སྐབས24པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་བསྒྲིལ།

ཨོ་རྒྱན་དང་ཡེ་ཤེས།        2022-02-22

 

སྐབས24པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་བསྒྲིལ།

    ཟླ2པའི་ཚེས20ཉིན་གྱི་དགོང་མོར། ཁ་དོག་རྣམ་པར་བཀྲ་བའི་ཤོག་སྦག་གིས་པེ་ཅིང་གི་མཁའ་དབྱིངས་གསལ་བར་བྱས་ཤིང་། སྐབས་ཉེར་བཞི་པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོ་གཟབ་རྒྱས་ངང་འཚོགས། སྤྲོ་སྣང་ལྡན་པའི་དགའ་བ་དང་འབྲལ་མི་བྲ་བའི་བརྩེ་བའི་ཁྲོད་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་གིས་མཇུག་བསྒྲིལ་བ་རེད།

སྐབས24པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་བསྒྲིལ།

      མཇུག་སྒྲིལ་མཛད་སྒོའི་སྟེང་དུ་ཞི་ཅིན་ཕིང་དང་ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུ་ཉིང་། ཀྲའོ་ལེ་ཅི། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་མི་སྣ་དང་། རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོ་བཅས་ཞུགས་ཡོད། 

     འདས་མ་ཐག་པའི་ཉིན16གི་རིང་ལ། གནའ་དེང་ཟུང་ལྡན་གྱི་རྒྱལ་སྤྱི་རང་བཞིན་གྱི་རྒྱལ་ས་དང་གོ་ལ་ཧྲིལ་པོའི“ཨོ་རྩལ་འགྲན་ཚོགས་ཐེངས་གཉིས་སྤེལ་བའི་གྲོང་ཁྱེར”པེ་ཅིང་གིས་འཛམ་གླིང་ལ་བརྗེད་པར་དཀའ་བའི་ཨོ་རྩལ་འགྲན་ཚོགས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་སླར་ཡང་ཕུལ་ནས་འཛམ་གླིང་སྐྱེ་བོ་ཀུན་ལ་ཀྲུང་གོ་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་སྟོབས་ཤུགས་སླར་ཡང་མངོན་པ་བྱས་ཏེ་ཨོ་རྩལ་གྱི་ངོ་མཚར་གསར་པ་སླར་ཡང་བཏོད་པ་རེད། 

     ཐེངས་འདིའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་ལ་གསེར་གྱི་རྟགས་མ9ཐོབ་ཡོད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་ཐེངས་དང་པོར་འགྲན་ཞུགས་རྣམ་གྲངས་ཆེ་རིགས7དང་བྱེ་བྲག་གི་རིགས15ཡི་ཁྲོད་དུ་ཞུགས་ཡོད་ཅིང་། དེའི་ནང་གི་ཚན་ཆུང35དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཐོག་མར་ཞུགས་ཡོད་པ་རེད། 

   ཐེངས་འདིའི་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་སུ་རྒྱལ་ཁབ་དང་ས་ཁུལ91གི་ལུས་རྩལ་པ3000ལྷག་གིས་འབད་འཐབ་ལྷོད་མེད་བྱས་ཏེ་འཛམ་གླིང་གི་ཟིན་ཐོ2དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཟིན་ཐོ17གསར་དུ་བཀོད་ཡོད།

 

གཤམ་ལ་རང་རེའི་རྒྱལ་ཁབ་ཀྱི་གསེར་གྱི་རྟགས་མ་ཐོབ་མཁན་གྱི་ལུས་རྩལ་འགྲན་ཞུགས་པ་སོ་སོའི་བརྗིད་ཉམས་ལ་ལྟད་མོ་ཞིག་ལྟ།

 སྐབས24པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་བསྒྲིལ།

   ཚེས5ཉིན་ལ། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་འགྲན་ཞུགས་པ་ཆུས་ཁྲུན་ཡུས་དང་ཧྥན་ཁོ་ཞིན། ཀྲང་ཡུས་ཐིང་། ཝུའུ་ཏ་ཅིན། རེན་ཙི་ཝེ་བཅས་ཐག་ཐུང་མྱུར་ཤུད་འགྲན་བསྡུར་མཉམ་འདྲེས་མཐུད་རྒྱུག་སྨི2000འགྲན་རྩོད་ཁྲོད་དུ་ཞུགས་ནས་གསེར་གྱི་རྟགས་མ་བླངས་ཤིང་། དེ་ནི་ཀྲུང་གོའི་གསེར་གྱི་རྟགས་མ་ཐོག་མ་ཡིན་པ་རེད།

 སྐབས24པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་བསྒྲིལ།

ཚེས7ཉིན་ལ། ཐག་ཐུང་མྱུར་ཤུད་སྐྱེས་པའི་སྨི1000ཡི་མཇུག་འགྲན་ཁྲོད་དུ་ཀྲུང་གོའི་འགྲན་ཞུགས་པ་རེན་ཙི་ཝེ་ཡིས་གསེར་གྱི་རྟགས་མ་བླངས་ཤིང་། དེ་ནི་ཀྲུང་གོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་གཉིས་པ་ཡིན་པ་རེད།

 སྐབས24པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་བསྒྲིལ།

 ཚེས8ཉིན་ལ། ཀུའུ་ཨེ་ལིན་རང་དབང་ཅན་གྱི་གངས་ཤུད་མཆོང་སྟེགས་འགྲན་སྡུར་ཁྲོད་དུ་ཞུགས་ནས་གསེར་གྱི་རྟགས་མ་བླངས་ཤིང་། དེ་ནི་ཀྲུང་གོའི་གསེར་གྱི་རྟགས་མ་གསུམ་པ་ཡིན་པ་རེད།

 སྐབས24པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་བསྒྲིལ།

   ཚེས12ཉིན་ལ། ཀྲུང་གོའི་འགྲན་ཞུགས་པ་ཀའོ་ཐིང་ཡུས་ཀྱིས་མྱུར་ཚད་འཁྱག་ཤུད་སྐྱེས་པའི་སྨི500ཡི་མཇུག་འགྲན་ཁྲོད་དུ་གསེར་གྱི་རྟགས་མ་བླངས་ཤིང་དེ་ནི་ཀྲུང་གོའི་གསེར་གྱི་རྟགས་མ་བཞི་པ་ཡིན་པ་རེད།

སྐབས24པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་བསྒྲིལ།

    ཚེས14ཉིན་ལ། ཀྲུང་གོའི་འགྲན་ཞུགས་པ་ཞུས་མུའུ་ཐའོ་ཡིས་རང་དབང་ཅན་གྱི་གངས་ཤུད་བུད་མེད་མཁའ་རྩལ་མཇུག་འགྲན་ཁྲོད་དུ་གསེར་གྱི་རྟགས་མ་བླངས་ཤིང་དེ་ནི་ཀྲུང་གོའི་གསེར་གྱི་རྟགས་མ་ལྔ་པ་ཡིན་པ་རེད།

 སྐབས24པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་བསྒྲིལ།

    ཚེས15ཉིན་ལ། སུའུ་དབྱི་མིང་གིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཤུད་པང་ཡ་གཅིག་གི་གངས་ཤུད་སྐྱེས་པའི་མཆོང་འཕུར་ཆེན་པོའི་ཁྲོད་དུ་གསེར་གྱི་རྟགས་མ་བླངས་པ་དང་། ཁོང་ནི་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཀྲུང་གོའི་ལོ་ན་ཆེས་ཆུང་བའི་གསེར་གྱི་རྟགས་མ་ལེན་མཁན་ཡིན་ཞིང་ཀྲུང་གོའི་གསེར་གྱི་རྟགས་མ་དྲུག་པ་ཡིན་པ་རེད།

 སྐབས24པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་བསྒྲིལ།

 ཚེས17ཉིན་ལ། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་འགྲན་ཞུགས་པ་ཆི་ཀོང་ཕུའུ་རང་དབང་ཅན་གྱི་གངས་ཤུད་སྐྱེས་པའི་མཁའ་རྩལ་མཇུག་འགྲན་ཁྲོད་དུ་ཞུགས་ནས་གསེར་གྱི་རྟགས་མ་བླངས་ཤིང་། དེ་ནི་ཀྲུང་གོའི་གསེར་གྱི་རྟགས་མ་བདུན་པ་དེ་ཡིན་པ་རེད།

 སྐབས24པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་བསྒྲིལ།

ཚེས18ཉིན་ལ། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་འགྲན་ཞུགས་པ་ཀུའུ་ཨེ་ལིན་རང་དབང་ཅན་གྱི་གངས་ཤུད་བུད་མེདuདབྱིབས་ར་བའི་ཐབས་རྩལ་མཇུག་འགྲན་ཁྲོད་དུ་ཞུགས་ནས་གསེར་གྱི་རྟགས་མ་བླངས་ཤིང་། དེ་ནི་ཀྲུང་གོའི་གསེར་གྱི་རྟགས་མ་བརྒྱད་པ་ཡིན་པ་རེད།

 སྐབས24པའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་མཇུག་བསྒྲིལ།

ཚེས19ཉིན་ལ། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་འགྲན་ཞུགས་པ་སུའེ་ཝུན་ཅིན་དང་ཧན་ཚུང་གཉིས་ཀྱིས་གར་རྩེད་འཁྱགས་ཤུད་མི་གཉིས་འདྲེད་ཤུད་ཁྲོད་དུ་གསེར་གྱི་རྟགས་མ་བླངས་ཤིང་། དེ་ནི་ཀྲུང་གོའི་གསེར་གྱི་རྟགས་མ་དགུ་པ་ཡིན་པ་རེད།


  • ལེ་ཚན་སྔོན་མ།:ལི་ཐང་གི་ཉེན་རྟོག་པར་ངོ་སོ་བསྟོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།