏེ།

ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་ལྔ་པ། ཁྲེང་ཏུའུ་གྲོང་ཁྱེར་ཐེན་ཧྥུ་གྲོང་གསར་ཆུས་ཀྱི་ཁའེ་ཧྭ་ལིང་ཅིང་གཞིས་ཁུལ་དུ་བསྡད་ཡོད་ཅིང་།ནད་པ3པ་དང་འབྲེལ་འདྲིས་བྱེད་མཁན་ཡིན་པས་ཟུར་བཀར་དང་ཉིང་སྐྱུར་བཤེར་འཇལ་བྱས་ནས་ནད་རྟགས་གཏན་ཁེལ་བྱས་པ་རེད།

ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་དྲུག་པ། ཁྲེང་ཏུའུ་གྲོང་ཁྱེར་ཐེན་ཧྥུ་གྲོང་གསར་ཆུས་ཀྱི་ཧྥུ་ལུང་གཞིས་ཁུལ་དུ་བསྡད་ཡོད་ཅིང་། ནད་པ་དང་པོ་དང་འབྲེལ་འདྲིས་བྱེད་མཁན་ཡིན་པས་ཟུར་བཀར་དང་ཉིང་སྐྱུར་བཤེར་འཇལ་བྱས་ནས་ནད་རྟགས་གཏན་ཁེལ་བྱས་པ་རེད།


  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ལྕགས་ཟམ་རྫོང་དུ་བརྟག་ཞིབ་ཁྲིད་སྟོན་གནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།