དམངས་ལ་ཞབས་འདེགས་ཞུས་ནས་བདེ་བའི་དྲོད་ཁོལ་བསྩལ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-02-23

སྦྲག་སྲིད་གསོག་འཇོག་དངུལ་ཁང་དཀར་མཛེས་ཁུལ་ཡན་ལག་དངུལ་ཁང་གིས་ཤོག་དངུལ་རྫུན་མར་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

“ངས་མང་ཚོགས་ལ་དོན་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཡོང་བ་དང་། སྤྱི་དམངས་ཡོངས་ཀྱིས་ཤོག་དངུལ་རྫུན་མར་ངོ་རྒོལ་བྱེད་པའི་འདུ་ཤེས་དང་དབྱེ་འབྱེད་བྱེད་པའི་ནུས་པ་སྔར་བས་ཆེ་རུ་གཏོང་བའི་ཆེད། ཉེ་ཆར། སྦྲག་སྲིད་གསོག་འཇོག་དངུལ་ཁང་དཀར་མཛེས་ཁུལ་ཡན་ལག་དངུལ་ཁང་གིས་ཁོངས་གཏོགས་དར་མདོ་གྲོང་ཁྱེར་ཉིང་ལག་དངུལ་ཁང་དང་། དར་མདོ་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ལས་གཉེར་ཁང་། ལྕགས་ཟམ་རྫོང་ཉིང་ལག་དངུལ་ཁང་བཅས་སྒྲིག་འཛུགས་བྱས་ཏེ་སོ་སོས་དར་མདོ་གྲོང་ཁྱེར་མདོ་གྲོང་གྲོང་རྡལ་གཡག་རྭ་ཡུལ་ཤོག་དང་ལྕགས་ཟམ་རྫོང་དམར་དམག་ཟམ་པའི་ཐང་ཆེན་དུ“དམངས་ལ་ཞབས་འདེགས་ཞུས་ནས་བདེ་བའི་དྲོད་ཁོལ་བསྩལ”ཞེས་པའི་ཤོག་དངུལ་རྫུན་མར་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།

དྲིལ་བསྒྲགས་བྱེད་སྒོ་སྤེལ་བའི་ཁྲོད་དུ་ལས་དོན་མི་སྣ་གྲོང་ཚོ་དང་དུད་ཚང་ལ་སྐྱོད་པ་དང་། ཚོང་དུད་ལ་བཅར་འདྲི་བྱེད་པ། ཐང་ཆེན་དུ་སྐྱོད་པ་བཅས་བྱས་ནས་མང་ཚོགས་ལ་ཤོག་དངུལ་རྫུན་མར་རྒོལ་བའི་དྲིལ་བསྒྲགས་བྱང་བུ་དང་དངོས་པོ་སྤྲད་པ་དང་། ཤོག་དངུལ་རྫུན་མའི་ཁྱད་ཆོས་འགྲེལ་བཤད་རྒྱག་ཅིང་། ཡུལ་དངོས་ནས་དངུལ་སྒོར་ངོ་མ་བསྟན་ནས་མི་དམངས་ཤོག་སྒོར་གྱི་བདེན་རྫུན་དབྱེ་འབྱེད་བྱེད་ཐབས་ཁྲིད་པ་རེད།

དེ་དང་ཆབས་ཅིག་ཏུ། ལས་དོན་མི་སྣས་རྒྱ་ཆེ་བའི་གྲོང་མི་དང་ཚོང་དུད་ལ་རྒྱུན་གཏན་གྱི་འཚོ་བའི་ཁྲོད་དུ་ཤོག་དངུལ་རྫུན་མར་དོགས་ཟོན་བྱ་དགོས་པ་དང་། ཤོག་དངུལ་རྫུན་མར་འཕྲད་སྐབས་ཐག་གཅོད་བྱེད་སྟངས་དང་ཉེས་གསོག་ཐེར་འདོན་བྱ་ཐབས། དངུལ་ཁང་གིས་བསྡུ་ལེན་བྱེད་སྐབས་ཁེ་དབང་ཇི་ལྟར་བྱས་ནས་སྲུང་སྐྱོང་བྱ་རྒྱུ་སོགས་ཀྱི་སྐོར་ངོ་སྤྲོད་བྱས་པ་རེད།

ཐེངས་འདིའི་དྲིལ་བསྒྲགས་བྱེད་སྒོའི་ཁྲོད་གྲོང་མི་དང་ཚོང་དུད་ལ་དྲིལ་བསྒྲགས་བྱང་བུ་དང་དྲིལ་བསྒྲགས་དངོས་པོ800ལྷག་སྤྲད་ཡོད། བྱེད་སྒོ་དེ་བརྒྱུད་ནས་སྤྱི་དམངས་ཀྱི་ཤོག་དངུལ་རྫུན་མ་སྔོན་འགོག་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་སོང་བ་དང་ཤོག་དངུལ་རྫུན་མ་དབྱེ་འབྱེད་བྱེད་པའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ནས། སྦྲག་སྲིད་གསོག་འཇོག་དངུལ་ཁང་གི་སྙིང་ཉེ་བའི་ཞབས་ཞུ་དང་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པར་གྲོང་མི་དང་ཚོང་དུད་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཁྲེང་ཏུའུ་ལ་ས་གནས་རང་གི་ནད་པ“6+3”གསར་དུ་བྱུང་འདུག
  • ལེ་ཚན་རྗེས་མ།:སེར་ཤུལ་རྫོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།